བདེ་སྲུང་ལས་ཁུངས་ཀྱི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཞལ་བཞེས་ཁྲོད་སང་ཉིན་གྲོས་ཚོགས་རྒྱུན་ཁྱོངས་བྱ་རྒྱུ་གཏན་ཁེལ།

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།

སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དེ་རིང་སླར་ཡང་འཚོགས་ཐུབ་མེད་ཀྱང་། ཚོགས་གཙོ་གྲས་གཞོན་གཉིས་ནས་ཉིན་འཁྱོངས་སྤྱི་འཐུས་ཚོ་ཁག་སོ་སོར་གྲོས་མོལ་དང་། བདེ་སྲུང་ལས་ཁུངས་ཀྱི་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཞལ་བཞེས་ཁྲོད་སང་ཉིན་གྲོས་ཚོགས་རྒྱུན་ཁྱོངས་བྱ་རྒྱུ་གཏན་ཁེལ་བྱུང་འདུག

TPiE 2024 Session 8

དེའང་ཟླ་བ་འདིའི་ཚེས་ ༡༥ རེས་གཟའ་སྤེན་པའི་ཉིན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་ཁག་གཅིག་གིས་གཞི་རིམ་མི་མང་རེ་འབོད་ཚོགས་པའི་སྐད་འབོད་ལས་འགུལ་ཁྲོད། བདེ་སྲུང་ལས་ཁུངས་ནས་ཁོང་རྣམ་པའི་བདེ་འཇགས་ལ་འགན་ཁུར་མིན་གྱི་རྒྱུ་མཚན་འོག་གྲོས་ཚོགས་སུ་མ་བཅར་བར་བརྟེན། གྲོས་ཚོགས་ཀྱི་ངོ་ཡོད་རྩ་འབོར་གསུམ་ཆ་གཉིས་མ་ཚང་བའི་རྐྱེན་གྱིས་བཅའ་ཁྲིམས་དགོངས་དོན་གྲོས་ཚོགས་ཕྱིར་བཤོལ་གནང་དགོས་བྱུང་ཡོད་པ་མ་ཟད། དེ་རིང་སྔ་དྲོ་སྤྱི་འཐུས་ཁག་གཅིག་གྲོས་ཚོགས་སུ་ཆེད་ཕེབས་གནང་ཡང་། བཀའ་ཤག་ནས་དེ་འབྲེལ་བརྡ་ལན་མ་འབྱོར་བའི་རྒྱུ་མཚན་ཁྲོད་དེ་རིང་སླར་ཡང་གྲོས་ཚོགས་འཚོགས་མ་ཐུབ་པའི་གནས་སུ་གྱུར་ཡོད།

TPiE 2024 Session 8

རྩ་བའི་ད་རིང་གཞི་རིམ་མི་མང་རེ་འབོད་ཚོགས་པས་སི་སྦོལ་ཐང་ཆེན་དུ་མུ་མཐུད་འདུ་འཛོམས་གནང་བ་ལས་རེས་གཟའ་སྤེན་པ་བཞིན་གྲོས་ཚོགས་གཡས་གཡོན་དུ་མངོན་རྒྱུ་མེད་པ་དང་། གསར་འགོད་པའི་སྤྱི་འཐུས་ཚོགས་གཙོར་བཅར་འདྲི་ཞུ་ཐབས་ཞུས་ཀྱང་ལན་འདེབས་གནང་མེད་པ་དང་། སྲིད་སྐྱོང་དབུས་པའི་བཀའ་བློན་རྣམ་པ་དེ་རིང་ཉིན་རྒྱབ་བར་བདེ་སྲུང་ལས་ཁུངས་སུ་གནད་དོན་དེ་དང་འབྲེལ་བཀའ་ཤག་ལྷན་རྒྱས་ཚོགས་ཡོད་པ་ལྟར། བཀའ་ཤག་ལྷན་རྒྱས་མཇུག་བསྒྲིལ་རྗེས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་བཀའ་འདྲི་ཞུས་ཀྱང་། ཁོང་གིས་བཀའ་ཤག་ངོས་ནས་ཚོགས་གཙོ་གྲས་གཞོན་གཉིས་ལ་ཕྱག་བྲིས་ཕུལ་ཟིན་པས་དེ་དོན་གང་ཡང་གསུང་ཡག་མེད་པ་འགྲེལ་བརྗོད་གནང་སོང་།

