བོད་པའི་དགེ་འདུན་པ་ཁག་གཅིག་ཕྱིར་འབུད་བཏང་རྐྱེན་ཨུ་རུ་སུའི་བོད་བརྒྱུད་ནང་བསྟན་གྱི་དུས་སྟོན་ཞིག་ཕྱིར་འཐེན།

Tibetan News Headlines

  • In conversation with Asanga Vajra Rinpoche of the Khön Family of Sakya Phuntsok Phodrang

ཪེས་གཟའ་སྤེན་པ། ༢༠༢༦།༡༡།༠༧

  • དཔལ་ས་སྐྱ་པ་ཕུན་ཚོགས་ཕོ་བྲང་གི་འཁོན་གདུང་༸སྐྱབས་མཆོག་ཨ་སངྒ་བཛྲ་རིན་པོ་ཆེ་དང་གླེང་མོལ།

ཨུ་རུ་སུའི་གཞུང་གིས་རྒྱ་གར་ནས་ཕེབས་པའི་བོད་པའི་དགེ་འདུན་པ་ཁག་ཅིག་ལ་དགོས་གལ་ཆོག་མཆན་མེད་པར་ཆོས་ཕྱོགས་ཀྱི་བྱ་བ་སྤེལ་བའི་ཉེས་འཛུགས་འོག་ཟླ་བ་འདིའི་ཚེས་ ༨ ཉིན་ཕྱིར་འབུད་བཏང་བར་བརྟེན།  ཡུལ་དེའི་རྒྱལ་ས་མོ་སི་ཀོ་ནང་གི་ནང་པའི་དུས་སྟོན་ཞིག་ཕྱིར་འཐེན་བྱ་དགོས་བྱུང་འདུག

དེ་ཡང་ The Moscow Times གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། ཨུ་རུ་སུའི་ཉེན་རྟོག་པས་འདི་ཚེས་ ༤ ཉིན་རྒྱལ་ས་མོ་སི་ཀོ་ནང་རྟེན་གཞི་བྱས་པའི་ Rassvet རིག་གཞུང་ལྟེ་གནས་སུ་ཚོགས་པའི་ནང་པའི་དུས་སྟོན་ཞིག་ལ་བཙན་འཛུལ་བྱས་ཏེ། མཉམ་ཞུགས་པ་དང་གོ་སྒྲིག་བྱེད་མཁན་འགའ་ཞིག་འཛིན་བཟུང་བྱས་ཡོད་པ་མ་ཟད། དུས་སྟོན་དེའི་སླད་ཆེད་མངགས་རྒྱ་གར་ནས་ཕེབས་པའི་རྒྱུད་སྨད་གྲྭ་ཚང་གི་དགེ་འདུན་པ་ཁག་གཅིག་རྒྱལ་ཁབ་དེ་ནས་ཕྱིར་ལོག་བཏང་འདུག

སྤྱིར་ནང་པའི་དུས་སྟོན་དེ་བཞིན་ཟླ་འདིའི་ཚེས་ ༤ ནས་ ༡༥ བར་རྒྱལ་ས་མོ་སི་ཀོ་ནང་ཚོགས་གཏན་འཁེལ་ཡང་། དུས་སྟོན་དེའི་གོ་སྒྲིག་པ་ Nalanda ན་ལེནྜའི་ཐེབས་རྩ་ཚོགས་པས་ཨུ་རུ་སུའི་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་ Vkontakte ཐོག དོན་གྱི་གཙོ་བོ་རྒྱུད་སྨད་གྲྭ་ཚང་གི་དགེ་འདུན་པ་རྣམས་མེད་པའི་གནས་སྟངས་འོག ང་ཚོས་དུས་སྟོན་འདི་མུ་མཐུད་སྤེལ་རྒྱུ་ནི་འོས་འཚམས་ཞིག་ཏུ་མི་མཐོང་ཞེས་བརྗོད་འདུག དུས་སྟོན་གོ་སྒྲིག་པས་བརྗོད་དོན་ལྟར་ན། དགེ་འདུན་པ་རྣམས་ཆོས་ལུགས་ཀྱི་མཐོང་མཆན་ཐོག་ཨུ་རུ་སུར་ཕེབས་པ་ཞིག་ཡིན་པ་དང་། ཁོང་ཚོའི་ཡིག་ཆ་རྣམས་འབྲེལ་ཡོད་སྒྲིག་གཞི་ལྟར་བཟོས་ཡོད་ཀྱང་། ཁྲིམས་འཛིན་ལས་ཁུངས་ཀྱིས་ཁོང་ཚོར་ཆོས་ལུགས་དང་མ་འབྲེལ་བའི་སྤྱི་པའི་ས་ཆར་ཆོས་ལུགས་ཀྱི་མཛད་སྒོ་སྤེལ་བའི་དམིགས་བསལ་ཆོག་མཆན་མེད་པའི་ཉེས་འཛུགས་བྱས་ཏེ་ཕྱིར་འབུད་བཏང་བ་རེད་འདུག

