Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་རྒྱལ་ས་ལྡི་ལིར་བོད་ཀྱི་དུས་སྟོན་དབུ་འབྱེད་གནང་སོང་།

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ India International Centre འམ་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་ Spirit of Tibet འམ་བོད་ཀྱི་བླ་སྲོག་ཅེས་པའི་བརྗོད་གཞིའི་ཐོག་བོད་ཀྱི་ཆོས་དང་རིག་གཞུང་སྒྱུ་རྩལ་སོགས་ཀྱི་དུས་སྟོན་དབུ་འཛུགས་གནང་ཡོད་པ་དང་འབྲེལ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་དུས་སྟོན་དེ་དངོས་སུ་དབུ་འབྱེད་གནང་ཡོད་པ་རེད།

དེ་རིང་ཕྱི་ཚེས་ ༣ ནས་ཚེས་ ༥ བར་ཉིན་གྲངས་གསུམ་རིང་གི་བོད་ཀྱི་དུས་སྟོན་དེའི་ནང་བོད་ཀྱི་ནང་ཆོས་ངོ་སྤྲོད་ཀྱི་བགྲོ་གླེང་དང་སྒོམ་སྒྲུབ།    དཀྱིལ་འཁོར་བཞེངས་བསྐྲུན།   བོད་མིའི་འཚོ་བའི་རྟེན་གཞི་དང་འབྲེལ་བའི་རུམ་གདན་དང་འཐག་ལས།    བོད་ཀྱི་གསོ་བ་རིག་པའི་སྨན་དང་རྩིས་ཀྱི་རིག་གནས།  དེ་བཞིན་སྐུ་ཐང་དང་རྡོ་བརྐོས་ལ་སོགས་པའི་འགྲེམས་སྟོན་སྣ་ཚོགས་ཤིག་ཡོད་པ་མ་ཟད།   ད་དུང་གློག་བརྙན་གཟིགས་འབུལ་དང་།    བོད་ཀྱི་ད་ལྟའི་ཆབ་སྲིད་གནས་བབ་ཐོག་མཁས་པའི་བགྲོ་གླེང་སོགས་གོ་སྒྲིག་ཞུས་འདུག

དེ་རིང་དུས་སྟོན་གྱི་ཉིན་དང་པོའི་དབུ་འབྱེད་ཀྱི་བགྲོ་གླེང་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། གཞན་ཡང་རྒྱ་གར་གྱི་མཁས་པ་ཁག་གཅིག་ནས་བོད་ཀྱི་འདས་མ་ད་གསུམ་གྱི་གནས་སྟངས་དང་རྒྱ་གར་གྱི་འོས་བབ་ཅེས་པའི་འརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་པ་དང་།   སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིར་མཚོན་ན་རྒྱ་གར་དེ་བོད་པའི་ཆོས་དང་ཡིག་གཟུགས་ཀྱི་འབྱུང་ཁུངས་ཡིན་པ་མ་ཟད།  བོད་མི་ཚོས་འཕགས་པའི་ཡུལ་ཞེས་འབོད་པའི་རྒྱ་གར་གཞུང་མང་ངོས་ནས་བོད་ཀྱི་རྩ་ཆེའི་རིག་གཞུང་དེ་དག་མི་ཉམས་རྒྱུན་འཛིན་ཐུབ་པའི་མཐུན་འགྱུར་ལ་བཀྲིན་རྗེས་དྲན་ཞུས་སོང་། ལྷག་པར་ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་བོད་དོན་བདེན་མཐའ་སེལ་བའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་དམིགས་བསལ་འགྱུར་བ་གང་ཡང་མེད་ཀྱང་།   འཐབ་བྱུས་ཀྱི་ཐོག་ནས་རྒྱལ་སྤྱིའི་ནང་བོད་མིའི་མངོན་འདོད་སྒྲུབ་ཐབས་སུ་འབད་བརྩོན་ཕྱོགས་གང་ས་ནས་ཞུ་བཞིན་ཡོད་པ་སོགས་ཀྱི་གསུང་བཤད་གནང་སོང་།

