Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་ཡུལ་མིའི་ལས་འགན་ཐུབ་ཆེད་སླར་ཡང་དཔྱ་དངུལ་ཆག་ཡང་གིས་གོ་སྐབས་གནང་སོང་།

Tibetan News Headlines

  • Dalai Lama meets with Estonian parliamentarians and Tibet support group delegation
  • International community calls China to provide evidence of Panchen Lama’s whereabouts and wellbeing
  • Its solely a pilgrimage and religious visit: Sakya Gongma Trichen rinpoche on recent visit to Bhutan
  • Tibetan spiritual leader grants an audience to 200 devotees from Nepal
  • Xi Jinping tells Antony Blinken US should avoid ‘vicious competition’ with China
  • US jails Chinese man who threatened student activist
  • Diaspora feature: Yeshi Thaye, hairdresser in Odisha Phuntsokling Settlement

རེས་གཟའ་པ་སངས། ༢༠༢༤།༠༤།༢༦

  • ༸གོང་ས་མཆོག་གིས་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་མཇལ་ཁ་སྩལ་བ།
  • རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་ལ་༸པཎ་ཆེན་རིན་པོ་ཆེ་གར་ཡོད་ཕྱིར་བསྒྲགས་དགོས་པའི་ནན་སྐུལ་གནང་འདུག
  • འབྲུག་ཡུལ་དུ་ཆིབས་བསྒྱུར་མཛད་པ་ནི་ཆོས་ཕྱོགས་ཀྱི་ལས་དོན་ཁོ་ནའི་ཆེད་དུ་ཡིན་པ་བཀའ་བསྩལ་སོང་།
  • ༸གོང་ས་མཆོག་གིས་བལ་པོའི་མི་སེར་༢༠༠ བརྒལ་བ་ལ་མཇལ་ཁ་སྩལ་བ།
  • ཞི་ཅིན་ཕིང་གིས་ཨ་རྒྱ་གཉིས་མཐུན་གྲོགས་ལས་ཁ་གཏད་བྱ་མི་རུང་ཞེས་བརྗོད་འདུག
  • མང་གཙོའི་ལས་འགུལ་བ་ཞིག་ལ་འཇིགས་སྐུལ་བྱས་རྐྱེན་རྒྱའི་སློབ་མ་ཞིག་ལ་ཁྲིམས་ཐག་བཅད་པ།
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། ཨོ་རི་ས་ཕུན་ཚོགས་གླིང་དུ་གནས་སྡོད་སྐྲ་བཟོ་བ་ཡེ་ཤེས་མཐའ་ཡས།

ཁ་སང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༥ པའི་ལས་ཉིན་ ༧ པའི་ཐོག་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་གནས་འཁོད་བོད་རིགས་དཔྱ་དངུལ་ལོ་མང་འབུལ་ཆད་སོང་བ་དང་། གསར་བཟོ་མ་ཐུབ་པ་རྣམས་ལ་བོད་ཀྱི་ཡུལ་མིའི་ལས་འགན་ཁུར་ཐུབ་པའི་གོ་སྐབས་གནང་ཆེད་སླར་ཡང་དཔྱ་ཁྲལ་ཆག་ཡང་གནང་རྒྱུའི་གྲོས་ཆོད་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་།

ཁ་སང་ཕྱི་ཚེས་ ༢༢ ཉིན་གྲོས་ཚོགས་ནང་འཛིན་སྐྱོང་བཀའ་ཤག་ནས་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་བསྣམས་ཕེབས་པ་དང་དེའི་ཐོག་གྲོས་ཚོགས་ནས་བཟོ་བཅོས་གྲོས་འཆར་ཞིག་ཕེབས་པའི་ནང་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་འཁོད་བོད་རིགས་དཔྱ་དངུལ་ལོ་མང་འབུལ་ཆད་སོང་བ་དང་། གསར་བཟོ་མ་ཐུབ་པ་རྣམས་ལ་བོད་ཀྱི་ཡུལ་མིའི་ལས་འགན་ཁུར་ཐུབ་པའི་གོ་སྐབས་གནང་ཆེད་རྩིས་ལོ་ ༢༠༢༢་་༢༣ བར་དཔྱ་དངུལ་འབུལ་ཆད་ཇི་ཡོད་ཀྱི་བརྒྱ་ཆ་ ༩༠ ཆག་ཡང་དང་འཕྲོས་བརྒྱ་ཆ་ ༡༠ དོ་བདག་ནས་སྡེབ་འབུལ་ལམ། ཆ་བགོས་ཐོག་ནས་ངེས་འབུལ་དགོས་རྒྱུ་བཀོད་པ་མ་ཟད། ཆག་ཡང་གི་གོ་སྐབས་འདི་ཡང་ཕྱི་ལོ་ ༢༠༢༣ ཕྱི་ཟླ་་༤ ཚེས་ ༡ ནས་ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༣ ཚེས་ ༣༡ བར་ལེན་ཐུབ་པ་གནང་རྒྱུ་འཁོད་ཡོད་པ་ལྟར། གྲོས་ཚོགས་འཐུས་མི་རྣམས་ཀྱིས་དེ་འབྲེལ་བགྲོ་གླེང་ལྷུག་པོ་གནང་པའི་རྗེས་གྲོས་ཆོད་གྲོས་འཆར་དེ་སྤྱི་མོས་ཀྱིས་གཏན་འབེབས་བྱུང་ཡོད།

