Tibetan Royal Year of 2151 | Year of the Wood Dragon

ཐེ་ཝན་དུ་གོམ་བགྲོད་ལས་འགུལ་བརྒྱུད་གསུམ་བཅུའི་དུས་དྲན་སྲུང་བརྩི།

Tibetan News Headlines

  • བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མངོན་རྒྱུ་མེད་པ་མངོན་གསལ།
  • མགོན་པོ་སྐྱིད་ལགས་ཀྱིས་མུ་མཐུད་རྡོ་རྗེ་བཀྲིས་ཆེད་ཞུ་འབོད་གནང་བར་རྒྱ་གཞུང་ཉེན་རྟོག་པས་གཅར་རྡུང་།
  • རྒྱ་གཞུང་གིས་ཏོག་དབྱིབས་གཉན་རིམས་གྱི་འབྱུང་ཁུངས་རྩད་གཅོད་ཀྱི་ལས་དོན་ལ་ད་ལྟའང་འགོག་རྐྱེན་བཟོ་བཞིན་པ་མངོན་གསལ།
  • ཁ་སང་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པ་མཇུག་སྒྲིལ་སོང་།
  • རྒྱལ་སྲས་དད་པ་བརྟན་པའི་ལྷ་གཞུང་ངོ་སྤྲོད།
  • འཇར་མ་ནི་ནང་རྒྱ་ནག་ཆེད་དུ་གསང་ཉུལ་བྱས་པའི་དོགས་གཞི་འོག་མི་སྣ་ཁག་གཅིག་འཛིན་བཟུང་བྱས་འདུག

Tuesday 23/04/2024

  • No significant changes in the rights situation in Tibet: US report
  • Blinken must raise Tibet, Panchen Lama on China trip: Tibet advocacy group
  • Chinese authorities assaults Gonpo Kyi ; phone broken amid call for brother’s fair retrial
  • China froze Covid -19 origin tracing; pattern continues to this day: AP investigation
  • 27th Shoton festival ends with a call from Sikyong to intensify efforts to preserve Opera tradition
  • Introduction to Opera ‘Prince Dhepa Tenpa’
  • Germany and Britain detain suspected Chinese spies

ཁ་སང་ཕྱི་ཚེས་ ༥ ཉིན་ཐེ་ཝན་གྱི་རྒྱལ་སར་ཚོགས་པ་ཁག་ ༡༨ མཉམ་རུབ་ཐོག་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་གསུམ་བཅུ་དུས་དྲན་བསླེབ་ལ་ཉེ་བའི་མཚམས་སུ་གོམ་བགྲོད་ཀྱི་ལས་འགུལ་སྤེལ་འདུག

གསུམ་བཅུ་དུས་དྲན་གོམ་བགྲོད་ཀྱི་ལས་འགུལ་དེ་ནི་ཐེ་ཝན་བོད་རིགས་ཚོགས་པ་དང་ཐེ་ཝན་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོས་ཐེ་ཝན་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ ༡༨ མཉམ་རུབ་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། ལས་འགུལ་ཐོག་ཐེ་ཝན་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན། ཁུལ་དེའི་ས་གནས་གྲོས་ཚོགས་འཐུས་མི། ཐེ་ཝན་བོད་ཀྱི་སྐུ་ཚབས་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས། དེ་བཞིན་ས་གནས་བོད་རིགས་མི་མང་གཙོས་པའི་ཐེ་ཝན་པ་དང་ཡུ་གུར། ཧོང་ཀོང་བ་སོགས་མི་གྲངས་ ༡༠༠ ལྷག་གིས་བོད་ལ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་ཞེས་གོམ་བགྲོད་ཀྱི་ལས་འགུལ་ལ་ལྷན་ཞུགས་གནང་འདུག