སྐབས་དེའི་བགྲོ་གླེང་ཐོག་རྒྱ་གར་གྱི་གཞུང་ཚབ་ཕྱག་ལས་གནང་མྱོང་མཁན་དང་། དེང་སྐབས་རྩོམ་འབྲི་གནང་མཁན་སྐུ་ཞབས་ Dilip Sinha མཆོག་ནས།   དུས་རབས་བཅུ་དགུ་དང་ཉི་ཤུའི་ནང་སྐབས་དེའི་སྟོབས་ཆེན་རྒྱལ་ཁབ་ཨུ་རུ་སུ་དང་།  དབྱིན་ཇིས་སོགས་ཀྱིས་སྲིད་བྱུས་འཛིན་ཕྱོགས་བརྒྱུད་བོད་ལ་རྐྱེན་ངན་བྱུང་ཡོད་པ་དང་།  རྐྱེན་ངན་དེ་ཡང་བོད་ཀྱི་གནས་བབ་ཇི་བཞིན་གོ་རྟོགས་མེད་པར་བྱུང་ཡོད་སྟབས།  རྒྱ་གར་གཞུང་མང་ངོས་ནས་བོད་ཀྱི་དངོས་ཡོད་གནས་སྟངས་ཤེས་རྟོགས་དགོས་གལ་ཆེན་པོ་ཆགས་ཡོད་པའི་སྐོར་སོགས་གསུངས་ཡོད།

Spirit of Tibet འམ་བོད་ཀྱི་བླ་སྲོག་ཅེས་པའི་དུས་སྟོན་དབུ་འབྱེད་ཀྱི་གཏམ་བཤད་ལས་རིམ་ཐོག་ད་དུང་།   རྒྱ་གར་གྱི་དམག་དཔོན་ཟུར་པ་ Vinod Bhatia མཆོག་གིས།    རྒྱ་ནག་ཕྱོགས་ནས་བོད་དང་རྒྱ་གར་དབར་གྱི་ས་མཚམས་ངོས་འཛིན་དེ་ཁྲིམས་མཐུན་བཟོ་ཐབས་བྱེད་བཞིན་པའི་སྐོར་གསུངས་པ་མ་ཟད།   རྒྱ་ནག་སྲིད་གཞུང་གྱི་བོད་ཙམ་མ་ཟད་རྒྱལ་ཁབ་གཞན་ཁག་མང་པོ་ཞིག་ལ་བཙན་འཛུལ་རྒྱ་སྐྱེད་ཀྱི་སྲིད་བྱུས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་དོགས་ཟོན་བྱེད་དགོས་པ་སོགས་ཉེན་བརྡ་བཏང་སོང་།

སྐབས་དེར་བོད་རིག་པའི་མཁས་དབང་སྐུ་ཞབས་ Claude Arpi མཆོག་གིས་ཀྱང་།   McMahon Line ཞེས་པའི་ས་ཐིག་དེ་ནི་རྒྱ་གར་དང་བོད་དབར་གྱི་ཁྲིམས་མཐུན་ས་མཚམས་དེ་ཡིན་པ་དང་།   རྒྱ་ནག་གཞུང་གི་ངོས་ནས་བོད་དང་རྒྱ་གར་གྱི་ས་མཚམས་ཁག་ཏུ་ས་ཆའི་མིང་བསྒྱུར་བྱེད་བཞིན་པའི་སྲིད་བྱུས་ཁག་ལ་རྒྱ་གར་མང་ཚོགས་ཀྱིས་དོ་སྣང་དེ་ཙམ་མེད་པ་མ་ཟད།   ལྷག་པར་གསར་འགྱུར་བརྒྱུད་ལམ་སོགས་ཀྱི་ནང་རྒྱ་གར་དང་བོད་ཀྱི་ས་མཚམས་ཞེས་བརྗོད་པའི་ཚབ་ཏུ་རྒྱ་ནག་དང་རྒྱ་གར་གྱི་ས་མཚམས་ཞེས་བརྗོད་ན།   མ་འོངས་པར་བོད་པའི་གཡག་ཟེར་རྒྱུའི་ཚབ་ཏུ་རྒྱ་ནག་གི་གཡག་ཟེར་བའི་དུས་ཚོད་ཅིག་ཆགས་སྲིད་པའི་ཉེན་བརྡ་ཡང་བཏང་སོང་།

རྒྱ་གར་གྱི་རྒྱལ་ས་དི་ལླིར་འཚོགས་བཞིན་པའི་ཉིན་གྲངས་གསུམ་རིང་གི་བོད་ཀྱི་དུས་སྟོན་དབུ་འབྱེད་བགྲོ་གླེང་གི་གཙོ་སྐྱོང་དེ་ Jindal རྒྱལ་སྤྱིའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ Dr. Sreeram Chaulia ལགས་ཀྱིས་གནང་ཡོད་པ་དང་།    ཉིན་དང་པོའི་བོད་ཀྱི་དུས་སྟོན་དེའི་ཆ་ཤས་སུ་དེ་རིང་ཕྱི་དྲོ་ད་དུང་དམིགས་བསལ་མགྲོན་འབོད་ཞུས་པའི་སྐུ་མགྲོན་ཁག་གཅིག་ལ་བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་རིག་གཞུང་འཁྲབ་སྟོན་ཞིག་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག

འབྲེལ་ཡོད་གསར་གནས།

གསར་གནས།