Tibetan Royal Year of 2151 | Year of the Wood Dragon

བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་ཀྱི་རོགས་ཚོགས་ཚོགས་ཆེན་དབུ་འཛུགས།

Tibetan News Headlines

  • Dalai Lama received Kalu Rinpoche and more than 400 devotees in an audience
  • Tibetans hold peace rally calling for the release of Panchen Lama on the anniversary of his abduction
  • Tibet Museum celebrates International Museum Day with art exhibition by local Tibetan artists and writers
  • Central Tibetan Administration congratulates new Co-Chair for Australian Parliamentary Group for Tibet, Senator Barbara Pocock
  • Interview on CTA’s scholarship and excellence award

རེས་གཟའ་པ་སངས། ༢༠༢༤།༠༥།༡༧

  • ༸གོང་ས་མཆོག་གིས་དེ་རིང་ཀར་ལུ་རིན་པོ་ཆེ་དབུས་པའི་དད་ལྡན་ཆོས་ཞུ་བ་ ༤༠༠ ལྷག་ལ་མཇལ་ཁ་སྩལ་འདུག
  • དགོས་འདུན་དོན་ཚན་བཞིའི་ཐོག་ནས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་གསལ་བཏོན་དགོས་པའི་ཞི་བའི་གོམ་བགྲོད།
  • རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༧ པ་སྲུང་བརྩི།
  • ལྕམ་སྐུ་ Barbara Pocock ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་གསར་པར་བསྐོ་བཞག་བྱུང་བར་འཚམས་འདྲི།
  • བོད་མིའི་སྒྲིག་འཛུགངས་ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅིུས་ཀྱི་བསླབ་པ་ཐར་སོན་པ་རྣམས་ལ་སློབ་ཡོན་ཇི་ཡོད་སྐོར་བཅར་འདྲི།

དེ་རིང་ཕྱི་ཟླ་ ༨ ཕྱི་ཚེས་ ༣༡ ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་གོ་སྒྲིག་འོག་བཞུགས་སྒར་གངས་སྐྱིད་དུ་གསར་རྒྱག་ཞུས་པའི་ལས་བྱེད་གསོལ་ཐབ་ཁང་གི་ཡང་སྟེང་ཚོགས་ཁང་དུ་རྒྱལ་སྤྱིའི་ས་གནས་གང་སར་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་རོགས་ཚོགས་ཁག་གི་ཚོགས་ཆེན་ཞིག་དབུ་འཛུགས་གནང་སོང་།  

ཚོགས་ཆེན་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་ཕྱག་སྦྲེལ་བཀའ་བློན་རྣམ་པ། ལས་ཁུངས་ཁག་གི་དྲུང་ཆེ་གཙོས་དཔལ་འབྱོར་དང་ལས་འཆར་འཆར་འགོད་སྡེ་ཚན་གྱི་འབྲེལ་ཡོད་ལས་བྱེད། ལྷག་པར་ཨ་རི་དང་ཉི་ཧོང་། ཡོ་རོབ་རྒྱལ་ཁབ་སོགས་ནས་ཆེད་ཕེབས་གནང་བའི་བོད་མིའི་སྒྲིག་འཛུགས་ཀྱི་རོགས་ཚོགས་ཁག་གི་གནད་ཡོད་མི་སྣ་དང་འབྲེལ་ཡོད་སྐུ་ཚབ་སོགས་མཉམ་ཞུགས་གནང་འདུག

སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉེ་ལམ་ཕྱི་ཟླ་ ༤ ནང་དབུ་འབྱེད་གནང་བའི་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་ ༡༦ པའི་ཕུགས་དམིགས་ཡིག་ཆར་འཁོད་པའི་བོད་ཀྱི་གལ་གནད། བོད་དོན་བདེན་མཐའ་གསལ་ཐབས། དབུ་མའི་ལམ། བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ནུས་ཤུགས་གོང་སྤེལ་བཅས་དོན་ཚན་ཆེ་ཁག་བཞིའི་ནང་དོན་དང་གལ་གནད། དེ་བཞིན་ཕུགས་དམིགས་ཁག་ཚོགས་བཅར་བ་རྣམས་ལ་འགྲེལ་བརྗོད་གནང་ཡོད། 

