Tibetan Royal Year of 2151 | Year of the Wood Dragon

ཡུལ་མི་དང་མཐུན་འབྲེལ་ཆེད་ Cricket རྩེད་འགྲན་ཞིག་གོ་སྒྲིག་ཞུས་འདུག

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ངོས་ནས་མངའ་སྡེའི་བློན་ཟུར་པ་ Biju Patnaik ལགས་ཀྱི་མཚན་ཐོག་ནས་ཅན་ད་ར་གྷི་རི་གྲོང་ཁྱེར་ནང་ཉིན་གྲངས་བཅུའི་རིང་ Cricket འམ་དབྱུག་རྩེད་སྤོ་ལོའི་རྩེད་འགྲན་ཞིག་གོ་སྒྲིག་གནང་འདུག

ཨོ་རི་ས་ཕུན་ཚོགས་གླིང་ས་གནས་འགོ་འཛིན་ལས་ཁུངས་དང་ས་གནས་ཀྱི་རྩེད་འགྲན་ཚོགས་པ་གཉིས་མཉམ་འབྲེལ་གྱིས་གོ་སྒྲིག་ཞུས་པའི་རྩེད་འགྲན་དེའི་ཐོག་བོད་མི་གཙོས་ས་གནས་ཡུལ་མིའི་རུ་ཁག་ཁྱོན་ ༡༢ མཉམ་ཞུགས་གནང་ཡོད་པ་དང་། དེའང་ཁ་སང་རྒྱལ་ཁ་ཐོབ་མཁན་གྱི་རུ་ཁག་ལ་ཧིན་སྒོར་ཁྲི་གཉིས་གསོལ་རས་སུ་ཕུལ་བ་དང་སྦྲགས་རྩེད་འགྲན་མཇུག་སྒྲིལ་གནང་འདུག

འདི་ག་རླུང་འཕྲིན་ཁང་ནས་ཨོ་རི་ས་ཕུན་ཚོགས་གླིང་ས་གནས་འགོ་འཛིན་མཁན་པོ་པདྨ་བསྟན་འཕེལ་ལགས་སུ་རྩེད་འགྲན་སྐོར་ལ་བཀའ་དྲི་ཞུས་སྐབས། ཁོང་གིས་རྩེད་འགྲན་དེ་གཙོ་བོ་ས་གནས་ཡུལ་མི་དང་ལྷན་མཐུན་འབྲེལ་སླད་གོ་སྒྲིག་ཞུས་པ་དང་། མངའ་སྡེའི་བློན་ཆེན་ཟུར་པ་ Biju Patnaik ལགས་ཀྱི་གཞུང་འཛིན་སྐབས་བོད་མི་རྣམས་ཁུལ་དེར་ཐོག་མར་གཞིས་ཆགས་སུ་བཞེས་འགོ་ཚུགས་པ་ལྟར། ཁོང་ལ་བཀྲིན་རྗེས་དྲན་སླད་ Kaling Veer Biju Patnaik  ཞེས་ཁོང་གི་མཚན་ཐོག་ནས་རྩེད་འགྲན་དེ་གོ་སྒྲིག་ཞུས་པ་འགྲེལ་བརྗོད་གནང་གི་འདུག སྒྲ།།།

འབྲེལ་ཡོད་གསར་གནས།

གསར་གནས།