Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གཞུང་གིས་བོད་ནང་ལྟ་སྲུང་དམ་བསྒྲགས་ཆེན་པོ་བྱེད་བཞིན་པ་ཐེར་འདོན། 

Tibetan News Headlines

  • Beijing’s goal is to turn young Tibetans Chinese : Sikyong Penpa Tsering
  • Tibetan rights group condemns China’s collective punishments of Tibetan human rights defenders’ families
  • Hungary and China sign strategic cooperation agreement during visit by Chinese President Xi
  • US Select Committee on CCP begins investigation into Georgia Tech’s partnership with China’s affiliate university
  • Diaspora feature: Yeshi Thaye, hairdresser in Odisha Phuntsokling Settlement

རེས་གཟའ་པ་སངས། ༢༠༢༤།༠༥། ༡༠

  • བོད་ཕྲུག་ཀྲུང་གོ་ཅན་དུ་བསྒྱུར་ཐབས་བྱ་རྒྱུ་ནི་རྒྱ་ནག་གི་དམིགས་ཡུལ་གཙོ་བོ་དེ་རེད་ཅེས་གསུངས་འདུག
  • རྒྱ་གཞུང་གིས་བོད་ནང་བོད་མི་ཚོར་མཉམ་བསྡུས་ཀྱི་ཉེས་ཆད་འཕྲལ་མར་མཚམས་འཇོག་དགོས་པ་གསུངས་སོང་།
  • རྒྱ་ནག་དང་ Hungary གཉིས་དབར་ཚོང་འབྲེལ་གོང་འཕེལ་གཏང་རྒྱུའི་གྲོས་མཐུན་བཞག་འདུག
  • Georgia Tech མཐོ་སློབ་དང་རྒྱ་དམག་དབར་འབྲེལ་བ་ཡོད་མེད་ཀྱི་ཞིབ་འཇུག་འགོ་འཛུགས།
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། ཨོ་རི་ས་ཕུན་ཚོགས་གླིང་དུ་གནས་སྡོད་སྐྲ་བཟོ་བ་ཡེ་ཤེས་མཐའ་ཡས།

ཨ་རིའི་རྒྱལ་ས་ Washington D.C. ནང་འཚོགས་བཞིན་པའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཐོག་རྒྱ་ནག་གཞུང་གིས་རྒྱ་ནག་སྤྱི་དང་། ལྷག་པར་དུ་བོད་ནང་ཐབས་བྱུས་སྣ་ཚོགས་ཐོག་ལྟ་སྲུང་དམ་བསྒྲགས་ཤུགས་ཆེར་བྱེད་བཞིན་པ་ཐེར་འདོན་གནང་འདུག

རྩ་བའི་ཁ་སང་དབུ་འཛུགས་གནང་པའི་ཕྱི་ལོ་ ༢༠༢༤ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཐོག་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས་དང་ཡུ་གུར་ལས་འགུལ་ཚོགས་པ་གསར་འཛུགས་གནང་མཁན་ Rushan Abbas ལགས། རྒྱལ་ཚོགས་ཀྱི་ཆོས་དད་རང་དབང་ཚན་པའི་དམིགས་བསལ་སྐུ་ཚབ་ Nazila Ghanea ལགས་བཅས་ནས་རྒྱ་ནག་གཞུང་གིས་ལྟ་སྲུང་ལས་དོན་སྐོར་གསུང་བཤད་དང་ཚོགས་བཅར་བའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་སོགས་གནང་ཡོད་པ་རེད།

སྐབས་དེར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་ཀྱིས་ཨ་རིའི་རང་དབང་ཁང་པའི་སྙན་ཐོ་ནང་བོད་འདི་རྒྱལ་སྤྱིའི་ཁྲོད་ཆེས་རང་དབང་ཞན་པའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་ཞུས་ཡོད་པ་ལྟར། རྒྱ་ནག་གཞུང་གིས་དམ་བསྒྲགས་སྲིད་བྱུས་འོག་ད་ལྟའི་ཆར་བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཐུབ་རྒྱུའང་ཁག་པོ་ཆགས་ཡོད་པ་གསུངས་འདུག