བཙན་བྱོལ་བོད་མིའི་ངོས་ནས་དང་བླངས་དཔྱ་དངུལ་བསྡུ་འབུལ་ཞུ་རྒྱུ་དེ་བཞིན་ཐོག་མར་ཕྱི་ལོ་ ༡༩༧༢ ལོར་དབུ་འཛུགས་གནང་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་དེ་སྔ་ཕྱི་ལོ་ ༢༠༠༧ དང་དེ་རྗེས་ཕྱི་ལོ་ ༢༠༡༥ ལོར་དཔྱ་དངུལ་འབུལ་ཆེད་སོང་བ་རྣམས་ལ་ཆག་ཡང་གོ་སྐབས་ཐེངས་གཉིས་གནང་ཟིན་ཡོད་ཀྱང་། ཕྱི་ལོ་ ༢༠༢༡ དང ༢༠༢༢ ལོར་ཕྱི་རྒྱལ་ནས་དཔྱ་དངུལ་འབུལ་མཁན་བོད་མི་གྲངས་ ༡༤༠༠༠ ལྷག་ཙམ་ལས་བྱུང་མེད་སྟབས། ཐེངས་འདིར་སླར་ཡང་ཆག་ཡང་དང་གསར་བཟོའི་གོ་སྐབས་གནང་བ་ཞིག་རེད་འདུག

གྲོས་ཚོགས་འཐུས་མི་རྣམས་རྣམས་ཀྱིས་ཁ་སང་གྲོས་ཆོད་དེའི་ཐོག་བགྲོ་གླེང་གནང་སྐབས། ཁག་ཅིག་གིས་ཆག་ཡང་གི་གོ་སྐབས་དུས་ཡུན་ལོ་གཅིག་དེ་ཉིད་ཉུང་དྲག་པའི་དགོངས་ཚུལ་འདོན་མཁན་བྱུང་ཡོད་པ་དང་ཆབས་ཅིག ཁག་གཅིག་གིས་བཀའ་ཤག་གི་གྲོས་འཆར་ནང་རྒྱ་བལ་འབྲུག་གསུམ་ཕུད་ཕྱི་རྒྱལ་ཡུལ་གྲུ་ཞེས་པ་ལས་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཞེས་བཅོས་ཏེ་ཁུལ་དེ་དག་གི་ནང་དུའང་དེ་འབྲེལ་དཔྱ་དངུལ་ལོ་མང་འབུལ་ཆད་སོང་བ་སོགས་ཀྱི་གནད་དོན་ལ་གཞིགས་ནས་དེ་ལྟར་དགོངས་ཚུལ་འདོན་མཁན་བྱུང་ཡོད།

སྐབས་དེར་སྤྱི་འཐུས་མང་དག་གིས་གྲོས་ཆོད་གྲོས་འཆར་དེར་རྒྱབ་སྐྱོར་དང་འབྲེལ། དང་བླངས་དཔྱ་དངུལ་ལག་དེབ་ཀྱི་གལ་གནད་ངོ་སྤྲོད་གནང་སྟེ་བོད་མི་རྣམས་ནས་ངེས་པར་དུ་དཔྱ་དངུལ་འབུལ་དགོས་པའི་ཞུ་སྐུལ་ཚོར་ཤུགས་ཆེན་པོིས་འབོད་སྐུལ་གནང་ཡོད་པ་དང་། དེ་ནི་བོད་མི་རིགས་ཀྱི་ཆབ་སྲིད་དང་དཔལ་འབྱོར། འཐབ་རྩོད་བཅས་ཀྱི་ཐོག་ནས་ཧ་ཅང་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྐོར་གསུངས་ཡོད། ལྷག་པར་དུ་ཐེངས་འདིའི་གྲོས་འཆར་དེའི་བརྒྱུད་ནས་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་འཁོད་བོད་རིགས་དཔྱ་དངུལ་ལོ་མང་འབུལ་ཆད་སོང་བ་དང་། གསར་བཟོ་མ་ཐུབ་པ་རྣམས་ངེས་པར་དུ་གོ་སྐབས་དེར་དམ་འཛིན་གྱི་བོད་ཀྱི་ཆབ་འབངས་མཚོན་པར་བྱ་དགོས་གལ་ཡིན་པའི་འབོད་སྐུལ་ནན་པོའི་བརྒྱུད་གྲོས་འཆར་དེའི་ཐོག་བགྲོ་གླེང་ལྷུག་པོ་གནང་ཡོད།

སྐབས་དེར་དཔལ་འབྱོར་བཀའ་བློན་མཆོག་གིས་དཔྱ་དངུལ་ཆག་ཡང་དུས་ཡུན་གྱི་གནད་དོན་དང་འབྲེལ། ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༡ ནས་ཟླ་དྲུག་རིང་ད་བར་དང་བླངས་དཔྱ་དངུལ་ལག་དེབ་ཞུ་མྱོང་པ་རྣམས་ལ་ལག་དེབ་གསར་བཟོ་ཆེད་དུས་ཚོད་གཏང་རྒྱུ་དང་། དེའི་རྗེས་ཀྱི་ཟླ་དྲུག་རིང་དཔྱ་དངུལ་བསྡུ་རུབ་ཀྱི་ལས་འཆར་གཉེར་རྒྱུའི་འཆར་གཞི་ཡོད་སྐོར་གསུངས་ཡོད་པ་དང་ཆབས་ཅིག བོད་མི་ས་གནས་གང་དུ་ཡོད་ཀྱང་ཁུལ་དེར་དང་བླང་དཔྱ་དངུལ་འབུལ་ཐུབ་ཚེས་ས་གནས་ཀྱི་བོད་མི་གྲངས་ཐོ་ཚད་ལྡན་ཞིག་ཡོང་བར་ཕན་ཐོག་ཡོང་ངེས་ཡིན་པ་སོགས་གསུངས་ཏེ། བཀའ་ཤག་གི་ངོས་ནས་ལས་དོན་དེ་ཉིད་གྲུབ་ཆེད་འབད་བརྩོན་གང་ཐུབ་ཞུ་རྒྱུ་ཡིན་པ་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།