Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་ནི་ཕྱི་མིར་སྡང་འཛིན་ཤུགས་ཆེ་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པ་གསུངས་འདུག

Tibetan News Headlines

  • Dalai Lama congratulates Taiwan’s new President Lai Ching-te
  • Taiwan independence is ‘dead end’: China warns Taiwan’s new President
  • See us not only as victims but also as partners: Sikyong in Paris
  • Citizen journalist who reported on covid outbreak missing after scheduled release from prison
  • Taiwan President’s swearing-in Ceremony and CTA delegation: Interview with Representative Kelsang Gyaltsen

རེས་གཟའ་མིག་དམར། ༢༠༢༤།༠༥།༢༡

  • ༸གོང་ས་མཆོག་གིས་ཐའེ་ཝན་གྱི་སྲིད་འཛིན་གསར་པར་འཚམས་འདྲི་མཛད་པ།
  • རྒྱ་གཞུང་གིས་ཐེ་ཝན་རང་བཙན་ཟེར་བ་ནི་གྲུབ་ཐབས་མེད་པ་ཞིག་ཡིན་པའི་ཉེན་བརྡ་བཏང་འདུག
  • ང་ཚོ་ནི་གནོད་འཚེ་ཕོག་ཡུལ་ཞིག་ཏུ་མི་བལྟ་བར་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་མཁན་གྱི་མཉམ་ལས་པ་ཞིག་ལ་བརྩི་དགོས།
  • ཏོག་དབྱིབས་གཉན་རིམས་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་གྱི་རྒྱ་རིགས་གསར་འགོད་པ་ཞིག་གར་སོང་ཆ་མེད་དུ་གྱུར་འདུག
  • ཐེ་ཝན་གཞུང་འཛིན་གསར་པ་དང་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ཀྱི་འཚམས་གཟིགས།

ཨ་རིའི་རྒྱལ་སྲུང་དྲུང་ཆེ་སྐུ་ཞབས་ Lloyd Austin མཆོག་དང་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ Dong Jun གཉིས་དབར་ཁ་ཉིན་ཕྱི་ཚེས་ ༡༦ ཉིན་ཞལ་པར་བརྒྱུད་བཀའ་མོལ་བྱུང་ཡོད་པ་དང་། ཐེངས་འདིའི་ཨ་རྒྱ་གཉིས་ཀྱི་རྒྱལ་སྲུང་བློན་ཆེན་དབར་གྱི་གྲོས་མོལ་དེ་བཞིན་ཟླ་བ ༡༨ ཙམ་གྱི་རྗེས་སུ་ཆེས་ཐོག་མ་དེ་ཆགས་ཀྱི་འདུག

Arthur Brooks

དེ་ཡང་ཕྱོགས་གཉིས་ཀྱི་ཆེས་མཐའི་འགོ་ཁྲིད་དབར་གྱི་མཇལ་མོལ་དང་འབྲེལ་ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཁ་ཉིན་གྱི་ཚོགས་འདུའི་ཐོག་རྒྱལ་སྲུང་བློན་ཆེན་གཉིས་ཀྱི་དབར་གཙོ་བོ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་བདེ་འཇགས་སྐོར་གྲོས་བསྡུར་གནང་ཡོད་པ་དང་ཆབས་ཅིག ཨ་རིའི་རྒྱལ་སྲུང་དྲུང་ཆེ་སྐུ་ཞབས་ Lloyd Austin མཆོག་གིས་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ Dong Jun དང་ལྷན་ཨ་རྒྱ་གཉིས་ཀྱི་དབར་ཞི་བདེ་ལྷིང་འཇགས་རྒྱུན་གནས་ཡོང་ཐབས་བྱ་རྒྱུར་མོས་མཐུན་བྱུང་ཡོད་པ་དང་། ཨ་རི་ངོས་ནས་ཕྱོགས་གཉིས་ཀྱི་ད་ཡོད་ཀྱི་དཀའ་གནད་ཁག་སེལ་ཕྱིར་ཨ་རྒྱ་གཉིས་ཀྱི་དམག་སྤྱི་གཙོས་ཆེས་མཐོའི་འགོ་ཁྲིད་དབར་གྲོས་མོལ་མུ་མཐུད་གནང་དགོས་གལ་ཡིན་པ་སོགས་གསུངས་འདུག་ལ། ད་དུང་རྒྱལ་སྤྱིའི་ཁྲིམས་ཀྱི་འབྲུ་དོན་ལ་བརྩི་སྲུང་དང་མཉམ་འགན་འཁུར་ལྡན་པའི་ཐོག་ནས་ཨ་རི་ངོས་ནས་མུ་མཐུད་མཁའ་འགྲུལ་དང་མཚོ་ཐོག་གི་ལས་དོན་ཁག་གཉེར་རྒྱུ་ཡིན་པ་གསུངས་འདུག

