Tibetan Royal Year of 2151 | Year of the Wood Dragon

གོང་ས་མཆོག་གིས་ལ་དྭགས་བླ་མ་བློ་བཟང་དམ་པའི་མྱ་ངན་ལྷན་ཚོགས་སུ་གསུང་འཕྲིན་སྩལ་གནང་འདུག

Tibetan News Headlines

  • Dalai Lama congratulates Taiwan’s new President Lai Ching-te
  • Taiwan independence is ‘dead end’: China warns Taiwan’s new President
  • See us not only as victims but also as partners: Sikyong in Paris
  • Citizen journalist who reported on covid outbreak missing after scheduled release from prison
  • Taiwan President’s swearing-in Ceremony and CTA delegation: Interview with Representative Kelsang Gyaltsen

རེས་གཟའ་མིག་དམར། ༢༠༢༤།༠༥།༢༡

  • ༸གོང་ས་མཆོག་གིས་ཐའེ་ཝན་གྱི་སྲིད་འཛིན་གསར་པར་འཚམས་འདྲི་མཛད་པ།
  • རྒྱ་གཞུང་གིས་ཐེ་ཝན་རང་བཙན་ཟེར་བ་ནི་གྲུབ་ཐབས་མེད་པ་ཞིག་ཡིན་པའི་ཉེན་བརྡ་བཏང་འདུག
  • ང་ཚོ་ནི་གནོད་འཚེ་ཕོག་ཡུལ་ཞིག་ཏུ་མི་བལྟ་བར་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་མཁན་གྱི་མཉམ་ལས་པ་ཞིག་ལ་བརྩི་དགོས།
  • ཏོག་དབྱིབས་གཉན་རིམས་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་གྱི་རྒྱ་རིགས་གསར་འགོད་པ་ཞིག་གར་སོང་ཆ་མེད་དུ་གྱུར་འདུག
  • ཐེ་ཝན་གཞུང་འཛིན་གསར་པ་དང་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ཀྱི་འཚམས་གཟིགས།

ཁ་སང་འདི་ག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་དགོངས་པ་རྫོགས་པའི་ལ་དྭགས་བླ་མ་བློ་བཟང་མཆོག་གི་རྗེས་དྲན་ལྷན་ཚོགས་ཤིག་བསྐྱངས་ཡོད་པ་དང་།  ལྡི་ལི་གསར་པའི་IGNCA ཨྣིདྲ་གྣདྷི་རྒྱལ་ཡོངས་སྒྱུ་རྩལ་ཁང་དུ་གོ་སྒྲིག་ཞུས་པའི་ལྷན་ཚོགས་དེའི་ཐོག   བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་ཞིག་བཀྲིན་བསྩལ་གནང་འདུག་པ་མ་ཟད།   དགོངས་རྫོགས་རྗེས་དྲན་གྱི་མཛད་སྒོ་དེའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་།   བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གི་དབུས་པའི་ནང་པའི་རྒྱལ་ཁབ་ཁག་གཅིག་གི་གཞུང་ཚབ་དང་།  ལ་དྭགས་རང་སྐྱོང་རི་ལྗོངས་ལྷན་ཚོགས་ཀྱི་སྡེ་དཔོན་སོགས་ཀྱི་གནད་ཡོད་མི་སྣ།   དེ་བཞིན་འབྲེལ་ཡོད་རྒྱ་གར་དཔོན་རིགས་ཁག་གཅིག་དང་།  ལ་དྭགས་མང་ཚོགས་དང་བོད་མི་བཅས་མི་གྲངས་ ༣༠༠ སྐོར་ཞིག་འདུ་འཛོམས་བྱུང་འདུག

Lama Lobsang Condolence Meeting

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མྱ་ངན་ལྷན་ཚོགས་དེའི་ཐོག་བསྩལ་བའི་གསུང་འཕྲིན་དེ་ལྡི་ལི་དོན་གཅོད་ཀྱི་སྐུ་ཚབ་ངོས་ནས་མྱ་ངན་ལྷན་ཚོགས་གོ་སྒྲིག་ཞུ་མཁན་གྱི་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ལ་ཕུལ་ཡོད་པ་དང་།  གསུང་འཕྲིན་དེའི་ནང་བླ་མ་བློ་བཟང་ལགས་ཀྱིས་རྒྱ་གར་མི་མང་དང་ལྷག་པར་དུ་ལ་དྭགས་ཀྱི་ནང་པའི་སྤྱི་ཚོགས་ཁྲོད་ཞབས་འདེགས་རླབས་ཆེན་ཞིག་ཞུས་ཏེ་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་ཡོད།  ཁོང་དགོངས་པ་རྫོགས་པའི་གནས་ཚུལ་དེ་ཐོས་མ་ཐག་ངོས་ནས་མྱ་ངན་སྨོན་ལམ་ཞུས་ཡོད།

