Tibetan Royal Year of 2151 | Year of the Wood Dragon

༸སྐུའི་གོ་སྟོན་གྱི་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

Tibetan News Headlines

  • India declines China’s request to resume flights after 4 years, says ‘no flights without border peace’
  • Tibetan parliament appoints Passang Tsering as member of the Public Service Commission
  • China named amongst countries with policy or pattern of government-sponsored trafficking
  • Alalamo: Jhola Techung’s ‘Gratitude Song to India’ and Toeshey ‘Dhakpa’

རེས་གཟའ་མིག་དམར། ༢༠༢༤།༠༦།༢༥

  • ས་མཚམས་སུ་ཞི་བདེ་སླར་གསོ་མ་བྱུང་བར་ཕྱོགས་གཉིས་ཀྱི་གནམ་གྲུའི་འགྲུལ་བཞུད་གཙོས་རྒྱུན་ལྡན་གྱི་འབྲེལ་ལམ་བསྐྱར་གསོ་ཐུབ་ཐབས་མེད་པ་གསུངས་འདུག
  • པ་སངས་ཚེ་རིང་ལགས་ལས་བྱེད་འདེམས་ལྷན་གྱི་ཚོགས་མིར་བསྐོ་གཞག
  • རྒྱ་ནག་ནང་དུ་སྲིད་གཞུང་གི་རྒྱབ་སྐྱོར་ཡོད་པའི་མི་ཚོང་ལས་དོན་བྱུང་བཞིན་པ་མངོན་གསལ་གནང་འདུག
  • ཨ་ལ་ལ་མོའི་ལེ་ཚན། ཇོ་ལགས་བཀྲས་ཆུང་ལགས་ཀྱིས་བླངས་པའི་དྲིན་ཆེན་རྒྱ་གར་དང་། དག་པ་ཤེལ་རི་དཀར་པོ།

དེ་རིང་བོད་ཟླ་ ༥ ཚེས ༥ སྟེ་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་ལྟར་དགུང་གྲངས་དགུ་བཅུ་བདག་གིར་བཞེས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་དང་བསྟུན་ནས་༸གོང་ས་མཆོག་༸སྐུ་ཚེ་མི་འཇིགས་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཟུར་པ་དང་། སྨན་རྩིས་ཁང་། སྐུ་སྲུང་ཟུར་པ་བཅས་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་གོ་སྟོན་གྱི་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་སོང་།

HHDL 90th Long life Offering
པར་དབང་། རྒྱལ་བ་རིན་པོ་ཆེ། ངོ་དེབ།

ཐེངས་འདིའི་གོ་སྟོན་བརྟན་བཞུགས་གྱི་ཞབས་རིམ་གསོག་སྒྲུབ་དང་ཚོགས་པ་གསུམ་ནས་༸གོང་ས་མཆོག་སྐུ་ཚེ་ཡུན་དུ་བརྟན་རྒྱུའི་བརྟན་བཞུགས་གྱི་འབུལ་རྫས་འདེགས་འབུལ་ཞུས་གྲུབ་མཚམས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཟིམ་ལམ་དུ་མགོན་པོ་༸གང་ཉིད་མཆོག་གི་མགུལ་ཐོག་ཏུ་དཔལ་ལྡན་ལྷ་མོ་བཞུགས་ནས་དགུང་གྲངས་བརྒྱ་དང་བཅུ་གྲངས་བཞུགས་ཀྱི་རེད་ཅེས་གསུངས་ཡོད་པ་བཀའ་སྩལ་སོང་།

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་ང་ཚོ་སོན་པའི་སྐབས་སུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གང་ཐུབ་ཉམས་བཞེས་གནང་དགོས་པ་དང་། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གཉིས་ལ་ཡག་པོ་བྱེད་དེ་བསམ་བློ་གཏང་ན་ཚོགས་བསགས་སྒྲིབ་བྱང་གི་ཐབས་ཤེས་ཡག་ཤོས་ཤིག་ཡིན་པ་མ་ཟད། བོད་སྤྱི་བ་དང་མི་སྒེར་ལ་དེས་ཕན་གྱི་རེད་ལ་བླ་མ་དགྱེས་པའི་མཆོད་པའང་དེ་ཡིན་པ་བཀའ་སྩལ་སོང་།

