Tibetan Royal Year of 2151 | Year of the Wood Dragon

བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་གཙོ་གཞོན་པར་ཁྲིམས་སྒྲིག་འགལ་བའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་བཞིན་པ།

Tibetan News Headlines

  • HHDL gives audience to devotees of Dipankara Buddhist Centre
  • Taiwan’s new president takes office, calls on China to cease hostile actions
  • Tibetan delegation attends Lai Ching-te’s swearing-in ceremony, meets newly re-established parliamentary group for Tibet
  • US urges China to immediately account for Panchen Rinpoche’s whereabouts and well-being
  • Is the Panchen Lama alive or dead? Tashi Lhunpo’s Deputy Abbot speaks at FCCC

རེས་གཟའ་ཟླ་བ། ༢༠༢༤།༠༥།༢༠

  • སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ནི་སྟོན་པའི་བསླབ་བྱ་གཙོ་བོ་དེ་ཡིན་པ་བཀའ་བསྩལ་འདུག
  • ཐེ་ཝན་མི་མང་གི་རང་ཐག་རང་གཅོད་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་དང་རྒྱ་གཞུང་ལ་དྲག་པོའི་འཇིགས་སྐུལ་མཚམས་འཇོག་དགོས་པའི་སྐུལ་འདེབས།
  • ཐེ་ཝན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ལྷན་ཞུགས།
  • ཨ་རི་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང་སྐུ་ཁམས་བདེ་ཐང་ཡིན་མིན་གསལ་བཏོན་དགོས་པའི་ཞུ་སྐུལ།
  • ༸པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་པ་སོགས་དོན་ཚན་ལྔ་ཅན་གྱི་རེ་འབོད།

ཁ་ཉིན་ཕྱི་ཚེས་ ༢༩ ཉིན་རྒྱ་ནག་གཞུང་འབྲེལ་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་དབུས་སྒྲིག་ཁྲིམས་ལྟ་ཞིབ་ལྷན་ཁང་དང་རྒྱལ་ཡོངས་ལྟ་ཞིབ་ལྷན་ཁང་གཉིས་ནས་བོད་རང་སྐྱོང་ལྗོངས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་འགོ་གཙོ་གཞོན་པ་ཝང་ཡུང་གིས་དམར་ཚོགས་པའི་ཁྲིམས་སྒྲིག་འགལ་བའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་བཞིན་ཡོད་པ་བརྗོད་འདུག

རྒྱ་ནག་གཞུང་འབྲེལ་གནས་ཚུལ་ཁག་ཏུ་ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༤ པའི་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གཞུང་གི་འགོ་ཁྲིད་གཞོན་པར་བསྐོ་གཞག་བྱས་པའི་ཝང་ཡུང་ལ་ཁྲིམས་སྒྲིག་འགལ་བའི་ཞིབ་བཤེར་བྱེད་བཞིན་ཡོད་པ་ལས་ཁོ་པས་ཁྲིམས་སྒྲིག་འགལ་ལུགས་སོགས་ཞིབ་ཁྲའི་གནས་ཚུལ་གང་ཡང་བཀོད་མེད་པ་རེད།

གནད་དོན་དེ་དང་འབྲེལ་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་གི་ཏང་སྲིད་དམག་གསུམ་གྱི་དབང་ཆ་བཟུང་བ་ནས་ལྐོག་ཟ་རུལ་བསུང་འགོག་རྒོལ་གྱི་མིང་བྱང་འོག་རྒྱ་ནག་དབུས་དང་ཞིང་ཆེན་ཁག་གི་དཔོན་རིགས་ཆེ་འབྲིང་ཆུང་གསུམ་མང་དག་ཅིག་ལས་གནས་ནས་ཕྱིར་འབུད་དང་བཙོན་འཇུག་བཅས་ཀྱི་ཉེས་ཆད་བཀལ་བའི་གནས་ཚུལ་རིམ་པ་ཐོན་པའི་ཁྲོད། འདས་པའི་ལོ་དུས་ནང་ཞི་ཅིན་ཕིང་གིས་ཉེ་འབྲེལ་ཕྱོགས་གཏོགས་རྒྱ་ནག་གི་ཕྱི་སྲིད་དང་རྒྱལ་སྲུང་བློན་ཆེན་གཉིས་ཡང་གར་སོང་ཆ་མེད་དུ་གྱུར་རྗེས་ལས་གནས་ནས་གནས་དབྱུང་བཏང་ཡོད་པ་མ་ཟད། ལྷག་པར་སྔ་ལོར་རྒྱ་ནག་གི་སྲིད་བློན་ཟུར་པ་ལི་ཁེ་ཆང་དུས་མིན་རྐྱེན་འདས་ཀྱི་གནས་ཚུལ་བཅས་ལ་གཞིགས་ཏེ། གནད་དོན་དབྱེ་ཞིབ་པའི་ཁྲོད་ནས་དེང་སྐབས་རྒྱ་ནག་ནང་དེ་སྔོན་ཨུ་རུ་སུའི་དམར་པོའི་འགོ་ཁྲིད་ Stalin གིས་དབང་ཆ་ས་བརྟན་བཟོ་བའི་སྲིད་བྱུས་ལག་བསྟར་ལྟ་བུ་འབྱུང་བཞིན་པ་གསུང་མཁན་ཡོད།

གཞན་ཡང་ཉེ་ལམ་བོད་རང་སྐྱོང་ལྗོངས་ཆབ་སྲིད་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་གཞོན་པ་ཟུར་པ་ཅང་ཇའེ་ཡིས་སྒྲིག་གཞི་དང་ཁྲིམས་ལུགས་འགལ་བའི་ཉེས་པ་ཚབས་ཆེན་བྱས་པར་ཞིབ་བཤེར་བརྒྱུད། དམར་ཤོག་ཚོགས་པ་དང་གཞུང་ཞབས་ནས་ཕྱིར་འབུད་བཏང་པའི་ཐོག་ཞིབ་དཔྱོད་ཚན་པ་ནས་ཁྲིམས་ཐོག་གྱོད་གཏུག་བྱ་རྒྱུ་ཡིན་པ་བརྗོད་འདུག དེ་བཞིན་དེ་སྔ་ཕྱི་ལོ་ ༢༠༢༢ ལོར་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོགས་ཚོགས་པའི་ཚོགས་མི་དང་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་གཞོན་པ་ཀྲང་ཡུང་ཛཱ་ཡིས་ལྐོག་རྔན་བླངས་པ་དང་། སྒྲིག་ཁྲིམས་འགལ་བའི་ལས་དོན་མང་དག་ཅིག་སྤེལ་བའི་ཉེས་འཛུགས་འོག་དམར་ཤོག་ཚོགས་པ་དང་གཞུང་ཞབས་ནས་གནས་དབྱུང་བཏང་སྟེ་ཁྲིམས་ལུགས་ལྟར་གྱོད་གཏུག་ཞིབ་བཤེར་བྱ་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།