Tibetan Royal Year of 2151 | Year of the Wood Dragon

བོད་ནང་གི་གདན་ས་ཁག་ཏུ་བཞུགས་མོལ་ཚོགས་འདུ་ཐེངས་ ༧ པའི་སྐོར་སློབ་སྦྱོང་སྤྲད་པ།

Tibetan News Headlines

  • Himachal Government schools to implement SEE learning
  • Dalai Lama grants an audience to Tibet supporters from Japan
  • Mass relocations of Tibetans not voluntary, villagers coerced by extreme pressure: HRW
  • Three-day Tibetan settlement cooperative’s conference begins in Dharamshala
  • Idea to Execution: Dalai Lama College hosts EntrepExpo

རེས་གཟའ་ལྷག་པ། ༢༠༢༤།༠༥།༢༢

  • ཧི་མཱ་ཅལ་མངའ་སྡེའི་ནང་ SEE ཤེས་ཡོན་ལག་བསྟར་དབུ་འཛུགས་གནང་རྒྱུའི་མཛད་སྒོ་ཞིག་འཚོགས་སོང་།
  • ༸གོང་ས་མཆོག་གིས་ཉི་འོང་སྐུ་ཚབ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • རྒྱ་གཞུང་གིས་ཚད་ལས་བརྒལ་བའི་གནོན་ཤུགས་འོག་བོད་མི་རྣམས་བཙན་གྱིས་གཞིས་སྤོས་བྱེད་བཞིན་པ་ར་སྤྲོད་གནང་འདུག
  • བོད་མིའི་མཉམ་འབྲེལ་བསྐྱར་ཞིབ་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས་གནང་བ།
  • ཏྰ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་གིས་ཉིན་གྲངས་གཉིས་རིང་ཚོང་རིགས་ཁྲོམ་སྟོན་གནང་འདུག

བོད་རང་སྐྱོང་ལྗོངས་ཟེར་བའི་ཁུལ་གྱི་དགོན་སྡེ་དང་གདན་ས་ཁག་གི་ནང་དུ་དགེ་འདུན་པ་རྣམས་ཉེ་ལམ་ཕྱི་ཟླ་ ༨ པའི་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་སྲིད་འཛིན་ཞི་ཅིན་ཕིང་གཙོ་བྱས་པའི་རྒྱ་ནག་དབུས་ཆབ་སྲིད་ཁང་གི་དབུས་རྒྱུན་ཁག་ཅིག་མཉམ་ཞུགས་བྱས་པའི་སྒོ་ནས་སྐོང་ཚོགས་ཀྱིས་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ ༧ པའི་སྐོར་ལ་སློབ་གཉེར་ཚོགས་འདུ་ཞིག་སྐོང་ཚོགས་བྱས་ཏེ་སློབ་སྦྱོང་སྤྲད་ཡོད་པ་རེད་འདུག