ཁོང་གི་དགེ་བའི་བཤེས་གཉེན་སྐུ་ཞབས་བ་ཀུ་ལ་རིན་པོ་ཆེ་དམ་པ་དེ་དང་མཉམ་པར།  བླ་མ་བློ་བཟང་ལགས་ཀྱིས་རྒྱ་གར་དབུས་གཞུང་གི་འགོ་གནས་ཁག་གཅིག་ཀྱི་ཐོག་ནས་རྒྱ་གར་གྱི་སྤྱི་ཚོགས་བདེ་དོན་ཆེད་ལོ་མང་པོའི་རིང་ཕྱག་ལས་གནང་མྱོང་ཡོད་པ་རེད།  ལྷག་པར་དུ་ཁོང་ནི་གཞུང་གི་འགོ་གནས་དེའི་ཐོག་ནས་བོད་མི་མང་ཚོགས་ལ་གང་སྤྱིའི་མཐུན་འགྱུར་གནང་མཁན་གྱི་ཆོད་སེམས་བརྟན་པོ་ཡོད་པའི་བོད་ཀྱི་གྲོགས་པོ་ཞིག་རེད།   གནས་སྟངས་དེ་དག་གི་རྐྱེན་པས་བོད་མི་ཚོས་ཁོང་ལ་ལ་དྭགས་བླ་མ་བློ་བཟང་ཞེས་བརྗོད་ཀྱི་ཡོད།

Lama Lobsang Condolence Meeting

ཁོང་ནང་པ་ཞིག་ཡིན་པའི་ཆ་ནས་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ལྟ་བུའི་ཚོགས་པ་ཁག་གི་བརྒྱུད་རྒྱ་གར་དང་རྒྱལ་སྤྱིའི་ཁྱོན་དུ་ནང་པའི་ཆོས་ཀྱི་སྙིང་པོ་བྱམས་སྙིང་རྗེའི་གོ་དོན་དེ་གོང་འཕེལ་གནང་ཡོད།   བླ་མ་བློ་བཟང་དམ་པ་ཁོང་དང་ཐུགས་ཉེ་ཡོད་པའི་མང་ཚོགས་དང་།   ལྷག་པར་དུ་དེ་སྔོན་ཁོང་ཕྱག་ལས་གནང་སའི་ལས་ཁུངས་དང་ཚོགས་པ་ཁག་ནས་ཁོང་གི་ལམ་སྟོན་ལྟར་སྤྱི་ཚོགས་གོང་འཕེལ་ཐོག་མུ་མཐུད་ཕྱག་ལས་གནང་རྒྱུའི་ངོས་ལ་ཡིད་ཆེས་གཙང་མ་ཡོད།  སྨོན་འདུན་དང་བཅས་ཏཱ་ལའི་བླ་མས་ཞེས་འཁོད་འདུག།

ལ་དྭགས་བླ་མ་བློ་བཟང་དམ་པ་དེའི་རྗེས་དྲན་གྱི་ཁ་སང་ལྷན་ཚོགས་དེའི་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་བསྟན་འཕེལ་མཆོག་ཀྱང་སྐུ་མགྲོན་གྱི་གྲས་སུ་ཆེད་ཕེབས་གནང་འདུག་པ་ལྟར།  ཚོགས་གཙོ་མཆོག་གིས་དམ་པ་ཁོང་ནི་བོད་མིའི་སྤྱི་ཚོགས་ལ་གང་སྤྱིའི་མཐུན་འགྱུར་གནང་མཁན་གྱི་བློ་ཉེ་ལྡན་པའི་རྒྱ་གར་བ་ཞིག་ཡིན་པའི་ཆ་ནས་ཉེ་ཆར་གྲོས་ཚོགས་རང་ནས་མྱ་ངན་གུས་འདུད་ཀྱི་ཐུགས་གསོའི་གྲོས་ཆོད་སོགས་བཞག་ཡོད་པའི་སྐོར་སོགས་གསུངས་ཀྱི་འདུག། 

