Tibetan Royal Year of 2151 | Year of the Wood Dragon

དགེ་བཤེས་མ་འགའ་ལ་མཇལ་ཁ་སྩལ་སྐབས་ཕྱག་དཔེ་གཟིགས་དགོས་པར་བཀའ་སྩལ་བ།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

དེ་རིང་ཟླ་ ༥ ཚེས་ ༡༧ ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་ཞུས་པའི་གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་ལ་སློབ་གཉེར་གནང་བཞིན་པའི་བཙུན་དགོན་བྱང་ཆུབ་ཆོས་གླིང་དང་དགའ་ལྡན་ཆོས་གླིང་། སྒྲོལ་མ་གླིང་གི་དགེ་བཤེས་མ་ཁག་གཅིག་ལ་མཇལ་ཁ་སྩལ་བ་དང་འབྲེལ། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ནང་པའི་གཞུང་ཆེན་དག་ལ་སློབ་གཉེར་གནང་སྟེ་ངེས་པར་དུ་ཕྱག་དཔེ་གཟིགས་དགོས་གལ་ཡིན་པའི་ལམ་སྟོན་བཀའ་སློབ་སྩལ་འདུག

༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་དེ་རིང་མཇལ་མོལ་དེ་དང་འབྲེལ་བའི་བརྙན་ཐུང་ཞིག་འདོན་སྤེལ་གནང་བའི་ནང་གསལ་ལྟར་ན། ༸གོང་ས་མཆོག་གིས་སྐབས་དེར་དགེ་བཤེས་མ་ཚོར་དགེ་སློང་མ་བསྒྲུབ་པར་དེའི་སྡོམ་རྒྱུན་དགོས་སྟབས་དེ་ལྟར་མེད་ཚེ་འགྲིག་གི་མེད་ཅེས་བཀའ་སྩལ་བ་དང་འབྲེལ། དགེ་ཚུལ་མ་གནང་བའི་ཐོག་ནས་ནང་པའི་གཞུང་ཆེན་དག་ལ་སློབ་གཉེར་གནང་སྟེ་ངེས་པར་དུ་ཕྱག་དཔེ་གཟིགས་དགོས་གལ་ཡིན་པའི་ལམ་སྟོན་མཛད་འདུག 

དེ་བཞིན་༸གོང་ས་མཆོག་གིས་བོད་གངས་ཅན་པ་དང་འཕགས་པ་སྤྱན་རས་གཟིགས་དབར་ཐུན་མིན་གྱི་ལས་འབྲེལ་ཡོད་སྟབས་སེམས་པ་བཟང་པོ་བྱེད་དགོས་པ་དང་། འཕགས་པ་སྤྱན་རས་གཟིགས་ཀྱིས་ཀྱང་ཚེ་རབས་ནས་ཚེ་རབས་བར་དུ་རྗེས་སུ་བཟུང་ངེས་ཡིན་པར་བཀའ་སྩལ་བ་དང་ཆབས་ཅིག དགེ་བཤེས་མ་ཚོས་རྣམ་ཀུན་ནས་སེམས་པ་བཟང་པོ་དང་གཞན་ཕན་གྱི་བྱ་བར་འབད་འབུང་ཆེ་སྐྱེད་ཀྱིས་གཞོལ་དགོས་ཞེས་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་ཡོད། 

གཞན་ཡང་དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཟུར་མཇལ་ཞུ་མཁན་ཁོངས་སུ་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་དང་ Punjab Kings ཞེས་པའི་དབྱུག་རྩེད་སྤོ་ལོ་རྩེད་འགྲན་རུ་ཁག་གི་སྦྱིན་བདག་ Preity Zinta ལགས་ཀྱང་ཆེད་བཅར་ཞུས་འདུག་པ་ལྟར་མགོན་པོ་༸གང་ཉིད་མཆོག་གིས་མཇལ་མོལ་མཛད་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།