སྐབས་དེར་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ Dong Jun གྱིས་རྒྱ་ནག་ངོས་ནས་འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་དང་གོ་མཚོན་ལྡན་པའི་རྒྱལ་ཁབ་གཉིས་དབར་ཞི་བདེ་དང་བརྟན་ལྷིང་ནི་རིན་ཐང་ཆེ་ཤོས་ཡིན་པའི་ལྟ་ཚུལ་འཛིན་གྱི་ཡོད་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་ལམ་བཟང་དུ་གཏོང་སླད་མཉམ་རུབ་ཀྱི་སྒོ་ནས་ཕྱག་ལས་གནང་གལ་ཙམ་མ་ཟད། ཨ་རྒྱ་གཉིས་དབར་ཡིད་ཆེས་ཆེ་རུ་གཏོང་ཐབས་སུ་གྲོས་མོལ་གྱི་ལམ་བུ་དེ་བཞིན་མུ་མཐུད་རྒྱུ་ཡིན་ཚུལ་བརྗོད་འདུག་པར་མ་ཟད། ཨ་རི་ངོས་ནས་ཐེ་ཝན་གྱི་གནད་དོན་གཙོས་རྒྱ་ནག་རྒྱལ་ནང་གི་གནད་དོན་ཁག་ལ་ཐེ་བྱུས་གནང་མཚམས་འཇོག་དགོས་པ་མ་ཚད་པར་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་ཆ་ཚང་རྒྱ་ནག་ལ་ཡོད་ཚུལ་སོགས་མངོན་གསལ་གྱིས་ལྷོ་རྒྱ་ནག་རྒྱ་མཚོའི་སྐོར་རྒྱ་གཞུང་གི་ལངས་ཕྱོགས་དེར་གུས་བརྩི་དགོས་ཚུལ་སོགས་བརྗོད་འདུག

Arthur Brooks

སྤྱིར་ད་ཆ་གནད་དོན་དེའི་ཐོག་རྒྱལ་སྤྱིའི་ཆབ་སྲིད་དཔྱད་ཞིབ་པ་མི་ཉུང་བ་ཞིག་གིས་ཨ་རི་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ཞེས་པར་ངོས་འཛིན་གནང་ཕྱོགས་གཙོས་ཐེ་ཝན་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་བཏང་ཡོད་མེད་སོགས་ཀྱི་དོགས་དྲི་སྣ་ཚོགས་གནང་བཞིན་ཡོད་པ་དང་། ཨ་རྒྱ་གཉིས་ཀྱི་འབྲེལ་བ་བཟང་པོ་མེད་པའི་དུས་སྐབས་དེར་ཕྱོགས་གཉིས་ཀྱི་རྒྱལ་སྲུང་བློན་ཆེན་དབར་གྱི་གྲོས་མོལ་དེས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་རྒྱུར་ཁག་པོ་ཡིན་ཡང་། ཁག་གཅིག་གིས་ད་རེས་དཔོན་རིགས་ཕན་ཚུན་དབར་གྲོས་བསྡུར་བྱུང་ཡོད་པ་དེ་ནི་ཨ་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་རྒྱུའི་རྨང་གཞི་ཞིག་བཙུགས་པ་མ་ཟད་ཕྱོགས་གཉིས་ཀྱི་འབྲེལ་བ་བཟང་དུ་གཏོང་རྒྱུར་རམ་འདེགས་བྱས་ཡོད་པ་སོགས་གསུངས་བཞིན་འདུག

