Tibetan Royal Year of 2151 | Year of the Wood Dragon

ཕྱི་ཕྱོགས་སུ་པར་རིས་དང་བརྙན་སོགས་སྐུར་འདུག་ཟེར་བའི་ནག་ཉེས་འོག་དབྱངས་མཚོ་ལགས་འཛིན་བཟུང་།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

དེང་སྐབས་བོད་ཀྱི་ལོ་གསར་སྲུང་བརྩི་དང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བ་དང་བསྟུན་རྒྱ་གཞུང་གིས་བོད་མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་དམ་བསྒྲགས་དང་ལག་ཐོག་ཁ་པར་བཅས་ལ་ཞིབ་བཤེར་སྔར་གྱོ་ལས་དོན་སྔར་ལྷག་སྤེལ་བཞིན་ཡོད་པ་ལྟར་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོངས་ལྗོངས་ཁུལ་གྱི་གཞིས་ཀ་རྩེ་གྲོང་ཁྱེར་ནས་ཡིན་པ་རང་ལོ་ ༢༣ སོན་པའི་བུ་མོ་དབྱངས་མཚོ་ལགས་ཀྱིས་བོད་ནང་གི་པར་རིས་དང་བརྙན་སོགས་ཕྱི་ཕྱོགས་སུ་བསྒྱུད་སྐུལ་བྱས་འདུག་ཟེར་བའི་ནག་ཉེས་གཡོགས་ཏེ་ཁོང་འཛིན་བཟུང་བྱས་འདུག

ཕྱི་ཟླ་ ༣ ཚེས་ ༢ ཉིན་བོད་ནང་གི་སྔ་དྲོ་ཆུ་ཚོད་ ༨ ཡས་མས་ཙམ་ལ་གཞིས་ཀ་རྩེ་ནས་ཡིན་པའི་རྣམ་གླིང་རྫོང་རྒྱ་མཚོ་ཡུལ་ཚོ་ནས་ཡིན་པ་བོད་པའི་བུ་མོ་དབྱངས་མཚོ་ལགས་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་འདུག་སྟབས་ད་ཆ་ཁོང་ཉེན་རྟོག་ཁང་དུ་བཀག་ཉར་བྱས་ཡོད་པ་རེད།

གནས་ཚུལ་མཁོ་སྤྲོད་པས་གསུངས་པར་རྒྱ་གཞུང་ས་གནས་ཉེན་རྟོག་པས་དབྱངས་མཚོ་ལགས་ཀྱི་ལག་ཐོག་ཁ་པར་སྔོག་བཤེར་བྱས་སྐབས་ཁོང་གིས་ཕྱི་ཕྱོགས་སུ་པར་རིས་སྐུར་འདུག་ཟེར་ནས་འཛིན་བཟུང་བྱས་ཡོད་པ་མ་ཚད་པར་ཁོང་གི་ནང་མི་ཚོ་དང་ཐུག་འཕྲད་གཙོས་འབྲེལ་གཏུག་རྩ་བ་ནས་བྱེད་བཅུག་མེད་སྐོར་གསུངས་ཡོད།  

གཞི་རྩའི་རང་ལོ་ ༢༣ སོན་པའི་བུ་མོ་དབྱངས་མཚོ་ལགས་ཆུང་དུས་སྐབས་ནས་ཁོང་གི་ཡབ་འདས་གྲོངས་སུ་གྱུར་རྐྱེན་སློབ་གྲྭར་སློབ་གཉེར་གནང་རྒྱུའི་གོ་སྐབས་ཐོབ་མེད་པ་དང་། ནང་མི་དང་རང་གི་འཚོ་བའི་ཆེད་དུ་གཞིས་རྩེ་གྲོང་ཁྱེར་གྱི་གངས་རི་ཟ་ཁང་དུ་ཕྱག་ལས་གནང་བཞིན་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།