ལྷག་པར་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་པ་ནས་བཟུང་ལོ་ངོ་ ༦༠ ལྷག་འགྲོ་བཞིན་པའི་བརྒྱུད་རིམ་ཁྲོད་འཛུགས་བསྐྲུན་སོགས་ལ་ཁ་གཡར་ཏེ་བོད་ནང་ལས་གཞི་སྣ་ཚོགས་ཤིག་ལག་བསྟར་བྱས་ཡོད་ཀྱང་བོད་མིའི་ཆོས་སེམས་འགྱུར་བ་དང་བློ་བཀུག་རྩ་བ་ནས་ཐུབ་མེད་པ་འགྲེལ་བརྗོད་དང་སྦྲགས། འདས་པའི་ལོ་དུས་མང་པོའི་རིང་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་མེད་པར་བཟོ་རྒྱུ་སོགས་ལ་དམིགས་ཏེ་བོད་ནང་ལྟ་སྲུང་དམ་བསྒྲགས་ཀྱི་ལས་གཞི་རྒྱ་ཆེར་སྤེལ་བཞིན་ཡོད་པ་རེད་ཅེས་ནན་བརྗོད་གནང་འདུག

མ་ཟད་རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༡ ཙམ་ནས་བོད་ནང་དྲག་གནོན་དང་ལྟ་སྲུང་དམ་བསྒྲགས་ལ་དམིགས་པའི་འཛུགས་བསྐྲུན་གྱི་ལས་གཞི་རྒྱ་ཆེར་སྤེལ་ཡོད་ཅིང་། ལྷག་དོན་དྲ་རྒྱ་དང་དེང་དུས་ཀྱི་འཕྲུལ་ཆས་རིགས་བེད་སྤྱད་དེ་བོད་ནང་གི་དངོས་ཡོད་གནས་ཚུལ་སྦས་གསང་བྱེད་བཞིན་ཡོད་པ་སོགས་ཐེར་འདོན་གནང་འདུག

དེ་བཞིན་ཡུ་གུར་བ་ Rushan Abbas ལགས་ཀྱིས་རྒྱ་གཞུང་གིས་ལྟ་སྲུང་དམ་བསྒྲགས་རྐྱེན་པས་ཡུ་གུར་ནང་མི་རིགས་རྩ་མེད་གཏོང་བཞིན་པའི་བྱ་སྤྱོད་རྣམས་རྒྱལ་སྤྱིའི་མང་ཚོགས་ནས་ཤེས་རྟོགས་ཐུབ་རྒྱུ་ཁག་པོ་ཆགས་ཡོད་པ་སོགས་འགྲེལ་བརྗོད་གནང་འདུག་པ་མ་ཟད། རྒྱལ་ཚོགས་ཀྱི་སྐུ་ཚབ་ Nazila Ghanea ལགས་ཀྱིས་རྒྱལ་ཚོགས་ཀྱི་ལས་དོན་གནང་ཕྱོགས་སོགས་ངོ་སྤྲོད་དང་སྦྲགས། སྲིད་གཞུང་གང་འདྲ་ཞིག་ཡིན་ཡང་ཆོས་དང་འདུ་འཛོམས། སྨྲ་བརྗོད་རང་དབང་སོགས་འགྲོ་བ་མིའི་གཞི་རྩའི་རང་དབང་ཁག་ལ་བརྩི་སྲུང་དང་སྲུང་སྐྱོབ་བྱ་རྒྱུའི་ལས་འགན་ཡོད་པ་རེད་ཅེས་གསུངས་འདུག

གཞི་རྩའི་ཁ་སང་དབུ་འཛུགས་གནང་པའི་ཕྱི་ལོ་ ༢༠༢༤ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལྷན་ཚོགས་དེ་ཉིད་དེ་རིང་བར་ཉིན་གྲངས་གཉིས་རིང་ཚོགས་ཀྱི་ཡོད་པ་དང་། ལྷན་ཚོགས་དེའི་ཐོག་ཨ་རིས་གཙོས་པའི་རྒྱལ་སྤྱིའི་གནད་ཡོད་མི་སྣ་ཁག་གིས་ཆོས་དད་གཙོས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་ཐོག་གསུང་བཤད་དང་གྲོས་བསྡུར་སྦྱང་བཤད་གནང་གི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།