TPiE 2024 Session 8

གང་ལྟར་ཉིན་རྒྱབ་ཚོུད་ ༣།༣༠ ཙམ་ལ་ཆོས་ལུགས་སྤྱི་འཐུས་རྣམས་དང་བཀའ་མོལ་གནང་འཕྲལ། གསར་འགོད་པས་སྤྱི་འཐུས་ཨ་ཕྲུག་ཚེ་བརྟན་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས་བདེ་སྲུང་ལས་ཁུངས་ནས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཞལ་བཞེས་གནང་ཡོད་པས་སང་ཉིན་གྲོས་ཚོགས་རྒྱུན་འཁྱོངས་བྱ་རྒྱུ་གཏན་ཁེལ་བྱུང་ཡོད་པ་གསུངས་སོང་།

Atuk Tseten

གཞི་རྩའི་ཁ་སང་སྔ་དྲོར་གཞི་རིམ་མི་མང་ལས་འགུལ་ཚོགས་པའི་ཚོགས་མི་རྣམས་ནས་གྲོས་ཚོགས་ཀྱི་ཕྱི་རུ་ཁྲིམས་ཞིབ་པ་བསྐོ་གཞག་དགོས་པའི་སྐད་འབོད་ཀྱི་ལས་འགུལ་སྤེལ་བ་དང་འབྲེལ་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་རྣམ་གཉིས་དང་ལྷན་བཀའ་མོལ་ཡོང་བའི་དགོས་འདུན་བཏོན་པའི་ཁྲོད། སྤྱི་འཐུས་ཁག་གཅིག་ཉིན་རྒྱབ་ཀྱི་ཚོགས་དུས་ཐོག་བདེ་འཇགས་ཀྱི་རྒྱུ་མཚན་འོག་བཅར་མེད་པ་རེད།

The Call of General Public

གཞི་རིམ་མི་མང་རེ་འབོད་ཚོགས་པས་དེ་རིང་གསར་འགོད་གསལ་བསྒྲགས་ཞིག་འདོན་སྤེལ་གནང་བའི་ནང་། ཁོང་རྣམས་ཀྱིས་སྤྱི་འཐུས་རྣམ་པ་སུ་ལའང་བདེ་འཇགས་ལ་གནོད་སྐྱོན་གྱི་ལས་འགུལ་སྤེལ་མེད་ལ་སྤེལ་རྩིས་མེད་ཅེས་དང་། དེའི་སྐོར་བདེ་སྲུང་ལས་ཁུངས་སུའང་ཡིག་ཐོག་ཕུལ་ཟིན་ཡོད་སྐོར་གསུངས་པ་དང་འབྲེལ། ཁ་སང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་གསར་འགོད་པར་ལན་འདེབས་ཁྲོད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་གནད་དོན་ལ་བསྒྱུར་བ་བཏང་དགོས་ཀྱི་ཡོད་པ་དང་། ཁྲིམས་ཞིབ་པ་བསྐོ་དགོས་ཀྱི་ཡོད་པ་དེ་ང་ཚོའི་ལས་འགན་རེད་ལ་ཧ་གོ་གི་ཡོད་ཅེས་གསུངས་པ་ལྟར། ཁ་ཞེ་གཉིས་མེད་ཡིན་ན་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལས་རིམ་དེ་བཞིན་འཕྲལ་དུ་གྲོས་ཚོགས་ནང་གཏན་འབེབས་གནང་རོགས་ཅེས་འབོད་སྐུལ་ཞུས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།

Monday 09/11/2026