Tibetan Royal Year of 2151 | Year of the Wood Dragon

བོད་གཞུང་དགའ་ལྡན་ཕོ་བྲང་སྐོར་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་དབུ་འབྱེད།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

དེ་རིང་ཕྱི་ཚེས་ ༡༨ ཉིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དབུ་བཞུགས་ཐོག་སྲིད་བྱུས་ཉམས་ཞིབ་ཁང་དེ་ཉིད་ཀྱིས་པར་སྐྲུན་ཞུས་པའི་བོད་གཞུང་དགའ་ལྡན་ཕོ་བྲང་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ཞུས་པའི་དཔེ་དེབ་གཅིག་དབུ་འབྱེད་གནང་སོང་བ་དང་། སྐབས་དེར་ཕྱི་དྲིལ་བཀའ་བློན་མཆོག་གིས་དེ་ལྟ་བུའི་དཔེ་དེབ་ནི་ཟུར་གནས་ཀྱི་མཁས་པ་དང་ཉམས་ཞིབ་པ། དེ་བཞིན་བོད་རིགས་སོན་རྩ་རