Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་སྲིད་སྐྱོང་ལ་མཇལ་ཁ་སྩལ་བ།

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ནིའུ་ཡོག་མངའ་སྡེའི་བྱང་རྒྱུད་བཞུགས་གནས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་མཇལ་ཁ་སྩལ་འདུག

HHDL-Sikyong
HHDL-Sikyong

དེ་ཡང་ཁ་སང་ཕྱི་ཟླ་ ༧ ཚེས་ ༢༩ ཨ་རིའི་སྔ་དྲོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་མཇལ་ཁ་སྩལ་ཡོད་པ་དང་། མཇལ་ཁ་གྲུབ་མཚམས་སྲིང་སྐྱོང་མཆོག་གིས་ངོ་དེབ་ཐོག་མགོན་པོ་༸གང་ཉིད་མཆོག་ལ་འཚམས་ཞུ་མཇལ་བཅར་གྱི་སྐལ་བཟང་ཐོབ་ཡོད་ཅིང་། ༸སྐུ་ཁམས་དྭངས་སྐྱེད་བདེ་བླག་ངང་ཡོང་བཞིན་འདུག་ཅེས་གསུངས་འདུག

རྩ་བའི་ཟླ་བ་སྔོན་མའི་ཚེས་ ༢༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཞབས་པུས་གཤགས་བཅོས་ཀྱིས་སྨན་བཅོས་ལེགས་གྲུབ་བྱུང་ཡོད་པ་དང་། ད་ལྟའི་ཆར་ནིའུ་ཡོག་མངའ་སྡེའི་བྱང་རྒྱུད་དུ་སྐུ་ངལ་གསོ་བཞུགས་མཛད་མུས་ཡིན་ཞིང་། དཔལ་ལྡན་དགའ་ལྡན་ཕོ་བྲང་དང་སྐུའི་བླ་སྨན་པ་རྣམ་པས་དུས་དུས་སུ་མགོན་པོ་༸གང་ཉིད་མཆོག་གི་སྐུའི་ཞབས་པུས་དྭངས་སྐྱེད་དང་འབྲེལ་བའི་གསལ་བསྒྲགས་སྤེལ་ཡོད་པའི་ཁྲོད། འདི་ཚེས་ ༢༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་གཤགས་བཅོས་ཀྱི་རྨ་ཁ་སྐུ་ངལ་གང་ཡང་མེད་པར་དྭངས་སྐྱེད་མྱུར་ཚད་འདི་བཞིན་བློ་ཁ་ཚིམ་པ་ཞིག་འོང་གི་འདུག་ཅེས་གསུངས་ཡོད་པ་རེད།

ལྷག་པར་འདི་ཚེས་ ༢༠ ཉིན་ཁེ་ན་ཌའི་གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་ཁང་དུ་སྲིད་སྐྱོང་སྤེན་པ་ཚེ་རིང་དབུ་བཞུགས་ཐོག་ཨ་རིའི་བོད་དོན་ཁྲིམས་ཡིག་དང་། ཁེ་ན་ཌའི་གྲོས་ཚོགས་འོག་མས་བོད་མིར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ངོས་འཛིན་གྱི་གྲོས་ཆོད་གཏན་འབེབས་གནང་བའི་དགའ་སྟོན་གྱི་མཛད་སྒོའི་ཐོག་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས་ཀྱིས་གསུང་བཤད་གནང་བའི་ཁྲོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལོ་ ༧ རྗེས་སུ་ཨ་རིར་ཞབས་སོར་བདེ་བར་འཁོད་པའི་དུས་སྐབས་དང་བསྟུན་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཐུན་མོང་གི་རེ་འདུན་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་གསོལ་འདེབས་ཞུས་པར་དཔལ་ལྡན་དགའ་ལྡན་ཕོ་བྲང་ནས་ཞལ་བཞེས་ཐོབ་ཡོད་ཀྱང་དུས་ཚོད་གཏན་འཁེལ་བྱུང་མཚམས་གསལ་བསྒྲགས་སྤེལ་རྒྱུའི་ཡིན་ཞེས་གསུངས་བ་བཞིན། ད་ལྟའི་ཆར་ཨ་རི་དང་ཁེ་ན་ཌའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ནས་སོ་སོའི་ཁྱབ་ཁོངས་དད་ལྡན་མི་མང་རྣམས་ལ་མཎྜལ་དང་། བརྟན་བཞུགས་ཆེད་མཐུན་འགྱུར་རྒྱ་གང་ཆེ་གནང་སྐྱོང་ཡོང་བའི་གསལ་བསྒྲགས་ཀྱིས་གྲ་སྒྲིག་གནང་བཞིན་ཡོད་པ་རེད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཁ་སང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་མ་ཞུས་གོང་འདིའི་ཚེས་ ༨ ནས་ ༡༦ བར་ལ་དྭགས་གླེ་བྱང་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་གནང་ཡོད་པ་དང་། དེའི་རྗེས་སུ་ཁེ་ན་ཌར་ཕེབས། དེ་ནས་འདི་ཚེས་ ༢༥ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་ཁང་ཞིག་ཏུ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཟུང་སྦྲེལ་གྱི་གོ་སྒྲིག་འོག་བོད་དོན་ཁྲིམས་ཡིག་སླད་སྐུ་ལས་སྐྱོན་མཁན་གྱི་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་ལྷན་ཞུགས་གནང་ཡོད་པ་མ་ཟད། ཨ་རིའི་མ་ཊི་སོན་དང་། ཝིས་ཀོན་སིན། མི་ཎི་སོ་ཊ། ཅི་ཀ་སྒོར་བཅས་ལ་འཚམས་གཟིགས་ཕེབས་ཡོད་པ་རེད།

གཞི་རྩའི་ད་ལྟའི་ཆར་༸གོང་ས་མཆོག་རྒྱ་གར་དུ་ནམ་ཆིབས་བསྒྱུར་མཛད་རྒྱུའི་ཐད་མཛད་ཆར་ཡོངས་གྲགས་གནང་མེད་པ་དེ་ལྟར་ཡང་། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲ་ཚིགས་ཐོག་དེ་སྔོན་ཐུགས་གཏན་ཁེལ་བའི་མཛད་འཆར་ཁག་ཅིག་ལ་འགྱུར་བ་གང་ཡང་མེད་པར་རང་སོར་འཇོག་འདུག དེ་ཡང་ཕྱི་ཟླ་ ༩ ཚེས་ ༡༢ དང་ ༡༣ བཅས་ཉིན་གཉིས་རིང་ལྷོ་ཤར་ཨེ་ཤི་ཡའི་དད་ལྡན་མང་ཚོགས་ལ་ཆོས་འབྲེལ་དང་། དེ་ཚེས་ ༡༨ ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་ཀྱི་རྒྱལ་ས་ལྷ་སའི་མཐུན་གྲོགས་རྫོང་ཁག དེ་བཞིན་ཌལ་ཧོར་སློབ་ཟུར་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་མ་ཟད། ཕྱི་ཟླ་ ༩ ཚེས་ ༣༠ དང་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ལ་སྤྱོད་འཇུག་ཆེན་མོའི་ལེའུ་བརྒྱད་པའི་ཆོས་འབྲེལ་དང་ཚེས་ ༢ ཉིན་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་བཀོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།