Tibetan Royal Year of 2151 | Year of the Wood Dragon

ཐེ་ཝན་གྱི་སྲིད་འཛིན་ཟུར་པ་ Ma Ying-jeou དང་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཐུག་འཕྲད།

Tibetan News Headlines

  • Tibetan delegation embark on an official visit to Taiwan
  • Sikyong Penpa Tsering begins final leg of his Europe visit to France
  • Chinese undercover agent breaks silence on espionage operations, including information gathering on Tibetans
  • UK Religious Freedom Envoy hears testimonies about threat to freedom of religion and belief from Tibetans and other minorities
  • Tibetan student topper dedicates accomplishment to the Dalai Lama as he reaches 90
  • 29th Gyalyum Chenmo in begins in Hunsur with the host beating Odisha Phuntsokling 2-0

རེས་གཟའ་ཕུར་བུ། ༢༠༢༤།༠༥།༡༦

  • བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།
  • སྲིད་སྐྱོང་མཆོག་ཧྥ་རན་སིར་ཉིན་གསུམ་རིང་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་རིགས་སོ་མྱུལ་བ་ཞིག་གིས་རྒྱ་ནག་གཞུང་གིས་ཨོ་གླིང་གཙོས་རྒྱལ་སྤྱིའི་ཁྲོད་སྤེལ་བཞིན་པའི་བྱ་སྤྱོད་ཐེར་འདོན།
  • དབྱིན་ཡུལ་ནང་དུ་ཆོས་དད་རང་དབང་ཐོག་གྲོས་བསྡུར་ལས་རིམ་ཞིག་འཚོགས་གནང་འདུག
  • རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བདག་གིས་བཞེས་པར་ཕྱག་རྟགས་ཡིན།
  • རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་རྕེད་འགྲན་ཐེངས་ ༢༩  དབུ་འཛུགས།

ཐེ་ལྦན་གྱི་སྲིད་འཛིན་ཟུར་པ་མྰ་ཡིང་འཇེའོ་ནས་ཟླ་འདིའི་ཚེས་ ༡ ནས་འགོ་བཙུགས་ཀྱིས་ཉིན་བཅུ་གཅིག་རིང་རྒྱ་ནག་ཏུ་ཕྱོགས་བསྐྱོད་བྱེད་བཞིན་པའི་ཁྲོད། ཁ་སང་ཕྱི་ཚེས་ ༡༠ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཐུག་འཕྲད་བྱས་ཡོད་པ་དང་། སྐབས་དེར་ཞི་ཅིན་ཕིང་གིས་ཐེ་ཝན་དེ་ཉིད་མེས་རྒྱལ་དང་གཅིག་ཡོང་བར་ཕྱིའི་སྟོབས་ཤུགས་རིགས་ཀྱིས་འགོག་ཐབས་མེད་པ་བརྗོད་འདུག

jinping-and-ma

དེ་ཡང་ཁ་སང་ Reuters གསར་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། རིང་མིན་ཐེ་ཝན་དུ་མང་གཙོ་ཡར་ཐོན་ཚོགས་པའི་དབུ་འཁྲིད་ Lai Ching-te ཡིས་ཡུལ་དེའི་སྲིད་འཛིན་གྱི་དམ་འབུལ་བཞེས་རན་པའི་ཁྲོད། ཁ་སང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐེ་ལྦན་གྱི་སྲིད་འཛིན་ཟུར་པ་ Ma Ying-jeou དང་ཐུག་འཕྲད་བྱས་ཡོད་པ་དང་། དེ་ནི་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་གོ་མིན་ཏང་དང་བཅིངས་གྲོལ་དམག་དབར་གྱི་འཐབ་རྩོད་རྗེས་ Chiang Kai Shek ཀྱིས་འགོ་ཁྲིད་པའི་གོ་མིན་བཏང་རུ་ཁག་ཐེ་ཝན་དུ་བྲོས་བྱོལ་གྱིས་གཞུང་ལོགས་སུ་བཙུགས་པའི་རྗེས་རྒྱ་ནག་གི་སྲིད་འཛིན་ཞིག་ནས་པེ་ཅིང་དུ་ཐེ་ཝན་གྱི་སྲིད་འཛིན་ཟུར་པ་དང་ལྷན་དུ་ཐུག་འཕྲད་བྱས་པ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་སྟབས་ཆབ་སྲིད་ཐད་གནད་འགག་ཅིག་ལ་ངོས་འཛིན་བྱེད་བཞིན་པ་རེད་འདུག

སྐབས་དེར་ཞི་ཅིན་ཕིང་གིས་ཐེ་ཝན་དང་རྒྱ་ནག་སྐམ་སའི་མཚོ་ཁག་ངོགས་གཉིས་སུ་གནས་པའི་མི་རྣམས་ནི་རྒྱ་ནག་གི་མི་སེར་ཡིན་ཞིང་། ཐེ་ལྦན་དེ་ཉིད་རྒྱ་ནག་གི་ཁྱིམ་ཚང་གཅིག་གི་ནང་ཟླ་སྒྲིལ་ཐུབ་པར་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་བྱུས་གང་གིས་ཀྱང་འགོག་མི་ཐུབ་ལ། ང་ཚོས་དཀའ་ངལ་གང་འདྲ་ཞིག་ཡིན་རུང་གྲོས་མོལ་བརྒྱུད་སེལ་མི་ཐུབ་པའི་གནད་དོན་གང་ཡང་མེད་ཅེས་བརྗོད་འདུག སྐབས་དེར་ཞི་ཅིན་ཕིང་གིས་ཕྱིའི་ཐེ་ཇུས་ཞེས་པ་དེ་མངོན་གསལ་བྱས་མེད་ཀྱང་དེའང་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཐེ་ཝན་ལ་མཚོན་ཆ་བཙོང་བ་སོགས་ཀྱི་བརྒྱུད་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དེར་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

