Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་དབུ་བཞུགས་ཐོག་འགན་ཁུར་སྣེ་ཁྲིད་དང་བདེ་སྐྱིད་ཅེས་པའི་ལྷན་ཚོགས་དབུ་འཛུགས།

Tibetan News Headlines

  • US lawmakers pledges support for Taiwan with bipartisan visit
  • Rising Waters Transform the Tibetan Plateau Into an Unpredictable Future
  • ‘TAR’ assures better efficiency of processing documents for foreign visitors entering the region
  • ALALAMO: Sad Song Of Whirled Tears by recently arrested Tibetan singer Gegjom Dorjee

རེས་གཟའ་མིག་དམར། ༢༠༢༤།༠༥།༢༨

  • ཨ་རིའི་གྲོས་ཚོགས་འཐུས་མི་ཁག་གཅིག་ཐེ་ལྦན་དུ་ཕེབས་འབྱོར་བྱུང་འདུག
  • བོད་མཐོ་སྒང་གི་ཆུ་ཚད་འཕར་བཞིན་པས་འབྱུང་འགྱུར་ཁོར་ཡུག་གི་གནས་སྟངས་ལ་སྔོན་དཔགས་མི་ཐུབ་པ་གསུངས་འདུག
  • རྒྱ་གཞུང་གིས་བོད་ནང་དུ་ཕྱིའི་རྒྱལ་ཁབ་ཀྱི་ཡུལ་སྐོར་བ་བསླེབ་རྒྱུའི་ལས་དོན་ལས་སླ་རུ་གཏང་འཆར་ཡོད་པ་བརྗོད་འདུག
  • ཨ་ལ་ལ་མོའི་ལེ་ཚན། གླུ་བ་བགེགས་འཇོམས་རྡོ་རྗེ་ལགས་ཀྱིས་བླངས་པའི་སྐྱོ་གླུ་མཆི་མ་དགུ་འཁྱིལ།

དེ་རིང་ཟླ་ ༣ ཚེས་ ༢༣ ཉིན་གྱི་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་རྒྱལ་སྤྱིའི་ཐོག་སྙན་གྲགས་ཆེ་བའི་ཨ་རིའི་ Harvard གཙུག་ལག་སློབ་གཉེར་ཁང་གི་འགོ་ཁྲིད་དང་བདེ་སྐྱིད་སློབ་གསོའི་སློབ་དཔོན་སྐུ་ཞབས་ Arthur Brooks ལགས་ཀྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་གི་ཡང་དག་པའི་དབུ་ཁྲིད་དང་བདེ་སྐྱིད་ཅེས་པའི་ལྷན་ཚོགས་དབུ་འཛུགས་མཛད་པ་དང་སྦྲགས། དེ་རིང་ནས་གཙུག་ལག་སློབ་ཁང་དེར་ Happiness laboratory ཞེས་བདེ་སྐྱིད་བརྟག་དཔྱད་ཁང་ཞིག་དབུ་འཛུགས་གནང་ཡོད།  

ཧར་ཝཌ་གཙུག་ལག་སློབ་གཉེར་ཁང་གི་འགོ་ཁྲིད་དང་བདེ་སྐྱིད་སློབ་གསོའི་སློབ་དཔོན་སྐུ་ཞབས་ Arthur Brooks ལགས་ཀྱིས་གཙོ་སྐྱོང་གནང་བའི་ཐོག་ནས་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་རིང་ཚོགས་ཀྱི་ཡོད་པ་དང་། མཛད་རིམ་གྱི་ཐོག་མར་སྐུ་ཞབས་ Arthur Brooks ལགས་ཀྱིས་དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ Harvard གཙུག་ལག་སློབ་གཉེར་ཁང་དུ་བདེ་སྐྱིད་ཀྱི་བརྟག་དཔྱད་ཁང་གསར་པ་ཞིག་དབུ་འཛུགས་གནང་གི་ཡོད་པར་སྙན་སེང་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་ལམ་སྟོན་མཛད་པར་བརྟེན་ནས་དེ་ལྟར་བྱུང་བར་ཆེ་བསྟོད་ཞུས་ཡོད། ལས་གཞི་དེ་ནི་དེ་སྔ་ལོ་བཅུའི་གོང་ལ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་དང་སློབ་མ་ཁག་གཅིག་བཞུགས་སྒར་དུ་ཆེད་བཅར་ཞུས་ཏེ་༸གོང་ས་མཆོག་ལ་བདེ་སྐྱིད་ཀྱི་རིག་པའི་སྐོར་ལ་བཀའ་འདྲི་དགོངས་སྐོར་ཞུས་སྐབས་མགོན་པོ་༸གང་ཉིད་མཆོག་གིས་དེར་བཀའ་ལན་སྩལ་ཡོད་པ་ལྟར་ཁོང་རྣམས་ཀྱིས་ད་ཆ་ཚན་རིག་ནང་ལག་བསྟར་གནང་བཞིན་པ་མ་ཚད་པར་ད་ལྟའི་ལས་གཞི་གསར་པ་དེ་ཉིད་གསར་འཛུགས་དང་དེ་འབྲེལ་ཉམས་ཞིབ་ཁག་དབུ་འཛུགས་གནང་བར་ཕན་ཐོགས་ཆེན་པོ་བྱུང་ཞེས་གསུངས་འདུག

སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་བཅར་བ་ཡོངས་ལ་ང་ཚོའི་ཕྱིའི་ལུས་པོའི་གནས་སྟངས་དེ་གཙོ་བོ་ནང་སེམས་ལ་བརྟེན་དགོས་པ་དང་ཇི་ཙམ་གྱིས་སེམས་ལ་ཞི་བདེ་ཡོད་པ་དེ་ཚོད་ཀྱིས་ལུས་བདེ་ཐང་ཡོང་བར་ཁྱད་པར་ཡོད་པ་ཚན་རིག་གི་གྲུབ་དོན་སྐོར་ལ་བཀའ་སློབ་སྩལ་བ་དང་སྦྲགས། ང་ཚོ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་སེམས་རྒྱུད་ལ་བྱམས་སྙིང་རྗེ་ལྡན་པ་ཞིག་གནང་གལ་ཡིན་པར་བཀའ་སྩལ་འདུག

ཨ་རིའི་ Harvard གཙུག་ལག་སློབ་གཉེར་ཁང་ནས་ཕེབས་པའི་སྐུ་ཞབས་ Arthur Brooks ལགས་དང་། Atlantic དུས་དེབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐུ་ཞབས་ Jeffrey Goldberg ལགས་རྣམ་གཉིས་ཀྱིས་དབུས་པའི་སློབ་དཔོན་དང་སློབ་མ་ཁག་ཅིག་བཞུགས་སྒར་དུ་ཕེབས་པ་དང་བསྟུན་དེ་རིང་ཉིན་རྒྱབ་ཏུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འཚམས་གཟིགས་གནང་ཡོད།

 རླུང་འཕྲིན་ཁང་གིས་གཙུག་ལག་སློབ་གཉེར་ཁང་གིས་སློབ་དཔོན་སྐུ་ཞབས་ Arthur Brooks ལགས་སུ་བཅར་འདྲི་ཞུས་པར་ཁོང་རྣམས་བཞུགས་སྒར་དུ་༸གོང་ས་མཆོག་དང་ལྷན་དུ་ཡང་དག་པའི་དབུ་ཁྲིད་དང་བདེ་སྐྱིད་ཅེས་པའི་ལྷན་ཚོགས་དང་འབྲེལ་ནས་ཆེད་བཅར་ཀྱིས་བཀའ་འདྲི་དགོངས་སྐོར་ཞུ་ཕྱིར་ཡིན་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ཐུགས་བསྐྱེད་ཆེན་པོ་བཞི་དང་ལྷག་དོན་ནུབ་ཕྱོགས་པའི་ཚན་རིག་པ་དང་འབྲེལ་ལམ་ཇི་ལྟར་བྱུང་ཚུལ་སོགས་བཀའ་སྩལ་མཛད་སོང་ཞེས་ངོ་སྤྲོད་གནང་ཡོད། པར་གྱི་བདག་དབང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་དང་སྤྱི་ལྷན།

འབྲེལ་ཡོད་གསར་གནས།

གསར་གནས།