འདི་ག་རླུང་འཕྲིན་ཁང་ནས་ཐེ་ཝན་བོད་རིགས་ཚོགས་པའི་ཚོགས་གཙོ་བོད་དོན་ལས་འགུལ་བ་བཀྲ་ཤིས་ཚེ་རིང་ལགས་སུ་བཅར་འདྲི་ཞུས་སྐབས་ཁོང་གིས་ཐེ་ཝན་ནང་གསུམ་བཅུ་དུས་དྲན་གྱི་ལས་འགུལ་དེ་ཕྱི་ལོ་ ༢༠༠༤ ལོར་ཐོག་མ་སྤེལ་གནང་བ་ཞིག་ཡིན་པར་འགྲེལ་བརྗོད་དང་འབྲེལ། ལོ་ལྟར་གསུམ་བཅུ་དུས་དྲན་གོང་གི་ཟླ་བ་གཅིག་སྔོན་ཚུད་ནས་བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་གོ་སྒྲིག་འོག་རེས་གཟའ་ལྷག་པ་འཆར་ཅན་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་སྤེལ་གནང་གི་ཡོད་པ་དང་། ཐེངས་འདིའི་ཕྱི་ཚེས་ ༥ ཉིན་གསུམ་བཅུ་དུས་དྲན་གོམ་བགྲོད་ཀྱི་ལས་འགུལ་དེ་ཡང་དེ་ལྟར་གཅིག་མཚུངས་ཡིན་པ་འགྲེལ་བརྗོད་གནང་སོང་། དེང་གི་ཆར་སྔར་དང་མི་འདྲ་བའི་ཐེ་ཝན་ནང་དུ་བོད་གཙོས་པའི་ཤིན་ཅང་དང་ཧོང་ཀོང་སོགས་ཀྱི་ལས་འགུལ་ནམ་ཡིན་ལ་རྒྱ་ནག་གིས་ལྐོག་གསོ་བྱེད་པའི་མི་འགས་ལས་འགུལ་སྤེལ་སྐབས་དཀའ་ངལ་བཟོ་བཞིན་ཡོད་པ་འགྲེལ་བརྗོད་གནང་སོང་།

ད་དུང་ཁོང་གིས་གཞིས་བཞུགས་བོད་མི་རྣམས་ནས་རྒྱ་དམར་གྱི་གདུག་རྩུབ་འོག་གདོང་ལེན་རིམ་པ་གནང་བཞིན་ཡོད་པའི་ཁར་རང་དབང་མང་གཙོ་རྒྱལ་ཁབ་ནང་ཡོད་པའི་བཙན་བྱོལ་བོད་མི་སྤྱི་དང་ལྷག་པར་དུ་བོད་རིགས་གཞོས་སྐྱེས་རྣམས་ལ་ལས་འགན་ཆེན་པོ་ཡོད་པ་འགྲེལ་བརྗོད་དང་འབྲེལ། ཐེངས་འདིའི་གསུམ་བཅུ་དུས་དྲན་གོམ་བགྲོད་ཀྱི་ལས་འགུལ་ཐོག་མཉམ་ཞུགས་གནང་མཁན་ཐེ་ཝན་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཚོགས་གཞོན་རྣམ་པས་བོད་དོན་བདེན་མཐའ་གསལ་རྒྱུ་དང་། དེ་བཞིན་བོད་གཙོས་པའི་ཤིན་ཅང་དང་ཧོང་ཀོང་སོགས་རྒྱ་དམར་གྱི་བཙན་གནོན་མནར་གཅོད་འོག་མྱོང་བཞིན་པའི་མི་རིགས་རྣམས་ཀྱི་ཆེད་དུ་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ཀྱི་གསུང་བཤད་གནང་ཡོད་པ་རེད།