སྲིད་སྐྱོང་མཆོག་གིས་ཐེངས་འདིའི་ལྷན་ཚོགས་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་དགོས་མཁོ་དང་འཆར་གཞི། དེ་བཞིན་རོགས་ཚོགས་རྣམ་པའི་རོགས་རམ་གནང་སྟངས་དང་འགྲོ་ལུགས་འགྲོ་སྟངས་སོགས་ཕྱོགས་ཡོངས་ཀྱི་གནད་དོན་ཐོག་གྲོས་བསྡུར་ཞིབ་རྒྱས་གནང་བའི་ཡིད་ཆེས་ཡོད་ཅེས་སོགས་གསུངས་ཡོད།

གཞི་རྩའི་དེ་རིང་བཞུགས་སྒར་དུ་དབུ་འཛུགས་གནང་བའི་བོད་མིའི་སྒྲིག་འཛུགས་ཀྱི་རོགས་ཚོགས་ཚོགས་ཆེན་འདི་ནི་དེ་སྔ་བཀའ་ཤག་སྐབས་ ༡༢ པའི་སྐབས་སུ་དེ་འབྲེལ་ལྷན་ཚོགས་ཤིག་ཚོགས་པའི་རྗེས་སུ་རོགས་ཚོགས་ཀྱི་ལྷན་ཚོགས་ཚོགས་པ་དང་པོ་དེ་ཆགས་ཀྱི་འདུག་པ་དང་། ལྷན་ཚོགས་ཐོག་ཁྱོན་རོགས་ཚོགས་ཉི་ཤུ་ལྷག་གི་གནད་ཡོད་མི་སྣ་དང་སྐུ་ཚབ་སོགས་ནས་མཉམ་ཞུགས་གནང་ཡོད་པ་རེད།

ལྷན་ཚོགས་ཀྱི་བར་སེང་སྐབས་སུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་ང་ཚོ་བཙན་བྱོལ་ནང་འབྱོར་བ་ནས་བཟུང་སྟེ་ད་བར་གཙོ་ཆེ་ཤོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་དང་། དེ་བཞིན་རོགས་ཚོགས་ཁག་གིས་རྒྱབ་སྐྱོར་གནང་བར་བརྟེན་འཚོ་བཞིན་ཡོད་སྟབས་རོགས་ཚོགས་ལ་བཀའ་དྲིན་རྗེས་དྲན་དང་། ཡོད་བཞིན་པའི་རོགས་རམ་གྱི་ལས་གཞི་ཁག་ཚགས་ཚུད་དུ་གཏོང་ཐབས། ལྷག་དོན་ཕྱོགས་ཡོངས་ཀྱི་གནས་སྟངས་ཤེས་པའི་ཐོག་ནས་སྒྲིག་འཛུགས་ཀྱི་ལས་གཞི་ཁག་ཀྱང་ཕུགས་རྒྱང་ལྡན་པ་བཟོ་ཐུབ་རྒྱུ་གལ་ཆེན་པོ་ཆགས་ཡོད་པ་སོགས་གསུངས་སོང་།

གཞན་ཡང་སྔ་དྲོའི་ཚོགས་དུས་ཐོག་དཔལ་འབྱོར་དྲུང་ལས་བསྟན་འཛིན་ནོར་བཟང་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་འཆར་དང་རོགས་དངུལ་གནས་བབ་སོགས་ཀྱི་སྐོར་ལ་གསུང་བཤད་གནང་སོང་པ་དང་། དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་རིང་གི་ཚོགས་འདུ་ཐོག་རོགས་ཚོགས་རྣམས་ཀྱིས་ད་བར་བོད་མིའི་སྒྲིག་འཛུགས་ལ་རོགས་སྐྱོར་གནང་བའི་ལས་གཞི་དང་མ་འོངས་ལས་འཆར་སོགས་ངོ་སྤྲོད་རྒྱུ་གཙོས། འབྲེལ་ཡོད་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ལས་བྱེད་དང་ལྷན་དུ་གྲོས་བསྡུར་སྦྱང་ཤེས་སོགས་གནང་གི་ཡོད་པ་རེད།  

འབྲེལ་ཡོད་གསར་གནས།

གསར་གནས།