Tibetan Royal Year of 2151 | Year of the Wood Dragon

མོན་གྷོ་འདོད་རྒུ་གླིང་གི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སླར་དབུས་ཀྱི་བོད་ཀྱི་གཞོན་ནུའི་སྒྲིག་འཛུགས་ནང་ཞུགས་ཐུབ་པ་བྱུང་བ།

Tibetan News Headlines

  • Dalai Lama received Kalu Rinpoche and more than 400 devotees in an audience
  • Tibetans hold peace rally calling for the release of Panchen Lama on the anniversary of his abduction
  • Tibet Museum celebrates International Museum Day with art exhibition by local Tibetan artists and writers
  • Central Tibetan Administration congratulates new Co-Chair for Australian Parliamentary Group for Tibet, Senator Barbara Pocock
  • Interview on CTA’s scholarship and excellence award

རེས་གཟའ་པ་སངས། ༢༠༢༤།༠༥།༡༧

  • ༸གོང་ས་མཆོག་གིས་དེ་རིང་ཀར་ལུ་རིན་པོ་ཆེ་དབུས་པའི་དད་ལྡན་ཆོས་ཞུ་བ་ ༤༠༠ ལྷག་ལ་མཇལ་ཁ་སྩལ་འདུག
  • དགོས་འདུན་དོན་ཚན་བཞིའི་ཐོག་ནས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་གསལ་བཏོན་དགོས་པའི་ཞི་བའི་གོམ་བགྲོད།
  • རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༧ པ་སྲུང་བརྩི།
  • ལྕམ་སྐུ་ Barbara Pocock ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་གསར་པར་བསྐོ་བཞག་བྱུང་བར་འཚམས་འདྲི།
  • བོད་མིའི་སྒྲིག་འཛུགངས་ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅིུས་ཀྱི་བསླབ་པ་ཐར་སོན་པ་རྣམས་ལ་སློབ་ཡོན་ཇི་ཡོད་སྐོར་བཅར་འདྲི།

