Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་༸གོང་ས་མཆོག་ལ་མཇལ་ཁ་ཞུས་པ།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དེ་རིང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་མཇལ་ཁ་ཞུས་སོང་།

དེ་རིང་ཕྱི་ཟླ་ ༣ ཚེས་ ༦ ཉིན་གྱི་སྔ་དྲོ་ཚོུད་ ༧་༤༠ ཡོལ་ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་མཇལ་ཁ་ཞུས་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་ཉེ་ཆར་དབྱིན་ཡུལ་དང་ཨ་རི། ཁེ་ན་ཌ་བཅས་སུ་གཞུང་འབྲེལ་འཚམས་གཟིགས་ཕེབས་སྐབས་ཀྱི་གནས་ཚུལ་གཙོ་གནད་ཆེ་ཁག་སྙན་གསན་ཞུས་པ་དང་སྦྲགས་ཏེ། དེ་དག་ཐོག་བཀའ་སློབ་ལམ་སྟོན་ཞུས་ཡོད་པ་རེད་འདུག  

གསར་འགོད་པས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་མཇལ་ཁ་ཞུ་བའི་གལ་གནད་དང་འབྲེལ་ཏེ་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་རྒྱུན་ལྡན་ལྟར་མགོན་པོ་༸གང་ཉིད་མཆོག་ལ་ཕྱི་རྒྱལ་ཁག་ལ་གཞུང་འབྲེལ་ཕྱོགས་སྐྱོད་གནང་སྐབས་ཀྱི་གནས་ཚུལ་གཙོ་ཆེ་ཁག་སྙན་གསན་ཞུ་སྲོལ་ཡོད་པ་ལྟར་དེ་དེ་བཞིན་ཞུས་ཡོད་པ་མ་ཟད། དེ་དག་ཐོག་བཀའ་སློབ་ལམ་སྟོན་ངེས་ཞུ་དགོས་རིགས་ལ་ལམ་སྟོན་ཞུས་ཡོད་ཅེས་གསུངས་སོང་།

གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ཟླ་ ༡ ཚེས་ ༢༩ ཉིན་རྒྱབ་ནས་ཕྱི་ཟླ་ ༢ ཚེས་ ༡༧ བར་གཞུང་འབྲེལ་ཕྱོགས་ཕེབས་གནང་སྟེ་ཐོག་མར་ཨིན་ཡུལ་རྒྱལ་ས་ London དང་ཨ་རིའི་རྒྱལ་ས་གཙོས་པའི་གྲོང་ཁྱེར་ཆེ་ཁག་ལྔ་དང་། དེ་བཞིན་ཁེ་ན་ཌའི་གྲོང་ཁྱེར་ཆེ་ཁག་གསུམ་ནང་གཞུང་འབྲེལ་ཕྱོགས་སྐྱོད་གནང་ཡོད།

སྲིད་སྐྱོང་མཆོག་གིས་ཐེངས་དེའི་ཕྱོགས་སྐྱོད་སྐབས་དབྱིན་ཡུལ་དུ་གྲགས་ཆེ་བའི་ Oxford Union དུ་བོད་དོན་དང་འབྲེལ་བའི་གསུང་བཤད་དང་མི་སྣ་མཇལ་འཕྲད་སོགས་གནང་བ་དང་། དེ་རྗེས་ཨ་རིའི་རྒྱལ་ས་ Washington DC ནང་ལ་ཕེབས་ནས་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་དང་གྲོས་ཚོགས་འཐུས་མི་ཁག་གཅིག དེ་བཞིན་ཨ་རིའི་གཞུང་གི་རོགས་ཚོགས་སོགས་དང་ལྷན་བོད་དོན་ཞུག་གཏུགས་གནང་ཡོད་ལ། ཕྱོགས་བསྐྱོད་དེའི་སྐབས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་སླར་ཡང་འདོན་འཇོག་གནང་ཡོད་པ་རེད།

སྲིད་སྐྱོང་མཆོག་དེ་རྗེས་ཨ་རིའི་ཀོ་ལ་རེ་ཌོ་དང་ཡུ་ཊཱ། སྤོཊ་ལེནཌ་དང་སི་ཡ་ཊལ། དེ་བཞིན་ཁེ་ན་ཌའི་ཝེན་ཁུའུ་ཝར་དང་ཝི་ཊོ་རི་ཡ་ཨ་ཡིས་ལན་ཌི། ཨལ་བར་ཊ་བཅས་སུ་ཕེབས་ཏེ་བོད་རིགས་མང་ཚོགས་དང་ལྷག་པར་གཞོན་སྐྱེས། ས་གནས་གཟའ་མཇུག་སློབ་གྲྭའི་སློབ་ཕྲུག་བཅས་ལ་ཐུག་འཕྲད་སོགས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།