དེ་ཡང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་གནས་ལྟ་ཞིབ་ཁང་དང་དབྱིན་ཡུལ་ནང་བརྟེན་གཞི་བྱས་པའི་བོད་རང་དབང་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བ་སྔོན་མའི་ཕྱི་ཚེས་ ༨ ཉིན་ནག་ཆུ་ཁུལ་གྱི་རྙིང་མ་དགོན་པའི་འཛིན་སྐྱོང་ལྷན་ཚོགས་ཀྱིས་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ ༧ པའི་སྐོར་ལ་སློབ་གཉེར་ཚོགས་འདུ་ཞིག་སྐོང་ཚོགས་གནང་འདུག་པ་མ་ཟད། ཕྱི་ཟླ་ ༩ ཚེས་ ༢༥ ཉིན་གཞིས་ཀ་རྩེ་ཁུལ་དུ་རྟེན་གཞི་བྱས་པའི་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གདན་ས་ཆེན་མོ་བཀྲིས་ལྷུན་པོའི་ནང་དུའང་བཞུགས་སྨོལ་ཚོགས་འདུ་དེའི་སྐོར་ལ་ཟབ་ཁྲིད་བྱ་རྒྱུའི་ཚོགས་འདུ་ཞིག་སྐོང་ཚོགས་བྱས་པ་བཀོད་འདུག
གདན་ས་བཀྲིས་ལྷུན་པོའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ངེས་སྟོན་པའི་མགྲིན་ཚབ་པ་ཙོང་ཁ་ཨ་བརྟན་ཞེས་པ་ཞིག་གིས་ཁུལ་དེར་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་རྒྱ་ནག་གཞུང་གི་ཁྲིམས་དང་མཐུན་པའི་སྒོ་ནས་གོ་སྒྲིག་ཞུ་དགོས་པ་མ་ཟད། རྒྱ་ནག་རྒྱལ་ཁབ་ཀྱི་ཁྱད་ཆོས་དང་ལྡན་པའི་སྒོ་ནས་གོ་སྒྲིག་ཞུ་དགོས་ཀྱི་ཡོད་སྐོར་དང་། ཉེ་བའི་ཆར་གདན་ས་བཀྲིས་ལྷུན་པོའི་ནང་དུ་སྐོང་ཚོགས་བྱས་པའི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ ༧ པའི་སྦྱོང་བརྡར་དེའི་ཐོག་དགེ་འདུན་པ་ ༣༠༠ ལྷག་གིས་མཉམ་ཞུགས་གནང་ཡོད་པ་འགྲེལ་བརྗོད་བྱས་འདུག
བོད་རང་དབང་ཚོགས་པས་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གཙོས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཞུ་རྒྱུ་དང་འབྲེལ་ནས་རྒྱ་ནག་དམར་པོའི་གཞུང་གིས་ཁྲིམས་ཐོག་ནས་དམ་དྲག་ཆེ་རུ་གཏོང་གི་ཡོད་པ་མ་ཟད། གཞིས་བཞུགས་དགེ་འདུན་པ་རྣམས་ལ་དམིགས་བཀར་གྱིས་ཁ་བྲལ་ལ་གདོང་ལེན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་གཞི་རིམ་སློབ་གྲྭ་ཁག་ཏུ་སློབ་གསོ་སོགས་ཀྱི་ཐོག་ནས་རྒྱལ་ཞེན་གྱི་བསམ་བློ་ཆེ་རུ་གཏོང་གི་ཡོད་པ་འགྲེལ་བརྗོད་གནང་འདུག
གཞི་རྩའི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ ༧ པ་དེ་ཟླ་ ༨ ཚེས་ ༢༨ དང་ ༢༩ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་སྲིད་འཛིན་ཞི་ཅིན་ཕིང་གཙོས་པའི་རྒྱ་ནག་དབུས་ཆབ་སྲིད་ཁང་གི་དབུས་རྒྱུན་ཁག་ཅིག་མཉམ་ཞུགས་བྱས་པའི་སྒོ་ནས་སྐོང་ཚོགས་བྱས་ཡོད་པ་མ་ཟད། སྐབས་དེར་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྐྱོང་བའི་སྔོན་ལ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བའི་སྔོན་ལ་བོད་ནང་བརྟན་བརླིང་དགོས་པ། ལྷག་པར་དུ་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཆམ་མཐུན། དེ་བཞིན་བོད་བརྒྱུད་ནང་བསྟན་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པ་ཞིག་བཟོ་དགོས་གལ་ཡིན་པ། དེ་་བཞིན་མང་ཚོགས་ཁྲོད་ཁ་བྲལ་རིང་ལུགས་ལ་གདོང་ལེན་གྱི་བསམ་བློ་ཆེས་ཆེར་སྤེལ་དགོས་པ། དེ་བཞིན་སློབ་གྲྭ་ཁག་ཏུ་ངའི་ཀྲུང་ཧྭ་ཞེས་པའི་རྒྱལ་ཞེན་གྱི་བསམ་བློ་ཆེ་རུ་གཏོང་དགོས་པ་སོགས་བརྗོད་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།