Tibetan Royal Year of 2151 | Year of the Wood Dragon

དམར་ཤོག་ཚོགས་པའི་ཚོགས་ཆེན་གཉིས་པོའི་ཐོག་རྒྱ་ནག་གི་རྒྱལ་སྲུང་འགྲོ་གྲོན་བརྒྱ་ཆ་ ༧་༢ མང་དུ་བཏང་འདུག

Tibetan News Headlines

  • Tibetan delegation embark on an official visit to Taiwan
  • Sikyong Penpa Tsering begins final leg of his Europe visit to France
  • Chinese undercover agent breaks silence on espionage operations, including information gathering on Tibetans
  • UK Religious Freedom Envoy hears testimonies about threat to freedom of religion and belief from Tibetans and other minorities
  • Tibetan student topper dedicates accomplishment to the Dalai Lama as he reaches 90
  • 29th Gyalyum Chenmo in begins in Hunsur with the host beating Odisha Phuntsokling 2-0

རེས་གཟའ་ཕུར་བུ། ༢༠༢༤།༠༥།༡༦

  • བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།
  • སྲིད་སྐྱོང་མཆོག་ཧྥ་རན་སིར་ཉིན་གསུམ་རིང་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་རིགས་སོ་མྱུལ་བ་ཞིག་གིས་རྒྱ་ནག་གཞུང་གིས་ཨོ་གླིང་གཙོས་རྒྱལ་སྤྱིའི་ཁྲོད་སྤེལ་བཞིན་པའི་བྱ་སྤྱོད་ཐེར་འདོན།
  • དབྱིན་ཡུལ་ནང་དུ་ཆོས་དད་རང་དབང་ཐོག་གྲོས་བསྡུར་ལས་རིམ་ཞིག་འཚོགས་གནང་འདུག
  • རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བདག་གིས་བཞེས་པར་ཕྱག་རྟགས་ཡིན།
  • རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་རྕེད་འགྲན་ཐེངས་ ༢༩  དབུ་འཛུགས།

ཕྱི་ཟླ་ ༣ ཚེས་ ༤ དང་ ༥ བཅས་སོ་སོར་འགོ་འཛུགས་བྱས་པའི་རྒྱ་ནག་གི་ལོ་འཁོར་ཚོགས་འདུ་ཆེན་མོ་གཉིས་ཀྱི་ཐོག་རྒྱ་ནག་གི་རྒྱལ་སྲུང་འགྲོ་གྲོན་སྔར་ལས་བརྒྱ་ཆ་ ༧་༢ མང་དུ་བཏང་བ་དང་དཔལ་འབྱོར་ཡར་རྒྱས་ཀྱི་དམིགས་ཚད་བརྒྱ་ཆ་ ༥ ལས་མེད་པར་ཚོད་དཔག་གནང་བ་ལས་ཉུང་བ་ཡོད་པ་རེད་འདུག

ཟླ་བ་འདིའི་ཚེས་ ༤ དང་ ༥ བཅས་ཉིན་གཉིས་ལ་རྒྱ་ནག་ནང་དུ་རྒྱལ་ཡོངས་མི་དམངས་སྲིད་གྲོས་ཚོགས་འདུ་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཞེས་ལོ་ལྟར་ཚོགས་སྲོལ་ཡོད་པའི་རྒྱ་ནག་གཞུང་གི་ཚོགས་འདུ་གནད་ཆེ་གཉིས་པོ་འགོ་ཚུགས་པ་དང་། སྐབས་བཅུ་བཞི་པའི་དམར་ཤོག་ཚོགས་པའི་གཞུང་འཛིན་ནམ་ཞི་ཅིན་ཕིང་གི་ལས་ཡུན་གསུམ་པའི་གཞུང་འཛིན་གསར་པའི་འོག་གི་ཚོགས་ཆེན་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་སྟབས་འཛམ་གླིང་རྒྱལ་ཁབ་ཚང་མས་དོ་སྣང་ཆེན་པོ་བྱ་ཡུལ་ཞིག་ཀྱང་ཆགས་གྱུར་ཡོད། ཁ་སང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་ཚོགས་འདུ་དེ་དང་འབྲེལ་བའི་གནས་ཚུལ་སྤེལ་བའི་ནང་ཚོགས་འདུའི་སྒོ་བྱེད་དང་བསྟུན། རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གིས་ལས་བསྡོམས་སྙན་གྲོན་ཞུས་པར་ཕྱི་ལོ་ ༢༠༢༣ ལོ་ནང་དུ་རྒྱ་ནག་ཁྱོན་གྱི་དཔལ་འབྱོར་ཡར་རྒྱས་ཀྱི་དམིགས་ཚད་འདི་བརྒྱ་ཆ་ ༥ བཞག་ཡོད་པ་དང་སྔ་ལོ་ལས་བརྒྱ་ཆ་ཕྱེད་ཀ་ཉུང་བ་ཆགས་འདུག