དེའི་བར་ན། ཨ་རི་དང་རྒྱ་ནག་གཉིས་དབར་གྱི་འབྲེལ་ལམ་སླར་གསོ་གནང་ཐབས་དང་སྦྲགས། ཨ་རིའི་རྒྱལ་སྲུང་དྲུང་ཆེ་སྐུ་ཞབས་ Lloyd Austin མཆོག་དང་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ Dong Jun གཉིས་དབར་ཞལ་པར་བརྒྱུད་བཀའ་མོལ་བྱུང་ནས་ཉིན་གྲངས་གཅིག་མ་གཏོགས་ཕྱིན་མེད་པའི་མཚམས་འདིར། ཁ་སང་ཨ་རིའི་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་གིས་ཨ་རིའི་གྲོང་ཁྱེར་ Pittsburgh ནང་བརྟན་གཞིས་བྱས་པའི་དྭངས་ལྕགས་མཉམ་འབྲེལ་གྱི་སྤྱི་ཁྱབ་ལས་ཁུངས་སུ་ལས་མིའི་མཐུན་ཚོགས་ལ་གསུང་བཤད་གནང་བའི་སྐབས་སུ། རྒྱ་གཞུང་ནི་ཕྱི་མིར་སྡང་འཛིན་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པ་འགྲེལ་བརྗོད་གནང་བ་མ་ཟད། རྒྱ་ནག་གིས་རྒྱལ་སྤྱིའི་སྟེང་དྭངས་ལྕགས་ཀྱི་ཐོན་སྐྱེད་བྱ་རྒྱུ་མང་དྲགས་པའི་རྐྱེན་འཛམ་གླིང་གི་ཁྲོམ་རར་གོང་ཚད་དམའ་བོར་བཙོངས་ནས་ཁུལ་དེའི་དྭངས་ལྕགས་བཟོ་གྲྭ་ཁག་སྒོ་རྒྱག་དགོས་ཐུག་གི་ཡོད་པ་སོགས་ཀྱི་གནས་སྟངས་མངོན་གསལ་དང་སྦྲགས། ཁོང་གིས་ད་དུང་ཨ་རིའི་ཚོང་དོན་གྱི་སྐུ་ཚབ་ Katherine Tai ལགས་ཀྱིས་རྒྱ་གཞུང་གིས་དྭངས་ལྕགས་དང་ཧ་ཡང་། དེ་བཞིན་གྲུ་གཟིངས་བཟོ་སྐྲུན་གྱི་ལས་རིགས་ཐོག་ཚོང་ལས་ལག་བསྟར་བྱེད་ཕྱོགས་ལ་ཞིབ་འཇུག་གནང་གི་ཡོད་པ་གསུངས་ཏེ། གལ་སྲིད་རྒྱ་གཞུང་གིས་དྲང་བདེན་མིན་པའི་ཚོང་ལས་ལག་བསྟར་བྱེད་བཞིན་ཡོད་ན། ཨ་རིའི་སྲིད་གཞུང་གིས་རྒྱ་ནག་དྭངས་ལྕགས་དང་ཧ་ཡང་བཟོ་ཚོང་ལས་ཁང་ཁག་གི་དངོས་ཟོག་རྣམས་ཨ་རིར་ནང་འདྲེན་ཆེད་སྒོ་ཁྲལ་ལྡབ་གསུམ་སྤར་རྒྱུ་ཡིན་པ་སོགས་ཀྱི་སྡིགས་ར་སྐུལ་འདུག

Arthur Brooks

མ་ཟད་སྐུ་ཞབས་ Biden མཆོག་གིས་རྒྱ་ནག་དང་ལྷན་འཁྲུག་རྩོད་བྱ་རྒྱུར་འདོད་པ་མེད་པ་དེ་ལྟར་ཡང་། འགྲན་རྩོད་ཀྱི་རྣམ་པ་དེ་བཞིན་དྲང་བདེན་དགོས་གལ་ཡིན་པ་གསུངས་འདུག

གནད་དོན་དེ་དང་འབྲེལ་དེ་རིང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་ད་ལན་སྲིད་འཛིན་ Biden མཆོག་གིས་རྒྱ་གཞུང་ནི་ཕྱི་མིར་སྡང་འཛིན་ཤུགས་ཆེ་འཛིན་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པར་འགྲེལ་བརྗོད་བྱས་པ་དེ་རྒྱ་ནག་སྐོར་བཤད་ཀྱི་ཡོད་དམ་ཡང་ན་ཨ་རི་རང་ཉིད་ཀྱི་སྐོར་བཤད་ཀྱི་ཡོད་ཅེས་འདྲི་རྩད་བཏང་འདུག་པ་དང་། དེ་ནི་འགན་ཁུར་རྩ་བ་ནས་མེད་པའི་བཀའ་མོལ་ཞིག་ཡིན་པ་མ་ཟད། རྒྱ་ནག་གི་ཚོང་དོན་ལས་ཁུངས་ཀྱིས་དེ་ལྟ་བུའི་རྒྱ་ནག་ལ་མིང་རྗེས་བཟོ་ཐབས་ཀྱི་ལས་དོན་དེ་རིགས་འཕྲལ་དུ་མཚམས་འཇོག་དགོས་པ་དང་མཉམ་ཨ་རིས་རང་ཉིད་ཀྱི་ཚོང་ལས་དཀའ་ངལ་རྣམས་རྒྱ་ནག་ལ་ཁ་གཡར་ཡོད་པ་སོགས་ཀྱི་ལན་འདེབས་བྱས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།