Lama Lobsang Condolence Meeting

མྱ་ངན་རྗེས་དྲན་གྱི་ལྷན་ཚོགས་དེའི་ཐོག་ཕེབས་པའི་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནི་བླ་མ་བློ་བཟང་དམ་པ་དེ་དང་ཐུགས་ཉེ་ཡོད་པའི་བོད་མིའི་དབུ་ཁྲིད་གྲས་ཤིག་ཡིན་པ་ལྟར།  ཁོང་གིས་དམ་པ་བླ་མ་བློ་བཟང་ནི་བོད་མི་ཐོག་མར་བཙན་བྱོལ་དུ་འབྱོར་སྐབས་ནས་གང་སྤྱིའི་མཐུན་འགྱུར་གནང་མཁན་གྱི་ཧི་མ་ལ་ཡའི་མི་རིགས་གྲས་ཤིག་ཡིན་པ་མ་ཟད།   ལྷག་པར་ལྡི་ལི་བོད་སྒར་བསམ་ཡས་གླིང་དང་ལ་དྭགས་རྡ་རམ་ས་ལ་གཉིས་ཀྱི་བོད་མི་ཚོར་ཆ་མཚོན་ན་ཐོག་མར་ཁུལ་དེར་བོད་མི་གཞིས་ཆགས་སྐབས་ནས་མཐུན་འགྱུར་གནང་མཁན་གཙོ་བོའི་གྲས་ཤིག་དང་།   རྒྱུན་དུ་ཁོང་གིས་བོད་མི་སུས་ཚོང་བ་དང་དེ་མིན་དཀའ་ངལ་གཞན་གྱི་ཐོག་ཏུའང་སོ་སོའི་འགོ་གནས་བེད་སྤྱོད་བརྒྱུད་གང་ཡོང་མཐུན་འགྱུར་གནང་མཁན་གྱི་བོད་མི་ཚོར་བཀྲིན་ཤིན་ཏུ་ཆེ་བའི་མི་སྣའི་གྲས་ཤིག་ཡིན་པ་སོགས་གསུངས་ཀྱི་འདུག། 

Lama Lobsang Condolence Meeting

ཁ་སང་མྱ་ངན་གྱི་ལྷན་ཚོགས་དེ་ནི་ IBC རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་ལྟར།   མཐུན་ཚོགས་དེའི་སྤྱི་ཁྱབ་དྲུང་ཆེ་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་ལགས་ཀྱིས་ཀྱང་།  བླ་མ་བློ་བཟང་དམ་པ་ཁོང་ནི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་མར་གསར་འཛུགས་གནང་མཁན་ཞིག་ཡིན་པ་མ་ཟད།   ཁོང་ནི་རྒྱུན་ལྡན་ནས་ཧི་མ་ལ་ཡའི་ནད་མནར་ཉམས་ཐག་མི་རིགས་ཚོར་སྨན་བཅོས་སོགས་ཀྱི་མཐུན་འགྱུར་གནང་མཁན་གྱི་རྗེས་དྲན་ཞུ་འོས་པའི་མི་སྣའི་གྲས་ཤིག་ཡིན་པ་གསུངས་སོང་།

མྱ་ངན་རྗེས་དྲན་གྱི་ལྷན་ཚོགས་དེའི་བླ་མ་བློ་བཟང་དམ་པ་ཁོང་གི་གློག་བརྙན་ཞིག་གཟིགས་འབུལ་ཞུས་པ་མ་ཟད།   སྐབས་དེར་ད་དུང་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ AbhijitHalder མཆོག་གི་དབུས་པའི་གཞན་ཡང་འབྲེལ་ཡོད་ཁག་གཅིག་ནས་དམ་པ་ཁོང་གི་སྐུ་ཚེའི་གྲུབ་རྗེས་ཁག་དྲན་སྐུལ་དང་སྦྲགས་བླ་མ་བློ་བཟང་དམ་པ་ཁོང་ལ་རྗེས་དྲན་ཞུས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།