Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཚོགས་མདུན་དུ་ངོ་རྒོལ་གྱི་ལས་འགུལ་བརྒྱུད་༸པཎ་ཆེན་ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༢༨ སོང་བར་སྲུང་བརྩི།

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

དེ་རིང་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་མོ་སྟེ། དེ་སྔ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱིར་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་༸པཎ་ཆེན་༸སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་དབུས་པའི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་རྒྱ་གཞུང་གིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཏེ་མི་ལོ་ ༢༨ ཧྲིལ་པོ་འཁོར་བའི་དུས་ཚིགས་ཤིག་ཡིན་པ་དང། སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ཁྱབ་ཁོངས་ཇི་ནི་ཝ་བོད་རིགས་ཚོགས་ཆུང་གི་གོ་སྒྲིག་འོག་ཞི་བའི་ངོ་རྒོལ་སྐད་འབོད་དང་རྒྱལ་ཚོགས་སུ་ཞུ་གཏུག་གནང་བའི་ཐོག་ནས་ཉིན་མོ་དེ་སྲུང་བརྩི་ཞུས་སོང་།

ཐེངས་འདིའི་རྒྱལ་ཚོགས་མདུན་ཐང་གི་ངོ་རྒོལ་སྐད་འབོད་ལས་འགུལ་ ཐོག་སུད་སི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Isabelle Pasquier ལགས་དང། བྱེས་ཀྱི་གདན་ས་བཀྲིས་ལྷུན་པོའི་མཁན་པོ་༸སྐྱབས་རྗེ་གཟིག་རྒྱབ་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་དབུས་པའི་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ཚོགས་གཙོ། ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས། སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད། དེ་བཞིན་སུད་བོད་མཛའ་འབྲེལ་ཚོགས་པ་སོགས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་འདུ་འཛོམས་བྱུང་ཡོད་པ་རེད།

དེ་བཞིན་རྒྱལ་ཚོགས་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་དང་བསྟུན་དེ་རིང་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་མགྱོགས་གློད་བཀྲོལ་ཐོབ་ཕྱིར་ཡོ་རོབ་ཁུལ་དུ་ཞུ་གཏུག་སྐོར་སྐྱོད་ཕེབས་པ་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོའི་མཁན་པོ་༸སྐྱབས་རྗེ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་གི་མཚན་ཐོག་ལ་ཞུ་ཡིག་ཅིག་ཕུལ་ཏེ་༸པཌ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོས་ཡབ་ཡུམ་སྐུ་འཁོར་རྣམས་འཕྲལ་དུ་གློད་བཀྲོལ་དགོས་ཞེས་གཙོ་འཛིན་མཆོག་གི་ལས་ཁུངས་ཀྱི་ངོས་ནས་དེ་རིང་དུས་ཚིགས་དམ་འཛིན་གྱིས་ཡོངས་ཁྱབ་གསར་འགོད་བསྒྲགས་གཏམ་ཞིག་འདོན་སྤེལ་བརྒྱུད་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པར་མ་ཟད། རྒྱ་ནག་གཞུང་གི་ངོས་ནས་ཀྱང་ལོ་རྒྱུས་ཡུན་རིན་ལྡན་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གནང་སྲོལ་ལ་ཐེ་གཏོགས་མཚམས་འཇོག་དགོས་པ་དང་བོད་ཀྱི་ཆོས་རིག་ལོངས་སུ་སྤྱོད་རྒྱུའི་རང་དབང་སྤྲོད་དགོས་པ་སོགས་ཀྱི་དགོས་འདུན་དོན་ཚན་དྲུག་ཅན་ཆེད་བཏོན་གནང་ཡོད།

དེ་མཚུངས་སུ་ཡོ་རོབ་རྒྱལ་ཁབ་ཨི་ཊ་ལི་ནང་དུ་ཨི་ཊ་ལི་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་དང་ཨི་ཊ་ལི་བོད་རིགས་ཚོགས་པ། བོད་དོན་རྒྱབ་སྐྱོར་ཚོགས་སོགས་ཀྱིས་རང་ཉིད་སོ་སོའི་སྤྱི་ཚོགས་དྲ་ལམ་ཁག་དང་གྲོང་ཁྱེར་མི་ལ་ནོ་ལ་ས་གནས་མང་ཚོགས་ཁྲོད་རྒྱ་གཞུང་གིས་བཙན་ཁྲིད་བྱས་པའི་༸པཎ་ཆེན་༸སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐོར་འཁོད་པའི་ཡིག་ཆ་འགོད་འགྲེམས་ལས་འགུལ་སྤེལ་ནས་ཉིན་མོ་དེ་སྲུང་བརྩི་ཞུས་འདུག

རྩ་བའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཕྱི་ལོ་ ༡༩༨༩ ཕྱི་ཟླ་ ༤ ཚེས་ ༢༥ ཉིན་བོད་ནག་ཆུ་ཁུལ་ལྷ་རི་རྫོང་དུ་ཡབ་དཀོན་མཆོག་ཕུན་ཚོགས་དང༌ཡུམ་བདེ་ཆེན་ཆོས་སྒྲོན་གཉིས་ཀྱི་སྲས་སུ་༸སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༩༥ ཕྱི་ཟླ་ ༥ ཚེས་ ༡༤ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸པཎ་ཆེན་༸སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ཡོངས་གྲགས་མཛད་ཡོད་པ་རེད།  འོན་ཀྱང་ཉིན་གྲངས་གསུམ་གྱི་རྗེས་སུ་རྒྱ་གཞུང་གིས་རིན་པོ་ཆེ་མཆོག་དང་ཡབ་ཡུམ་སྐུ་འཁོར་བཅས་པ་བཙན་ཁྲིད་བྱས་པར་བརྟེན་ད་བར་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༢༨ ཧྲིལ་པོ་འཁོར་གྱི་ཡོད་པ་རེད།

དེ་བཞིན་དེ་རིང་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གཙོ་བོར་གྱུར་པའི་བཙན་བྱོལ་བོད་མི་གནས་ཡུལ་གང་སར་དབུས་དང་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ངོ་རྒོལ་སྐད་འབོད་དང་ཞབས་རིམ་གསོག་སྒྲུབ། དེ་བཞིན་མར་མེ་ཁྲོམ་སྐོར་སོགས་ཀྱི་ཐོག་ནས་ཉིན་མོ་དེ་སྲུང་བརྩི་ཞུས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།