Tibetan Royal Year of 2151 | Year of the Wood Dragon

གྲོས་ཆོད་དོན་ཚན་བཅུ་གཏན་འབེབས་ཐོག་ནས་ས་འགོ་རྣམ་པའི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅོ་ལྔ་པ་མཇུག་སྒྲིལ།

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

དེ་རིང་ཕྱི་ཟླ་ ༡༡ ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་ལས་བྱེད་གསོལ་ཚིགས་ཁང་གི་ཡང་སྟེང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་དབུས་བཞུགས་ཐོག་ཟླ་ ༡༡ ཚེས་ ༦ ནས་དབུ་འཛུགས་གནང་བའི་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅོ་ལྔ་པ་དེ་བཞིན་གྲོས་ཆོད་དོན་ཚན་བཅུ་གཏན་འབེབས་གནང་བའི་སྒོ་ནས་མཇུག་སྒྲིལ་གནང་སོང་།

མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ས་འགོ་རྣམ་པ་མི་མང་གིས་བདམས་པ་དང་སྒྲིག་འཛུགས་ཀྱིས་བསྐོ་གཞག་གནང་བ་སོགས་གནས་སྟངས་གང་ཡིན་ལ་ལྟོས་མེད་གཙོ་བོ་༸གོང་ས་མཆོག་གི་དགོངས་པ་སྒྲུབ་མཁན་ཞིག་དང་མི་མང་གི་ཞབས་འདེབས་ཞུ་མཁན་ཞིག་ཡིན་པར་དགོངས་ནས་མི་མང་གི་དགོས་མཁོ་དང་སྤྱི་ཚོགས་ཀྱི་དགོས་མཁོ་ལ་གཞིགས་ཏེ་སྤྱི་ཚོགས་འཆམ་མཐུན་དང་ཆིག་སྒྲིལ་བཟོ་ཐུབ་ཚེ་རྩ་དོན་ལ་ཕན་ངེས་ཡིན་པ་སོགས་གསུངས་སོང་།

སྲིད་སྐྱོང་མཆོག་གིས་ད་དུང་གཞིས་ཆགས་ཁག་ཏུ་གཞོན་སྐྱེས་རྒྱུན་གནས་ཐུབ་ཐབས་ཀྱི་ལས་གཞིར་ཤུགས་སྣོན་རྒྱག་དགོས་པ་དང་། ད་ལྟའི་བཀའ་ཤག་གི་ཕྱག་ལས་ཁྲོད་ལས་དོན་གཙོ་བོ་གཅིག་ནི་རུབ་སྡོད་གཞིས་ཆགས་ཁག་སྲ་བརྟན་ཆེད་གཞིས་ཆགས་རེ་རེའི་ནང་ཡུལ་སྐོར་སྤྲོ་འཆམ་པ་ཕེབས་ཡུལ་གྱི་ས་ཚིགས་ཤིག་སྐྲུན་ཐབས་གནང་བཞིན་ཡོད་པ་ལྟར། དེ་ལྟར་གནང་ཐུབ་ཚེ་མང་ཚོགས་རྣམས་ལའང་ཡོང་འབབ་ཞིག་བཟོ་ཐུབ་ངེས་ཡིན་པ་དང་། ས་གནས་མང་ཚོོགས་ཀྱི་འཚོ་རྟེན་ལ་ཕན་ཐོགས་ཡོང་ངེས་ཡིན་པ་སོགས་ལམ་སྟོན་གནང་སྟེ། ས་འགོ་རྣམ་པས་སོ་སོའི་འགན་དེ་ངོས་འཛིན་པའི་ཐོག་ནས་ཆོལ་ཁ་དང་ཆོས་ལུགས་ཀྱི་དབྱེ་བ་དང་རྒན་གཞོན་གྱི་དབྱེ་བ་སོགས་གང་ཡང་མེད་པར་གཟིགས་དགོས་གལ་ཡིན་པའི་སྟེང་སྤྱི་སྙོམས་དྲང་བདེན་གྱི་ཐོག་ནས་མི་མང་གི་ཆེད་དུ་ཕྱག་ལས་གནང་དགོས་ཞེས་གསུངས་སོང་།

དེ་བཞིན་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ས་འགོ་རྣམ་པའི་ལས་དོན་ཁྲོད་༸གོང་ས་མཆོག་གི་དགོངས་གཞི་སྒྲུབ་ཐབས་དང་སྒྲིག་འཛུགས་སྲ་བརྟན། མི་མང་གི་བདེ་སྡུག་ལ་གཟིགས་སྐྱོང་གནང་རྒྱུ་གསུམ་པོ་སྙིང་དབུས་སུ་བཅངས་ནས་ཕྱག་ལས་གནང་དགོས་པ་དང་ཁྱད་པར་དུ་ཚོགས་ཆེན་ཐོག་གཏན་འབེབས་གནང་བའི་གྲོས་ཆོད་བཅུ་པོ་དེ་ལག་བསྟར་ཐུབ་ཐབས་གནང་གནད་ཆགས་ཡོད་པར་གསུངས་ཡོད།

རྩ་བའི་ཉིན་གྲངས་བཞིའི་རིང་གི་ས་འགོ་རྣམ་པའི་ཚོགས་ཆེན་ཐེངས་ ༡༥ ཐོག་ས་འགོ་རྣམ་པའི་ལས་དོན་གནང་ཕྱོགས་དང་ས་ཁང་སྒྲིག་གཞི། མི་འབོར་བསྐྱར་ཞིབ། འཛིན་སྐྱོང་གི་ལས་དོན་སོགས་གྲོས་བཞི་དོན་ཚན་ཁག་བཅུ་དང་ས་འགོ་རྣམ་པར་གོ་རྟོགས་སྤེལ་རྒྱུའི་དོན་ཚན་ལྔའི་ཐོག་བཀའ་བསྡུར་གནང་བ་དང་། འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༤ པའི་གྲོས་ཆོད་ཁག་ལ་ཞིབ་བཤེར་སྙན་སྒྲོན་དང་གྲོས་བསྡུར་གནང་ཡོད་པ་རེད། །

འབྲེལ་ཡོད་གསར་གནས།

གསར་གནས།