Tibetan Royal Year of 2151 | Year of the Wood Dragon

འཕགས་བོད་ས་མཚམས་ཀྱི་རྩོད་རྙོག་ཁྲོད་བལ་ཡུལ་གྱིས་བོད་མིར་ལྟ་རྟོག་ནན་བྱེད།

Tibetan News Headlines

  • New report highlights risks to Tibet and Asia of rampant construction
  • China announces sanctions on U.S. defence firms
  • US lawmakers request Chinese doping Investigation ahead of Paris Olympics
  • CTA hosts exhibition on biography of self manifested Jowo Wati Sangpo
  • Introduction to Saga Dawa

རེས་གཟའ་ཕུར་བུ། ༢༠༢༤།༠༥།༢༣

  • རྒྱ་གཞུང་གི་ཆུ་མཛོད་ལས་གཞི་བོད་ཙམ་མ་ཟད་ཨེ་ཤེ་ཡ་སྤྱིའི་ཁོར་ཡུག་ལ་དོ་ཕོག་ཤུགས་ཆེ་གཏོང་གི་ཡོད་པ་མངོན་གསལ།
  • རྒྱ་གཞུང་གིས་སླར་ཡང་ཨ་རིའི་ཚོང་ལས་ཁང་དང་གཙོ་འཛིན་ཁག་གཅིག་ལ་སྲིད་དོན་ཉེས་ཆད་བཀལ་འདུག
  • ཡོང་རྒྱུའི་རྒྱལ་སྤྱིའི་དབྱར་དུས་ཨོ་ལོམ་པིག་རྩེད་འགྲན་ནང་རྒྱ་ནག་གིས་རྩེད་འགྲན་པར་རྟོག་ཞིབ་བྱ་དགོས་པ་གསུངས་འདུག
  • རང་བྱོན་འཕགས་མཆོག་ཝ་ཏི་བཟང་པོའི་རྣམ་ཐར་སྐོར་དུས་ཐུང་འགྲེམས་སྟོན་དབུ་འབྱེད།
  • ས་ག་ཟླ་བའི་དུ་ཆེན་ངོ་སྤྲོད།

དེ་རིང་རྒྱ་གར་གྱི་IANS གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་གྱི་འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུག་རིམ་པ་བྱུང་བཞིན་པའི་དུས་སྐབས་འདིར། བལ་ཡུལ་གཞུང་ངོས་ནས་རྒྱ་ནག་གི་གནོན་ཤུགས་འོག ཁུལ་དེའི་དམག་མི་དང་གསང་བའི་ལས་ཁུངས་ལ་དམིགས་བསལ་བཀོད་ཁྱབ་བཏང་སྟེ། བོད་མི་དག་གི་འགྲོ་འདུག་ལ་ལྟ་རྟོག་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་ཞུ་སྐུལ་བྱས་འདུགདེ་ཡང་གསར་ཁང་གིས་ལ་དྭགས་ཁུལ་དུ་བོད་མིའི་དང་སློབ་རུ་ཁག་གི་བརྒྱ་དཔོན་ཉི་མ་བསྟན་འཛིན་ལགས་འཕགས་བོད་ས་མཚམས་ནས་འབར་རྫས་གས་འཐོར་ཁྲོད་རྐྱེན་ལམ་དུ་ཕྱིན་པ་དང་བསྟུན། རྒྱ་ནག་གིས་བལ་ཡུལ་གཞུང་གིས་བོད་མི་རྣམ་ལ་ལྟ་རྟོག་སྔར་ལྷག་བྱེད་དགོས་བའི་ཞུ་སྐུལ་བྱས་ཡོད་པ་མངོན་གསལ་གནང་བ་དང་འབྲེལ། ལྷག་དོན་བལ་ཡུལ་དམག་མིས་སྐོར་ཞིབ་ཀྱི་དཔྱད་བརྗོད་ཅིག་སྤེལ་བའི་ནང་། རྒྱ་དཀར་ནག་གི་རྩོད་རྙོག་གི་དུས་སྐབས་འདིར། བོད་མི་སྐྱབས་བཅོལ་བ་རྣམས་ཀྱིས་ཡུལ་དེའི་བདེ་འཇགས་ལ་ཉེན་ཚབ་བཟོ་སྲིད་སྐོར་འཁོད་ཡོད་པ་ལྟར། ད་ཆ་བལ་ཡུལ་གྱི་དམག་མི་དང་གསང་བའི་ལས་ཁུངས་ཀྱིས་བོད་མི་རྣམས་ལ་ལྟ་རྟོག་ཤུགས་ཆེན་བྱེད་བཞིན་པར་བཀོད་འདུག