དེ་ཡང་ ༢༠༡༣ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༥ པའི་ཐོག་བོད་ཀྱི་གཞོན་ནུའི་རང་བཙན་གྱི་ལངས་ཕྱོགས་ལ་བཅོས་བསྒྱུར་དགོས་མིན་གྱི་ཐད་བསམ་ཚུལ་མི་མཐུན་པ་བྱུང་བར་བརྟེན། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་དང་ཧུན་སུར། ཀོ་ལི་གྷལ། མོན་གྷོ། སྦེང་ལོར། སྤོན་ཊ། ལ་དྭགས། ཌ་ལ་ཧོ་སི་བཅས་ཀྱི་ས་གནས་ཁག་བརྒྱད་ཀྱི་གཞོན་ནུ་ལྷན་ཚོགས་རྣམས་ཀྱིས་དབུས་བོmongodད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་ཁོངས་ནས་ཕྱིར་ཐོན་བྱས་པ་ཡོད་པ་རེད། དེར་བརྟེན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཆིག་སྒྲིལ་གྱི་ནུས་པ་ཧ་ཅང་ཉམ་དམས་སུ་སོང་པའི་སྣང་ཚུལ་བྱུང་སྟབས། ཐེངས་མང་པོར་ལངས་ཕྱོགས་མི་མཐུན་པའི་དཀའ་རྙོག་དེ་སེལ་ཆེད་དུ་ཕན་ཚུན་གྲོས་མོལ་དང་ལྷན་ཚོགས་ཐེངས་མང་གནང་ཡང་གྲུབ་འབྲས་གང་ཡང་སོམ་མེད་པ་རེད།
འོན་ཀྱང་ཁ་ས་ཕྱི་ཟླ་ ༨ ཚེས་ ༥ ཉིན་དབུས་ཀྱི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཆེ་གཉིས་བོད་མིའི་གཞིས་སྒར་མོན་གྷོ་ས་གནས་ལ་ཆེད་བསྐྱོད་ཀྱིས་ཁུལ་དེའི་གཞོན་ནུའི་ཚོགས་ཁང་དུ་མོན་གྷོ་ས་གནས་ཀྱི་གནས་ཡོད་མི་སྣ་རྣམས་མཉམ་ཞུགས་ཐོག་མོན་གྷོ་གཞོན་ནུ་ལྷན་ཚོགས་དང་ཞི་འགྲིག་ཡོང་བར་གྲོས་མོལ་གནང་སྟབས། ཁ་སང་ཕྱི་དྲོ་ཚོུད་ ༤།༠༠ ཙམ་ལ་མོན་གྷོ་བོད་བོད་ཀྱི་གཞོན་ནུ་ལྷན་ཚོགས་སླར་ཡང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་ཁོངས་སུ་ཞུགས་རྒྱུར་སྤྱི་མོས་བྱུང་སྟེ། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ནང་ཞུགས་ཐུབ་པ་བྱུང་ཡོད་པ་རེད།
གཞི་རྩའི་དེ་སྔོན་ས་གནས་གཞོན་ནུ་ལྷན་ཚོགས་ཁག་བརྒྱད་དང་དབུས་བོད་ཀྱི་གཞོན་ནུའི་སྤྱི་ཁྱབ་རྒྱུན་ལས་དབར་གྲོས་མོལ་ཐེངས་མང་གནང་ཡང་བཟང་ཕྱོགས་ཀྱི་གྲུབ་འབྲས་གང་ཡང་སོན་མེད་པ་མ་ཟད། ལྷག་དོན་གཞོན་ནུའི་ས་གནས་ཁག་བརྒྱད་ནས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང་ལངས་ཕྱོགས་ལ་བརྩི་བཀུར་ཞུས་དང་ཞུ་མུས་སུ་ཡིན་ཀྱང་། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྒྲིmongodག་འཛུགས་དེའི་ལངས་ཕྱོགས་ལ་བཅོས་བསྒྱུར་ཐོག་དབུ་མའི་ལམ་ལ་མ་བསྒྱུར་བར་དུ་གྲོས་མོལ་ཡོོང་ཐབས་མེད་པར་ནན་བརྗོད་གནང་ཡོད་པ་རེད།
འདི་ག་རླུང་འཕྲིན་ཁང་གིས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བཀྲིས་ལམ་བཟང་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་དེ་རིང་ཟླ་ ༨ ཚེས་ ༦ ཕྱི་དྲོ་ཚོུད་ ༥།༠༠ ཐོག་སྦེང་ལོར་གྲོང་ཁྱེར་ཁུལ་གྱིི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབར་གྲོས་མོལ་ཚོགས་འདུ་ཞིག་ཀྱང་སྦེང་ལོར་བོད་ཀྱི་གཞོན་ནུའི་སྡོད་ཁང་ནང་འཚོགས་གཏན་འཁེལ་ཡོད་པ་དང་། སྐབས་དེར་ས་གནས་གཞོན་ནུ་ལྷན་ཚོགས་དེ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ནང་སླར་ཞུགས་གནང་མིན་གྱི་འོས་བསྡུ་གནང་འཆར་ཡོད་པ་གསུངས་སོང།
ད་དུང་ཁོང་གིས་གསུངས་པར་ད་ལན་མོན་འདོད་རྒུ་གླིང་གི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་སླར་ཡང་དབུས་བོད་ཀྱི་གཞོན་ནུའི་སྒྲིག་ཁོངས་སུ་ཞུགས་ཐུབ་པ་བྱུང་བ་དེའང་འབད་བརྩོན་ལན་མང་བྱས་པའི་གྲུབ་དོན་ཞིག་ཡིན་པ་མ་ཟད། ལྷག་དོན་ཁོང་རྣམ་གཉིས་ཀྱིས་སྦེལ་ཀོབ་དང་ཧུན་སུར། ཀོ་ལི་གྷལ་སོགས་ས་གནས་གཞོན་ནུའི་ཚོགས་པ་གཞན་རྣམས་ལ་ཡང་མུ་མཐུད་འབྲེལ་ལམ་ཞུས་ཏེ་འདི་མཚུངས་ཡོང་བར་འབད་བརྩོན་གནང་འཆར་ཡོད་པ་འགྲེལ་བརྗོད་གནང་གི་འདུག

འབྲེལ་ཡོད་གསར་གནས།

གསར་གནས།