HHDL 90th Long life Offering
པར་དབང་། རྒྱལ་བ་རིན་པོ་ཆེ། ངོ་དེབ།

ཐེངས་འདིའི་བརྟན་བཞུགས་བསྟར་འབུལ་ཞུས་གྲུབ་མཚམས་སུ་འདི་ག་གསར་འགོད་པས་གཞུང་ཞབས་ཟུར་པ་དང་སྐུ་བཅར་ཟུར་པ་ཁག་ཅིག་ལ་བཅར་འདྲི་ཞུས་སྐབས་དེ་རིང་ནི་༸གོང་ས་མཆོག་བོད་ལུགས་ལྟར་དགུང་གྲངས་དགུ་བཅུར་ཕེབས་པའི་དུས་ཚིགས་གལ་ཆེན་ཞིག་ཡིན་པ་མ་ཟད། བརྟན་བཞུགས་འདེགས་འབུལ་ཞུས་མཁན་གྱི་ཚན་པ་གསུམ་གྱི་ནང་ནས་གཞུང་ཞབས་ཟུར་པ་རྣམས་འཕགས་པ་སྤྱན་རས་གཟིགས་དང་འབྲེལ་བ་ཡོད་པ་ཞིག་དང་། སྨན་རྩིས་ཁང་ནི་༸སྐུའི་འཕྲོད་བཞེས་ཀྱི་ཐོག་ནས་འབྲེལ་བ་ཡོད་པ། དེ་བཞིན་སྐུ་སྲུང་ཟུར་པ་རྣམས་༸སྐུའི་སྲུང་སྐྱོབ་ཀྱི་ཐོག་ནས་འབྲེལ་བ་ཡོད་སྟབས། ཐེངས་འདིའི་བརྟན་བཞུགས་དེ་བཞིན་དུས་དང་ཚན་པ་གཉིས་ཀྱི་ཐོག་ནས་དམིགས་བསལ་བ་ཞིག་ཡིན་པ་གསུངས་སོང་།

HHDL 90th Long life Offering
པར་དབང་། རྒྱལ་བ་རིན་པོ་ཆེ། ངོ་དེབ།

གཞི་རྩའི་དེ་རིང་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པའི་སྐབས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཟུར་པ་ཁྱོན་ ༥༤༣ ནས་མཉམ་བཞུགས་གནང་འདུག་པར་བརྟན་བཞུགས་ལ་དངོས་སུ་བཅར་མཁན་མི་གྲངས་ ༣༠༠ ཕེབས་ཡོད་པ་དང་། སྐུ་སྲུང་ཟུར་པའི་ཁོངས་ནས་དེ་སྔ་སྤྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་དང་ལྷན་བཅར་ཞུས་པའི་སྐུ་སྲུང་ ༤ དང་། སྤྱི་ལོ་ ༡༩༥༩ ཚུན་ཆད་ཀྱི་སྐུ་སྲུང་བ་ ༢༨༤ དེ་བཞིན་སྨན་རྩིས་ཁང་གི་ལས་བྱེད་དང་ལས་མི། ལས་ཟུར་བཅས་ཁྱོན་མི་གྲངས་ ༥༣༠ ཆེད་བཅར་ཞུས་འདུག་པ་དང་འབྲེལ། ཚོགས་པ་གསུམ་གྱིས་འབུལ་རྫས་སུ་སྟོན་པའི་སྐུ་བརྙན་ ༥༠ དང་། གུ་རུའི་སྐུ་བརྙན་ ༢༥ ། སྒྲོལ་དཀར་གྱི་སྐུ་བརྙན་ ༢༥། སྒྲོལ་ལྗང་གི་སྐུ་བརྙན་ ༢༥ ། གཡུ་ཏོག་ཡོན་ཏན་དགོན་པོའི་སྐུ། སྨན་ལྷ་བདེ་བརྒྱད་ཀྱི་སྐུ་ཐང་། བོད་ནས་པར་བསྐྲུན་ཞུས་པའི་སྨན་རྩིས་རིག་མཛོད། རྣམ་རྒྱལ་མཆོད་རྟེན། རིན་ཆེན་རིལ་བུ་དང་ན་བཟའ་བཅས་འདེགས་འབུལ་ཞུས་ཡོད་པ་རེད།

HHDL 90th Long life Offering
པར་དབང་། རྒྱལ་བ་རིན་པོ་ཆེ། ངོ་དེབ།

འབྲེལ་ཡོད་གསར་གནས།

གསར་གནས།