Tibetan Royal Year of 2151 | Year of the Wood Dragon

ཉག་ཆུ་རྫོང་མགར་ར་གྲོང་སྡེའི་མེ་སྐྱོན་ཁྲོད་མི་གྲངས་ ༥༩༠༠ ལྷག་གནས་སྤོས་ཟིན་ཡང་ད་དུང་མེ་གསོད་ཐུབ་མེད་པ།

Tibetan News Headlines

  • Dalai Lama urges devotees to practice warmheartedness and embrace concept of emptiness
  • Sikyong engages with parliamentarians from Austria and Italy, urging them to advocate for Tibet
  • PRC continued to restrict and seek to control religious practices of Tibetans: CECC
  • China: Overseas students face harassment and surveillance in campaign of transnational repression
  • CTA urges caution as Tibetans seek voting rights amidst Indian election
  • Hunsur Rabgayling gears up for the 29th GCM football tournament

རེས་གཟའ་ཟླ་བ། ༢༠༢༤།༠༥།༡༣

  • བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་པའི་ཐོག་ནས་མ་ཎི་གསོག་སྒྲུབ་གནང་དགོས།
  • ཨོ་སི་ཊྲི་ཡ་དང་ཨི་ཊ་ལི་གྲོས་ཚོགས་འཐུས་མི་རྣམས་ལ་བོད་ཀྱི་ཛ་དྲག་གནས་སྟངས་སྐོར་ཞུ་འབོད།
  • རྒྱ་གཞུང་གིས་བོད་མིའི་ཆོས་དད་ལ་མུ་མཐུད་དམ་དྲག་སྟངས་འཛིན་ཤུགས་ཆེ་བྱས་པ་མངོན་གསལ།
  • རྒྱ་གཞུང་གིས་རྒྱལ་མཚམས་བརྒལ་ནས་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་སློབ་མ་ཚོར་བརྙས་བཅོས་དང་དོགས་སྲུང་བྱེད་བཞིན་པ་ར་སྤྲོད།
  • རྒྱ་གར་ཆབ་སྲིད་ནང་ཞུགས་ཏེ་བོད་མི་སྤྱི་ཡོངས་ལ་དགེ་ཚན་ཅི་ཞིག་ཡོད་མིན་ཐོག་འགན་བཞེས་དགོས་པ།
  • རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་ ༢༩ པ་གནངས་ཉིན་ནས་དབུ་འཛུགས།

བོད་དཀར་མཛེས་ཁུལ་ཉག་ཆུ་རྫོང་མགར་ར་གྲོང་སྡེའི་དཔེ་རྩེ་གྲོང་ཚོ་ཁུལ་གྱི་ནགས་ཚལ་ལ་མེ་སྐྱོན་ཚབས་ཆེན་བྱུང་སྟེ། ཁྱིམ་ཚང་བཅུ་ལྷག་གི་སྡོད་ཁང་མེས་འཚིགས་པ་དང་མི་གྲངས་ ༥༩༠༠ ལྷག་གནས་སྤོ་བྱ་དགོས་བྱུང་ཡོད་ཀྱང་ད་དུང་མེ་གསོད་ཐུབ་མེད་པ་རེད་འདུག

Tibet Fire

ཡུལ་དངོས་ཀྱི་གནས་ཚུལ་དང་བརྙན་ཐུང་ཁག་ཅིག་སྤྱི་ཚོགས་དྲ་ལམ་གང་སར་བརྒྱུད་སྤེལ་འགྲོ་བཞིན་པའི་ནང་གསལ་ལྟར་ན། ཟླ་བ་འདིའི་ཚེས་ ༡༥ ཉིན་བོད་ནང་གི་ཕྱི་དྲོ་ཆུ་ཚོད་ ༥ ཙམ་ལ་ཉག་ཆུ་རྫོང་མགར་ར་གྲོང་སྡེ་ཟེར་བའི་དཔལ་རྩེ་གྲོང་ཚོ་ཁུལ་གྱི་ནགས་ཚལ་ལ་མེ་སྐྱོན་ཚབས་ཆེན་བྱུང་ཡོད་པ་དང་། ཕྱི་ཚེས་ ༡༦ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣ བར་མེ་ཤུགས་ཆེ་ཆེར་འབར་བར་བརྟེན།བོད་ཁྱིམ་ ༡༠ ལྷག་གི་སྡོད་ཁང་མེ་འཚིགས་ནས་གནོད་སྐྱོན་ཚབས་ཆེ་ཐེབས་ཡོད་པ་དང་། དེ་བཞིན་དུད་ཚང་ ༡༣༦༠ ཡི་མི་གྲངས་ ༥༩༠༠ ལྷག་གནས་སྤོ་བྱ་དགོས་བྱུང་བའི་ཁྲོད་རྒྱ་ནག་གིས་མེ་གསོད་རུ་ཁག་གི་ལས་བྱེད་མི་སྣ་དང་ཐད་འཕུར་གནམ་གྲུ་བཅས་བཏང་སྟེ། མེ་གསོད་མྱུར་སྐྱོབ་བྱ་ཐབས་བྱེད་བཞིན་ཡོད་ཚུལ་བརྗོད་ནས་དེ་རིང་ཉིན་མཚན་ལྔ་ཙམ་འགྲོ་བཞིན་ཡོད་ཀྱང་ད་དུང་མེ་སྐྱོན་རྩ་བ་ནས་གསོད་ཐུབ་མེད་པའི་གནས་སྟངས་འོག་ལུས་པ་མ་ཟད། ལྷག་པར་དུ་ད་ཆ་མེ་སྐྱོན་ཐོག་མ་བྱུང་སའི་ས་གནས་ནས་མེ་ཤུགས་ཆུང་རུ་བཏང་ཐུབ་ཡོད་ཀྱང་རི་ངོས་གཞན་ཁག་ནས་མེ་སྐྱོན་མུ་མཐུད་འབྱུང་བཞིན་པ་རེད་འདུག

