Tibetan Royal Year of 2151 | Year of the Wood Dragon

ཡོ་རོབ་རྒྱལ་ཁབ་ཁག་ཏུ་བོད་ནང་གི་བཅའ་སྡོད་སློབ་གྲྭའི་ཉེན་ཚབས་སྐོར་ཞུ་གཏུག་གནང་བཞིན་པ།

Tibetan News Headlines

  • New report highlights risks to Tibet and Asia of rampant construction
  • China announces sanctions on U.S. defence firms
  • US lawmakers request Chinese doping Investigation ahead of Paris Olympics
  • CTA hosts exhibition on biography of self manifested Jowo Wati Sangpo
  • Introduction to Saga Dawa

རེས་གཟའ་ཕུར་བུ། ༢༠༢༤།༠༥།༢༣

  • རྒྱ་གཞུང་གི་ཆུ་མཛོད་ལས་གཞི་བོད་ཙམ་མ་ཟད་ཨེ་ཤེ་ཡ་སྤྱིའི་ཁོར་ཡུག་ལ་དོ་ཕོག་ཤུགས་ཆེ་གཏོང་གི་ཡོད་པ་མངོན་གསལ།
  • རྒྱ་གཞུང་གིས་སླར་ཡང་ཨ་རིའི་ཚོང་ལས་ཁང་དང་གཙོ་འཛིན་ཁག་གཅིག་ལ་སྲིད་དོན་ཉེས་ཆད་བཀལ་འདུག
  • ཡོང་རྒྱུའི་རྒྱལ་སྤྱིའི་དབྱར་དུས་ཨོ་ལོམ་པིག་རྩེད་འགྲན་ནང་རྒྱ་ནག་གིས་རྩེད་འགྲན་པར་རྟོག་ཞིབ་བྱ་དགོས་པ་གསུངས་འདུག
  • རང་བྱོན་འཕགས་མཆོག་ཝ་ཏི་བཟང་པོའི་རྣམ་ཐར་སྐོར་དུས་ཐུང་འགྲེམས་སྟོན་དབུ་འབྱེད།
  • ས་ག་ཟླ་བའི་དུ་ཆེན་ངོ་སྤྲོད།

སྦེེལ་འཇམ་སྐུ་ཚབ་དོན་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་ཀྱི་གོ་སྒྲིག་འོག་རྒྱ་ནག་གཞུང་གིས་བོད་ནང་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་དང་། སློབ་གྲྭ་ནང་གི་སློབ་ཁྲིད་ཐབས་ལམ་སོགས་ཀྱི་ཐོག་དངོས་སུ་རྒྱུས་མངའ་ཡོད་མཁན་འབུམ་རམས་པ་རྒྱལ་ལོ་ལགས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་ཏུ་རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་བོད་ནང་གི་བཅའ་སྡོད་སློབ་གྲྭའི་ཉེན་ཚབས་དང་བོད་དོན་སྐོར་ཞུ་གཏུག་གནང་བཞིན་འདུག

ཐེངས་འདིའི་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་ཞུ་གཏུག་གནང་ཡུལ་ཡོ་རོབ་རྒྱལ་ཁབ་ཁག་ནི་སྦེེལ་འཇམ་དང་། ནི་ཐར་ལན་ཌིས། ཨི་ཊ་ལི་བཅས་ཆགས་ཀྱི་འདུག་པ་དང་། སྦེེལ་ཇམ་ནང་དུ་ཁ་ཉིན་ཕྱི་ཚེས་ ༢༦ ནས་དབུ་འཛུགས་ཀྱིས་ས་གནས་གཞུང་གི་འགོ་ཁྲིད་དང་གྲོས་ཚོགས་འཐུས་མི། གནད་ཡོད་མི་སྣ་དང་གསར་འགོད་པ་སོགས་ལ་བོད་ནང་གི་བཅའ་སྡོད་སློབ་གྲྭའི་གནས་སྟངས་དང་དེའི་ཉེན་ཚབས་སོགས་ཞིབ་ཕྲ་འགྲེལ་བརྗོད་གནང་བར་མ་ཟད། ས་གནས་གཞུང་དང་གྲོས་ཚོགས་ནས་སྲིད་བྱུས་དེ་ལག་བསྟར་བྱེད་མཁན་རྒྱ་ནག་གི་འགོ་ཁྲིད་ལ་ཆབ་སྲིད་ཀྱི་ཉེས་ཆད་སྐྱེལ་དགོས་པའི་ཞུ་གཏུག་གནང་འདུག

སྦེེལ་འཇམ་ནང་གི་ཞུ་གཏུག་ལས་རིམ་ཁག་ལེགས་གྲུབ་ཟིན་མཚམས་སུ་འབུམ་རམས་པ་རྒྱལ་ལོ་ལགས་དང་འབྲེལ་ཡོད་རྣམ་པ་སང་ཉིན་ཕྱི་ཚེས་ ༢༩ ནས་ཟླ་བ་རྗེས་མའི་ཕྱི་ཕྱི་ཚེས་ ༣ བར་ Netherlands དང་། ཕྱི་ཚེས་ ༤ ནས་ ༦ བར་ Italy རྒྱལ་ཁབ་གཉིས་ཀྱི་གནད་ཡོད་མི་སྣ་དང་གསར་འགོད་པ་སོགས་ལ་དེ་མཚུངས་སུ་ཞུ་གཏུག་གནང་གི་ཡོད་པ་རེད།

 

གཞི་རྩའི་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་བཅའ་སྡོད་སློབ་གྲྭའི་ཉེན་ཚབས་དང་ཕུགས་ཀྱི་དམིགས་ཡུལ་སོགས་ཀྱི་ཐད་ལ་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་འདས་པའི་དུས་ཚོད་ནང་ལ་ཁེ་ན་ཌ་དང་ཨ་རིའི་གྲོས་ཚོགས་ཀྱི་ཉན་ཞིབ་ལས་རིམ་དང་། ཇི་ནི་ཝའི་ལྷན་ཚོགས་སོགས་ལ་གསུང་བཤད་དང་བཀའ་འདྲི་ཕེབས་ཁག་ལ་གསལ་བཤད་གནང་ཡོད།

བོད་མིའི་སྒྲིག་འཛུགས་གཙོས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཞུ་གཏུག་གཙོས་ལས་འགུལ་ཁག་དང་། གསུང་བཤད་བསྒྲགས་གཏམ་སོགས་ཀྱི་ནང་ཡང་ནས་ཡང་དུ་མངོན་གསལ་གནང་སྟེ་ད་ལྟའི་བོད་ནང་གི་ཛ་དྲག་ཆེ་བའི་གནད་དོན་ཞིག་ལ་ངོས་འཛིན་གནང་བཞིན་ཡོད་ཀྱང་། རྒྱ་གཞུང་གི་ངོས་ནས་ད་བར་ལོག་བཤད་འབའ་ཞིག་བྱས་ཡོད་པ་ལས་དངོས་ཡོད་གནས་སྟངས་གང་ཡིན་སོགས་གསལ་བཤད་གང་ཡང་བྱེད་ཀྱི་མེད་པ་རེད།  

འབྲེལ་ཡོད་གསར་གནས།

གསར་གནས།