ཚོགས་འདུ་ཐོག་ཕྱི་ལོ་ ༢༠༢༣ ལོའི་སྔོན་རྩིས་སྙན་ཐོ་འགོད་འབུལ་ཞུས་པར་རྒྱལ་སྲུང་གི་འགྲོ་གྲོན་བརྒྱ་ཆ་ ༧་༢ བྱས་ནས་མང་དུ་བཏང་ཡོད་པ་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་མགྲིན་ཚབ་པ་ཝང་དབྱང་གིས་རྒྱ་ནག་དེ་སྟོབས་ཆེན་རྒྱལ་ཁབ་ཞིག་ཡིན་སྟབས་བདེ་སྲུང་གི་གནད་དོན་མགོ་རྙོག་མང་དག་ཅིག་ཡོད་པས་དེར་གདོང་ལེན་བྱེད་དགོས་པའི་ཆ་ནས་སྤར་ཆ་དེ་ལྟར་བྱས་ཡོད་ཅེས་བཤད་འདུག

རྩ་བའི་ལོ་ལྟར་ཚོགས་བཅར་བ་ ༣༠༠༠ ཡས་མས་མཉམ་ཞུགས་བྱས་ནས་ཚོགས་སྲོལ་ཡོད་པའི་རྒྱ་ནག་གི་ཚོགས་ཆེན་དེ་དག་གཉིས་པོའི་ཐོག་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ཞིང་ཆེན་དང་ས་ཁུལ་ཚང་མའི་སྐུ་ཚབ་བཅས་མཉམ་ཞུགས་བྱེད་ཀྱི་ཡོད་པ་དེ་ལྟར་ཡང་། ཁོང་རྣམས་ལ་གོང་རིམ་ནས་གང་བཤད་པར་རྒྱབ་སྐྱོར་ཞུ་རྒྱུ་མ་གཏོགས། རྒྱ་ནག་དམར་ཤོག་ཚོགས་པའི་ལས་དོན་བྱེད་ཕྱོགས་དང་སྲིད་བྱུས་འཛིན་ཕྱོགས། དེ་བཞིན་རང་རང་སོ་སོའི་ས་གནས་ཀྱི་གནས་སྟངས་དང་འབྲེལ་བའི་དགོངས་འཆར་ཞུ་རྒྱུ་སོགས་ཀྱི་དབང་ཚད་གང་ཡང་མེད་པ་ལྟར་ཚོགས་འདུ་དེ་དག་ལ་ཡོངས་གྲགས་སུ་ Rubber Stamp འམ་འགྱིག་གི་ཐམ་ཀ་ཞེས་བཤད་སྲོལ་ཡོད་པ་རེད། ཐེངས་འདིའི་ཚོགས་འདུ་ཐོག་ཁྱོན་ཚོགས་བཅར་བ་ ༢༩༧༧ ནས་མཉམ་ཞུགས་བྱས་ཡོད་པའི་ཁྲོད། བོད་རིགས་ཡིན་ཟེར་བ་མི་ ༣༣ ནས་མཉམ་ཞུགས་བྱེད་ཀྱི་མེད་པ་དང་། དེའང་ཚོགས་བཅར་བ་ཁྱོན་གྱི་བརྒྱ་ཆ་ ༡་༡༠ མ་གཏོགས་ཆགས་ཀྱི་མེད་པ་རེད་འདུག

ཐེངས་འདིའི་ཚོགས་འདུ་ཐོག་ལས་བསྡོམས་བསྐྱར་ཞིབ་དང་སྔོན་རྩིས་གཏན་འབེབས་སོགས་ཀྱི་ལས་དོན་སྣ་མང་ཞིག་ཡོད་པའི་ཁོངས་ནས་གནད་དོན་གལ་ཆེ་ཤོས་གཅིག་ནི་ཞི་ཅིན་ཕིང་གི་ལས་ཡུན་གསུམ་པའི་གཞུང་འཛིན་གསར་པའི་འགོ་ཁྲིད་མི་སྣ་འོས་བསྡུ་དང་བསྐོ་གཞག་ཐག་གཅོད་བྱེད་རྒྱུ་དེ་ ཆགས་ཀྱི་ཡོད་པ་དང་། དེ་མིན་རིམས་ནད་དང་དཔལ་འབྱོར་སླར་གསོ། ཐེ་ཝན་སོགས་ཀྱི་གནད་དོན་ཡང་འདུག

བོད་དང་རྒྱ་ནག་དབྱེ་ཞིབ་པ་དང་། ཨ་རི་སྐུ་ཚབ་དོན་ཁང་གི་བོད་རིག་སྤྱི་མཐུན་ཚོགས་པའི་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་ཀྱིས་རྒྱ་ནག་གི་ཚོགས་ཆེན་གཉིས་དང་འབྲེལ་བའི་དཔྱད་ཞིབ་གནང་བའི་བརྙན་ཐུང་ཞིག་འདོན་སྤེལ་གནང་བར་ལོ་ལྟར་ཚོགས་སྲོལ་ཡོད་པའི་རྒྱ་ནག་གི་ཚོགས་འདུ་གཉིས་ཀྱི་བརྒྱུད་རིམ་ནང་བོད་ལྗོངས་ཚོགས་ཆུང་གི་ཚོགས་འདུ་ཞེས་པ་ཞིག་ཚོགས་ཀྱི་ཡོད་པ་དང་། དེའི་ཐོག་རྒྱ་ནག་དབུས་གཞུང་གི་སྐུ་ཚབ་ནས་གཏམ་བཤད་བྱེད་ཀྱི་ཡོད་པ་ལྟར། གཏམ་བཤད་དེ་དག་གི་བརྒྱུད་ནས་བོད་ནང་དུ་སྲིད་བྱུས་ཇི་ལྟར་འཛིན་འཆར་ཡོད་པ་ཤེས་རྟོགས་ཐུབ་རྒྱུ་ཡིན་པར་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།