ལས་འགུལ་དེ་ཉིད་མ་སྤེལ་གོང་ཟླ་བ་འདིའི་ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༩༌༣༠ ཐོག་ཐེ་ཝན་ Zhongzheng རྫོང་ནང་རྟེན་གཞི་བྱས་པའི་ཐེ་ཝན་གྲོས་ཚོགས་ཀྱི་མདུན་དུ་ཁུལ་དེའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་། སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས། དེ་བཞིན་ཐེ་ཝན་བོད་རིགས་ཚོགས་པ་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབས་རྣམ་པ་བཅས་ལྷན་ཞུགས་ཐོག་བསླེབ་ལ་ཉེ་བའི་བོད་མིས་རང་དབང་སྒེར་ལངས་ཀྱི་ཉིན་མོ་གསུམ་བཅུ་དུས་དྲན་དང་འབྲེལ་བོད་གཙོས་པའི་རྒྱ་དམར་གྱི་གདུག་རྩུབ་འོག་མྱངས་དང་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཆེད་ཕྱི་ཚེས་ ༥ ཉིན་དེ་འབྲེལ་གོམ་བགྲོད་ཀྱི་ལས་འགུལ་ཐོག་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཡོད་པ་རེད།

གསར་འགོད་གསལ་བསྒྲགས་དེའི་ཐོག་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཐེ་ཝན་མི་མང་རྣམས་ཀྱིས་རྒྱ་གཞུང་གི་གདུག་རྩུབ་འོག་མྱོང་བཞིན་པའི་མི་རིགས་དེ་དག་ལས་སློབ་གསོ་ངེས་པར་དུ་བཞེས་དགོས་སྐོར་འགྲེལ་བརྗོད་དང་འབྲེལ། ཐེ་ཝན་དེ་ཉིད་མིག་དཔེར་འོས་པའི་མང་གཙོའི་རྒྱལ་ཁབ་ཚད་ལྡན་ཞིག་ཡིན་པར་བརྟེན། བོད་དང་ཤིན་ཅང་། དེ་བཞིན་ཧོང་ཀོང་སོགས་ཀྱི་གནས་སྟངས་ལྟར་མ་ཆགས་པར་འབད་དགོས་པར་གསུངས་འདུག་པ་མ་ཟད། རྒྱ་གཞུང་གིས་ཕྱི་ལོ་ ༡༩༥༡ ལོར་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་དེ་བཞིན་ལག་བསྟར་ལས་ལྡོག་ཏེ་བོད་ཀྱི་ཆོས་དང་རིག་གཞུང་སོགས་རྩ་མེད་རྡོག་རོལ་དང་ཆབས་ཅིག རྒྱལ་ཚོགས་ཀྱི་སེམས་འཚབ་མངོན་གསལ་གནང་བའི་བོད་ཕྲུག་བྱིས་པ་རྣམས་རང་ཁྱིམ་ནས་བཙན་གྱིས་བཅའ་སྡོད་སློབ་གྲྭར་བཅུག་གི་ཡོད་པའི་གནད་དོན་རྣམས་ནན་བརྗོད་བརྒྱུད་རྒྱ་གཞུང་གིས་བོད་རྒྱ་བསྒྱུར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་བསྐྱར་ནན་གནང་འདུག ལྷག་པར་དུ་ཕྱི་ལོ་ ༡༩༩༧ ལོར་དབྱིན་ཡུལ་གཞུང་གིས་ཧོང་ཀོང་དེ་ཉིད་རྒྱ་གཞུང་ལ་རྩིས་སྤྲོད་བྱས་པ་ནས་ཁུལ་དེའི་རང་དབང་མང་གཙོ་ལ་དམ་བསྒྲགས་ཆེན་པོ་བྱེད་བཞིན་ཡོད་པ་གསུངས་འདུག

གཞི་རྩའི་ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་མི་མང་གིས་མ་སྐུལ་དང་བླངས་ཐོག་རྒྱ་དམར་ལ་ཞི་བའི་སྒེར་ལངས་གནང་ཏེ། ད་ཆ་མི་ལོ་ ༦༤ འཁོར་བའི་དུས་དྲན་ཞིག་ཆགས་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།