Tibetan Royal Year of 2151 | Year of the Wood Dragon

སྐད་ཡིག་ཕུན་སུམ་ཚོགས་པའི་བོད་རིགས་ན་གཞོན་བཅུ་ཕྲག་གིས་བོད་དོན་སྐོར་བསྐྱོད་གནང་ན་རྒྱ་གར་གྱི་སྲིད་བྱུས་ལ་འགྱུར་བ་ཐེབས་ངེས་ཡིན་པ་གསུངས་འདུག

Tibetan News Headlines

  • འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་བུ་ཕྲུག་ཐོག་མཉམ་བསྡུས་ཀྱི་ཉེས་ཆད་འགེལ་བཞིན་པ་མངོན་གསལ།
  • སྨར་ཁམས་རྫོང་ནང་རྒྱ་མི་དང་བོད་མི་དབར་འཁྲུག་རྩོད་ཤོར་ནས་བོད་མི་བཞི་འཛིན་བཟུང་བྱས་འདུག
  • འཇར་མ་ནིའི་སྲིད་བློན་མཆོག་གིས་རྒྱ་གཞུང་ལ་དྲང་བདེན་གྱི་ཚོང་ལས་གཉེར་དགོས་ཞེས་ཉེན་བརྡ་བཏང་འདུག
  • བལ་ཡུལ་ལྷ་མོ་ཚོགས་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་འཁྲབ་སྟོན་པ།

Tuesday 16/04/2024

  • China using ‘collective punishment’ against activists’ families: Rights group
  • 4 arrested over protest against seizure of pastureland in Tibet
  • Germany’s Scholz calls for fair competition, warns against dumping during China visit
  • Nepal Tibetan Lhamo Association and its Himalayan artists: Feature

བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་རྒྱ་གར་རྒྱལ་ཡོངས་ས་གནས་ཁག་གཅིག་ལ་སྐོར་བསྐྱོད་གནང་སྟེ་ཁ་ཉིན་འདི་ག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་འདུག་པ་དང་།    ཁ་སང་ཕྱི་དྲོར་སླར་ཡང་ཁོང་གིས་རྒྱ་གར་གྱི་གནད་ཡོད་མི་སྣ་འདུ་འཛོམས་བྱེད་སའི་ India Habitat Centre ཞེས་པའི་རྒྱ་གར་དང་རྒྱལ་སྤྱིའི་ལྟེ་གནས་སུ་ཆགས་པའི་ India Foundation རྒྱ་གར་ཐེབས་རྩ་ཞེས་པར་རྒྱ་གར་གྱི་ཧི་མ་ལ་ཡ་དང་བོད་ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཡོད་པ་རེད། 

Tenzin Tsundue

བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ནི་རྒྱུན་དུ་ནས་མཐོ་རིམ་སློབ་གྲྭ་དང་ཤེས་ལྡན་མི་སྣ་སོགས་ཀྱི་ཁྲོད་བོད་དོན་གྱི་གཏམ་བཤད་གནང་མཁན་ཞིག་ཡིན་པ་མ་ཟད། ད་རེས་ཁོང་གིས་ལོ་སྔོན་མའི་ཕྱི་ཟླ་ ༡༡ གྱི་ཟླ་མཇུག་ནས་ཁ་སང་བར་ཉིན་གྲངས་ ༡༢༠ ལྷག་གི་རིང་སྐོར་བསྐྱོད་གནང་སྟེ།  རྒྱ་གར་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་དང་ཤེས་ལྡན་མི་སྣ་སོགས་སུ་གཏམ་བཤད་གྲངས་ ༨༧ ལྷག་གནང་ཡོད་པ་ལྟར། ཁ་སང་གི་གཏམ་བཤད་དེ་གྲུབ་མཚམས་བསྟན་འཛིན་བརྩོན་འགྲུས་ལགས་སུ་དེ་ལྟ་བུའི་གཏམ་བཤད་བརྒྱུད་བོད་དོན་ལ་དངོས་ཡོད་ཀྱི་ཕན་ཐོགས་གང་ཡོང་གྱི་ཡོད་མེད་བཅར་འདྲི་ཞུས་པར། ཁོང་གིས་གལ་ཏེ་ང་ཚོས་ད་དུང་ཡང་བོད་རིགས་གཞོན་སྐྱེས་བཅུ་ཕྲག་ཅིག་ལ་སྐད་ཡིག་ཚད་ལྡན་གྱི་སྦྱོང་བརྡར་སྤྲད་དེ་རྒྱ་གར་ནང་སྐོར་བསྐྱོད་བྱེད་ཐུབ་པ་ཡིན་ན་ངེས་པར་དུ་རྒྱ་གར་གྱི་བོད་དོན་སྲིད་བྱུས་ལ་འགྱུར་བ་གཏོང་ཐུབ་པའི་གདེང་ཚོད་ཅིག་ཡོང་གི་ཡོད་པའི་འགྲེལ་བརྗོད་གནང་གི་འདུག  