དེ་བཞིན་གསར་ཁང་གིས། རྒྱ་ནག་གིས་དུས་རྒྱུན་ནས་བལ་ཡུལ་གཞུང་ལ་བོད་མི་སྐྱབས་བཅོལ་བ་རྣམས་སྟངས་འཛིན་བྱེད་རྒྱུར་ནན་སྐུལ་བྱེད་བཞིན་པ་མ་ཟད། ཕྱི་ལོ་༢༠༠༨ ལོར་ཕྱོགས་གཉིས་ཀྱི་བར་དུ་བདེ་འཇགས་དང་འབྲེལ་བའི་གསང་བའི་གནས་ཚུལ་བརྗེ་ལེན་བྱེད་རྒྱུའི་གྲོས་ཆོད་བཞག་ཡོད་ལུགས་ངོ་སྤྲོད་ཀྱིས། བལ་ཡུལ་ནང་གི་བོད་མི་མང་ཆེ་བར་ཁུལ་དེར་གནས་སྡོད་བྱེད་རྒྱུའི་ཡིག་ཆ་མེད་པར་བརྟེན། བོད་མི་རྣམས་ཀྱིས་བལ་ཡུལ་ནང་དུ་ས་ཆ་ཉོ་ཆོག་གི་མེད་པ་དང་། ཐ་ན་དངུལ་བྱང་ཙམ་ཡང་སྒོ་འབྱེད་ཐུབ་ཀྱི་མེད་ལུགས་མངོན་གསལ་དང་སྦྲགས། སྤྱི་ལོ་༢༠༡༠ ལོར། རྒྱ་ནག་གིས་བལ་ཡུལ་དམག་མི་རྣམས་ལ་མ་དངུལ་རོགས་འདེགས་བྱས་ཏེ། བོད་མི་རྣམས་ས་མཚམས་བརྒལ་ནས་རྒྱ་གར་དང་བལ་ཡུལ་དུ་བྲོས་བྱོལ་ལ་ཡོང་བཞིན་པ་རྣམས་ཕྱིར་རྒྱ་ནག་དུ་རྩིས་སྤྲོད་བྱེད་དུ་བཅུག་ཡོད་ཚུལ་ཡང་ཕྱིར་བསྒྲགས་གནང་འདུག

གཞི་རྩའི་རྒྱ་ནག་གིས་བལ་ཡུལ་གྱི་དམར་ཤོག་སྲིད་གཞུང་གི་ལྟ་གྲུབ་གོང་སྤེལ་དང་འཛུགས་སྐྲུན་གྱི་ལས་གཞི་སོགས་ཀྱི་ཐད་ནས་རོགས་འདེགས་བྱས་ཏེ། བལ་ཡུལ་ཉེན་རྟོག་པ་ལ་རྣམས་ལ་བོད་མིར་སྟངས་འཛིན་བྱེད་རྒྱུར་སྐུལ་མ་གནང་བཞིན་ཡོད་སྟབས། བོད་མི་རྣམས་ཀྱིས་བལ་ཡུལ་ནང་དུ་གསུམ་བཅུའི་དུས་དྲན་སོགས་ཀྱི་མཚོན་པའི་འདུ་འཛོམས་ཀྱི་རིགས་གཅིག་ཀྱང་བྱེད་ཐུབ་ཀྱི་མེད་པ་མ་ཟད། ཐ་ན་བོད་ཀྱི་རྒྱལ་དར་ཡོད་པའི་སྟོད་ཐུང་སོགས་ཀྱི་རིགས་ཀྱང་གྱོན་ཐུབ་ཀྱི་མེད་པ་རེད།

 

འབྲེལ་ཡོད་གསར་གནས།

གསར་གནས།