Tibetan Royal Year of 2151 | Year of the Wood Dragon

བོད་མིའི་རྩ་དོན་ཆེད་བོད་མི་ཚང་མས་འགན་བཞེས་དགོས་བའི་སྐུལ་མ་གནང་སོང་།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

ཨ་རིའི་ཁུལ་དུ་གནས་སྡོད་བྱེད་མཁན་གྱི་བོད་དོན་ལས་འགུལ་བ་བསྟན་པ་འཇམ་དབྱངས་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ལོ་ནས་བཟུང་གཟའ་ལྷག་མ་བསྟུན་མར་རྒྱ་ནག་གཞུང་ཚབས་ཁང་དུ་སོང་ནས་བོད་དོན་གྱི་ལས་འགུལ་སྤེལ་བཞིན་ཡོད་རེད།  དེ་རིང་འདི་གའི་གསར་འགོད་པས་ཁ་པར་གྱི་ལམ་ནས་ཁོང་གི་ལས་འགུལ་གྱི་སྐོར་ལ་བཅར་འདྲི་བྱས་པར་ཁོང་གིས་བོད་ནང་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་བརྒྱ་དང་དྲུག་ཅུ་ལྷག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་ལ་ངོ་རྒོལ་བྱས་ཡོད་པ་དང་། ཉེ་ཆར་ཡང་བོད་ནང་དུ་༸གོང་ས་མཆོག་གི་སྐུ་པར་ཉར་ཚགས་བྱས་པ་ལ་བརྟེན་ནས་རྒྱ་ནག་གིས་བོད་མི་བརྒྱ་ལྷག་འཛིན་བཟུང་བྱས་པའི་གནད་དོན་ལུང་འདྲེན་གནང་བ་དང་འབྲེལ་ནས། བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་རང་འགན་རང་ཁུར་གྱིས་ལས་འགུལ་མ་སྤེལ་བ་ཡིན་ན་རྒྱ་ནག་གིས་རྒྱལ་སྤྱིའི་ཐོག་རྫུན་བསྒྲགས་བྱེད་བཞིན་པའི་བོད་ཀྱི་གནད་དོན་དེ་བདེན་པ་ལྟ་བུར་ཆགས་ཉེན་ཡོད་སྟབས། འཛམ་གླིང་གི་ས་ཕྱོགས་གང་སར་བཞུགས་པའི་བོད་མི་ཡོངས་ཀྱིས་རྒྱ་ནག་ལ་ཕྱོགས་པའི་ལས་འགུལ་གྱི་རིགས་མང་ཙམ་སྤེལ་རྒྱུ་གལ་ཆེན་པོ་ཡིན་པར་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།