jinping-and-ma

གྲོས་མོལ་དེའི་སྐབས་ཞི་ཅིན་ཕིང་གིས་ Ma Ying-jeou ལ་ཐེ་ལྦན་གྱི་སྲིད་འཛིན་ཟུར་པ་ཞེས་མི་འབོད་པར་སྐུ་ཞབས་མཱ་ཞེས་མིང་འབོད་བྱས་ཡོད་པ་དང། སྐབས་དེར་མཱ་ནས་མཚོ་ཁག་ངོགས་གཉིས་ཀྱི་གནས་སྟངས་ནི་ཛ་དྲག་ཅན་དུ་འགྱུར་བཞིན་ཡོད་པས་གལ་ཏེ་ཕྱོགས་གཉིས་དབར་དམག་འཁྲུག་བྱུང་ཚེ་རྒྱ་ནག་མི་རིགས་སྤྱི་ལ་གནོད་སྐྱོན་བྱུང་ངེས་ཡིན་པ་འགྲེལ་བརྗོད་དང་འབྲེལ། ཕྱོགས་གཉིས་ནས་མང་ཚོགས་ཀྱིས་གཙིགས་ཆེར་འཛིན་པའི་རིན་ཐང་ཁག་ལ་གུས་བརྩི་ཞུས་པའི་ཐོག་ཞི་བདེ་རྒྱུན་འཛིན་དགོས་པའི་ཞུ་སྐུལ་གནང་བ་མ་ཟད། ཞི་ཅིན་ཕིང་དང་ཐུག་འཕྲད་རྗེས་གསར་འགོད་པར། ཐེ་ཝན་མཚོ་ཁག་ངོགས་གཉིས་ཀྱི་མི་མང་རྣམས་ནི་རིག་གནས་དང་ལོ་རྒྱུས་གཅིག་འགྱུར་ལྡན་པའི་མི་མང་ཡིན་པ་དང་། ཕྱོགས་གཉིས་ནས་ཕན་ཚུན་དབར་མི་མཐུན་པའི་གནད་དོན་ཆ་ཚང་ཞི་བའི་བརྒྱུད་སེལ་ཐུབ་ངེས་ཡིན་པ་བརྗོད་འདུག

རྩ་བའི་མཱ་ཡིང་འཇེའི་ནི་ཕྱི་ལོ་ ༢༠༠༨ ནས་ ༢༠༡༦ བར་ཐེ་ཝན་གྱི་སྲིད་འཛིན་བྱས་མྱོང་ཡོད་ཀྱང་། དེང་སྐབས་ཐེ་ལྦན་ནང་མང་གཙོར་འདོད་མོས་དང་། རྒྱ་ནག་གིས་ཐེ་ལྦན་ཐོག་འཛིན་པའི་རྒྱལ་ཁབ་གཅིག་གི་སྲིད་བྱུས་ལ་ངོས་ལེན་མི་བྱེད་མཁན་གྱི་མི་འབོར་ཧ་ཅང་མང་དུ་ཕྱིན་བཞིན་ཡོད་པའི་ཁྲོད་རྒྱ་ནག་གིས་རྒྱབ་སྐྱོར་བྱེད་བཞིན་ཡོད་པའི་ཐེ་ཝན་གོ་མིན་ཏང་གི་ཚོགས་པར་ཐེངས་གསུམ་བསྟུད་མར་སྲིད་འཛིན་འོས་བསྡུའི་ཁྲོད་ཕམ་ཉེས་བྱུང་ཡོད་པ་རེད། ད་ལྟའི་སྲིད་འཛིན་ལས་ཐོག་ Tsai Ing-wen གྱིས་སྣེ་འཁྲིད་པའི་མང་གཙོ་ཡར་ཐོན་ཚོགས་པའི་གཞུང་ནསརྒྱ་གཞུང་གིས་ཐའེ་ཝན་ཐོག་བདག་དབང་རྩོད་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་དང་འབྲེལ། ཐེ་ཝན་གྱི་མ་འོངས་གནས་འབབ་ཐག་གཅོད་བྱ་རྒྱུའི་འགན་དབང་མཚོ་གླིང་དེའི་མང་ཚོགས་ལ་ཡོད་སྐོར་བརྗོད་ཀྱི་ཡོད་པ་དང་། རྒྱ་ནག་ངོས་ནས་གལ་ཏེ་Tsai Ing-wen གྱིས་ཐེ་ཝན་དེ་བཞིན་རྒྱ་ནག་གཅིག་གི་ཆ་ཤས་ཡིན་པར་ཁས་ལེན་བྱེད་ཚེ་གཞི་ནས་ཐེ་ལྦན་དང་གྲོས་མོལ་བྱ་རྒྱུ་ཡིན་ཞེས་བརྗོད་ཀྱི་ཡོད་པ་མ་ཟད། སྲིད་འཛིན་ཞི་ནས་ཉེ་བའི་ཟླ་ཤས་ནང་ཐེ་ཝན་སྐོར་ལ་ཡོང་གྲགས་སྒོ་ནས་དེ་ཙམ་གླེང་མེད་ཀྱང་། ད་ལོའི་ཐེ་ཝན་གྱི་སྲིད་འཛིན་འོས་བསྡུའི་སྐབས་སུ་འོས་བསྡུ་དེ་བཞིན་དམག་འཁྲུག་དང་ཞི་བདེའི་གདམ་ཀ་ཡིན་ཞེས་སྡིགས་ར་བྱས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།