བསྟན་འཛིན་བརྩོན་འགྲུས་ལགས་ཀྱི་རྒྱ་གར་ཧི་མ་ལ་ཡ་དང་བོད་ཅེས་པའི་གཏམ་བཤད་དེའི་ནང་ཁོང་གིས་རང་ཉིད་དངོས་སུ་ཧི་མ་ལ་ཡའི་ས་གནས་ཁག་ཏུ་སྐོར་བསྐྱོད་བྱས་པའི་པར་རིས་གྲངས་ ༨༢ གཟིགས་འབུལ་དང་འབྲེལ།  ཁུལ་དེ་དག་གི་མི་རིགས་ཀྱི་རིག་གཞུང་དང་ཆོས།  ས་ཆའི་གནས་བབ་དང་ལོ་རྒྱུས།  ཡུལ་གོམས་གཤིས་ལུགས་སོགས་ངོ་སྤྲོད་དང་འབྲེལ།  རྒྱ་གར་བ་ཚོས་ལོ་རྒྱུས་དེ་དག་དངོས་སུ་མཐོང་ཐོས་སྐབས་རང་བཞིན་གྱི་བོད་དང་ཐད་ཀར་འབྲེལ་བ་ཡོད་པའི་ཚོར་བ་ཞིག་སྤྲོད་ཐུབ་ཀྱི་ཡོད་པའི་ངོ་སྤྲོད་ཀྱང་གནང་གི་འདུག།   

Tenzin Tsundue

ཁ་སང་གི་གཏམ་བཤད་དེའི་ཁྲོད་རྒྱ་གར་གྱི་གསར་འགོད་པ་དང་། ཐབས་བྱུས་མི་སྣ། སློབ་ཕྲུག་སོགས་མི་གྲངས་ ༥༠ ལྷག་འདུ་འཛོམས་བྱུང་འདུག་པ་དང་། ཕྲན་ནས་ལྷོ་ཀོ་རི་ཡའི་སློབ་ཕྲུག་ HyungJin An ལ་གཏམ་བཤད་ཀྱི་ལས་ཪིམ་དེའི་ཐོག་ནས་གོ་རྟོགས་ག་རེ་བྱུང་མེད་དྲིས་པར།  

སྤྱིར་སྟངས་ང་རང་གི་རྒྱ་གར་དེ་རིག་གཞུང་སྣ་ཚོགས་པའི་རྒྱལ་ཁབ་ཅིག་ཡིན་པ་ཤེས་ཀྱི་ཡོད། འོན་ཀྱང་དེ་རིང་ལ་དྭགས་དང་བོད་སྐོར་གྱི་གནས་ཚུལ་མང་པོ་ཤེས་རྟོགས་བྱུང་བ་དང་པོ་ཡིན། ངོས་རང་ཀོ་རི་ཡ་མི་རིགས་ཤིག་ཡིན། འོན་ཀྱང་རྒྱ་ནག་གཞུང་གི་ངོས་ནས་ང་ཚོའི་མང་གཙོའི་གཞུང་དང་། གཞི་རྩའི་འགྲོ་བ་མིའི་རང་དབང་ཐོག་ཐེ་བྱུས་ཀྱི་ཤུགས་རྐྱེན་ཆེན་པོ་ཞིག་སྤྲོད་ཀྱི་ཡོད་རེད། གཞི་རྩའི་རྒྱལ་ཁབ་ཕན་ཚུན་དབར་ས་མཚམས་སོགས་ཀྱི་དཀའ་ངལ་ཡོད་སྲིད་ཀྱང་། རྒྱ་ནག་གཞུང་གི་ངོས་ནས་ང་ཚོའི་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་དེ་ཚོ་ནི་ཤིན་ཏུ་ནས་ཉན་འཚབ་ཆེ་བའི་དཀའ་ངལ་ཞིག་རེད་འདུག རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་དཀའ་ངལ་དེ་ཚོའི་ཐོག་ནུས་པ་མཉམ་སྤུངས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག              

Tenzin Tsundue

རྒྱལ་ས་ལྡི་ལིར་གོ་སྒྲིག་ཞུས་པའི་ཁ་སང་གཏམ་བཤད་ཀྱི་ལས་རིམ་དེ་ནི་ India Foundation ཞེས་པའི་ཐེབས་རྩ་ནས་གོ་སྒྲིག་ཞུས་པ་ཞིག་དང་། གཏམ་བཤད་ཀྱི་ལས་རིམ་དེའི་མཐའ་མར་ཐེབས་རྩ་དེའི་འགན་འཛིན་དམག་དཔོན་ཟུར་པ་ Maj Gen Dhruv Katoch མཆོག་གིས་གལ་ཏེ་ད་ལྟའི་གནས་སྐབས་རྒྱ་ནག་དང་རྒྱ་གར་དབར་དམག་འཁྲུག་བྱུང་བ་ཡིན་ན།  རྒྱ་ནག་ཕམ་རྒྱུ་ཡིན་པ་ངེས་གཏན་རེད་གསུང་པ་མ་ཟད།  དམག་འཁྲུག་དེ་ཡང་ན་ཧི་མ་ལ་ཡའི་ཕྱོགས་དང་ཡང་ན་མཚོ་དམག་ཐོག་ནས་ཡོང་རྒྱུར་ངེས་པ་ཡིན་སྟབས་ཕྱོགས་གཉིས་ཀའི་ཆ་ནས་རྒྱ་གར་སྟོབས་ཤུགས་ཆེ་བ་ཡོད་པ་སོགས་ཀྱི་འགྲེལ་བརྗོད་ཀྱང་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།