རྒྱ་ནག་གིས་བརྒྱུད་ལམ་ཐོག་ཁ་སང་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བ་འདིའི་ཚེས་ ༡༥ ཉིན་གྱི་དགོང་དྲོ་ཉག་ཆུ་རྫོང་མགར་ར་གྲོང་སྡེའི་དཔེ་རྩེ་གྲོང་ཚོའི་ནགས་ཚལ་ལ་མེ་སྐྱོན་ཚབས་ཆེ་འབར་ཏེ། མི་རིང་བར་བོད་ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་མེ་ལྕེ་གསུམ་དུ་ཁྱབ་ཡོད་པའི་གནས་སྟངས་འོག་ཁ་སང་བར་ཁྱོན་མི་གྲངས་ ༣༣༩༦ ཙམ་གནས་སྤོ་བྱ་དགོས་བྱུང་བ་དང་། རྒྱ་ནག་ཛ་དྲག་བཀོད་འདོམས་ལྷན་ཁང་གིས་ཛ་དྲག་གི་གནས་སྟངས་རིམ་པ་བཞི་པའི་ཐོག་ནས་མེ་སྐྱོན་བྱུང་ཡུལ་ས་གནས་སུ་རྒྱལ་ཡོངས་དང་ས་གནས་ཀྱི་མེ་གསོད་རུ་ཁག་གི་མི་ ༡༢༠༠ ལྷག དེ་བཞིན་ཐད་འཕུར་གནམ་གྲུ་བཏང་ནས་མེ་གསོད་ཐབས་ཀྱི་ལས་འགུལ་སྤེལ་མུས་ཡིན་ཚུལ་བཀོད་པ་མ་ཟད། དོན་རྐྱེན་དེའི་འོག་མིའི་ཚེ་སྲོག་དང་རྒྱུ་ནོར། དེ་བཞིན་ས་གནས་ཀྱི་འཛུགས་སྐྲུན་བཅས་ལ་གནོད་སྐྱོན་བྱུང་མེད་སྐོར་བརྗོད་ཡོད་ནའང་། མེ་སྐྱོན་ཤོར་ནས་ཉིན་མཚན་ལྔ་ཙམ་ཕྱིན་ཡོད་པའི་ཁར་དུས་ད་ལྟའང་རི་ངོས་ཕྱོགས་མང་པོ་ནས་མེ་སྐྱོན་འབྱུང་བཞིན་པ་མཐོང་རྒྱུ་འདུག་ལ་ཉེ་འཁོར་རྫོང་དང་གྲོང་སྡེ་ཁག་དུ་སྨུག་གིས་ཁེངས་བཞིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཉག་ཆུ་ཁར་ནས་ལི་ཐང་ཕྱོགས་སུ་འགྲོ་སའི་གཞུང་ལམ་དེ་བདེ་འཇགས་ཆེད་བཀག་འགོག་བྱས་ཡོད་པ་བཀོད་འདུག

ཉག་ཆུ་རྫོང་ནི་རི་མཐོ་གཡང་གཟར་དང་ཤིང་ནགས་སྟུག་པོ་ཡོད་པའི་གནས་ཤིག་ཡིན་སྟབས། དེ་སྔོན་ཕྱི་ལོ་ ༢༠༡༤ ལོར་ཉག་ཆུ་རྫོང་གི་ཉེ་འདབས་རི་ཞིག་ལ་མེ་སྐྱོན་ཚབས་ཆེ་ཞིག་བྱུང་ཡོད་པ་མ་ཟད། སྔ་ལོར་ནག་ཆུ་མར་རུ་མཚོ་གྲོང་སྡེའི་ནགས་ཚལ་ཞིག་ལའང་མེ་སྐྱོན་ཤོར་ནས་ཉིན་གསུམ་ལྷག་ཙམ་རིང་མེ་གསོད་ཐུབ་མེད་པའི་གནས་ཚུལ་བྱུང་ཡོད་པ་རེད།

རྩ་བའི་རྒྱ་ནག་གིས་བོད་ཁུལ་དུ་བཟོ་ལས་འཛུགས་སྐྲུན་རྒྱ་སྐྱེད་བྱེད་བཞིན་པར་བརྟེན། ཉེ་བའི་ལོ་ཤས་རིང་ནས་བོད་ཁུལ་དུ་རི་ཉིལ་བྱུང་བ་དང་ཆུ་བྲུབ་པ། དེ་བཞིན་ས་འགུལ་དང་མེ་སྐྱོན་སོགས་ཀྱི་གནད་དོན་མང་དག་ཅིག་འབྱུང་གི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།