Nalanda ནཱ་ལེནྜའི་ཐེབས་རྩ་ཚོགས་པའི་ Dina Kozhukhova ལགས་ཀྱིས་ VKontake སྤྱི་ཚོགས་དྲ་ལམ་ཐོག ཐེངས་འདིའི་གནས་ཚུལ་རྐྱེན་གྱིས་ཨུ་རུ་སུའི་ནང་པ་རྣམས་ལ་ཕོག་ཐུག་བཏང་ཡོད་པ་དང་། ལྷག་པར་དུ་རྒྱུ་མཚན་འདི་ལྟ་བུའི་ཐོག་ནས་ཕོག་ཐུག་གཏོང་བ་ནི་ཐབས་སྡུག་གཅིག་ཡིན་པ་འགྲེལ་བརྗོད་དང་སྦྲགས། རྒྱུད་སྨད་གྲྭ་ཚང་གི་དགེ་འདུན་པ་དེ་དག་སླར་ཡང་ཨུ་རུ་སུར་ཆེད་ཕེབས་ཐུབ་པའི་རེ་བ་ཡོད་སྐོར་གསུངས་འདུག

འདི་ག་རླུང་འཕྲིན་ཁང་གིས་དོ་དག་དགེ་འདུན་པ་ཞིག་ལ་བཀའ་འདྲི་ཞུ་སྐབས། ད་རེས་རྒྱུད་སྨད་གྲྭ་ཚང་གི་དགེ་འདུན་པ་རྣམས་ཨུ་རུ་སུའི་རྒྱལ་ས་ Moscow མོ་སི་ཀོ་དང་། St. Petersburg དེ་བཞིན་ Tuva ཐུ་ཝ་བཅས་སུ་ཁྱོན་ཟླ་བ་གཅིག་མ་ཟིན་ཙམ་གྱི་ཆོས་འབྲེལ་མཛད་འཆར་ཡོད་པ་དང་། ཁོང་རྣམ་པའི་མཐོང་ཆེན་སོགས་ཡིག་ཆ་ཆ་ཚང་ཚང་ཡོད་ཀྱང་། གནས་སྟངས་དེ་འདྲའི་འོག་རྒྱལ་ཁབ་ནས་ཕྱིར་ལོག་བཏང་བ་དེའི་རྒྱབ་ཏུ་རྒྱ་ནག་གི་གནོན་ཤུགས་ཡོད་པ་འགྲེལ་བརྗོད་གནང་སོང་།

རྩ་བའི་ནཱ་ལེནྜ་ཆོས་ཚོགས་ཀྱིས་སྤྱི་ཚོགས་དྲ་ལམ་ཐོག་གནས་ཚུལ་དེ་མ་སྤེལ་གོང་གསར་འགྱུར་བརྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་དེ་ཐོན་ཟིན་པ་དང་། དེ་དག་ནང་དགེ་འདུན་པ་རྣམས་ད་རེས་ཨུ་རུ་སུ་ནས་ཕྱིར་ལོག་གཏང་དགོས་པའི་རྒྱུ་མཚན་ནི། ཁོང་རྣམ་པས་དེ་སྔ་ཕྱི་ལོ་ ༢༠༢༣ ལོར་ཡུཀ་རེན་གྱི་དམག་ལ་སྐྱོན་བརྗོད་གནང་བའི་རྐྱེན་གྱིས་ཨུ་རུ་སུའི་གཞུང་ནས་ཕྱིའི་རྒྱལ་ཁབ་ཀྱི་གསང་ཉུལ་ཡིན་པའི་ནག་ཉེས་བཙུགས་པའི་རུ་སོག་བོད་ཀྱི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གི་དཔེ་དེབ་ཞིག་འགྲེམས་སྤེལ་བྱས་པའི་རྐྱེན་གྱི་ཡིན་ཚུལ་བརྗོད་འདུག

Kalmykia ཀལ་མུ་ཀི་ཡའི་ལོ་རྒྱུས་སྨྲ་བ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ Dr. Maria Ochir-Goryaeva ཀྱིས་ Moscow Times གསར་ཁང་ལ་ཀལ་མུག་པ་ཚོར་མཚོན་ན། ང་ཚོའི་ཆོས་དེ་ཧ་ཅང་གལ་ཆེན་པོ་རེད། ནང་ཆོས་དེ་མི་ཚང་མའི་མི་ཚེའི་སྙིང་པོ་དང་མི་རིགས་ཀྱི་ངོ་བོ་མཚོན་གྱི་ཡོད་སྐོར་གསུང་བ་དང་ཆབས་གཅིག  ལོ་རབས་སུམ་ཅུ་པའི་ནང་ཀལ་མུག་གི་ལོ་རྒྱུས་ནང་གི་ནང་པའི་ལྷ་ཁང་ཚང་མ་ཨུ་རུ་སུའི་དམར་པོའི་གཞུང་གིས་རྩ་གཏོར་བཏང་བའི་ལོ་རྒྱུས་ལུང་འདྲེན་གནང་སྟེ། ད་རེས་ཨུ་རུ་སུའི་གཞུང་གིས་བོད་པའི་དགེ་འདུན་པ་རྣམས་རྒྱལ་ཁབ་ནས་ཕྱིར་འབུད་བཏང་བ་དང་། དེ་བཞིན་ཏེ་ལོ་རིན་པོ་ཆེ་མཆོག་ལྟ་བུའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཐོག་སྤེལ་བའི་དེ་སྔའི་བྱ་སྤྱོད་དེ་དག་གིས་ཉེ་རབས་ལོ་རྒྱུས་ཁྲོད་ཨུ་རུ་སུ་དམར་པོའི་སྤྲད་པའི་དཀའ་ངལ་དེ་དག་དྲན་གསོ་བྱེད་ཀྱི་ཡོད་སྐོར་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།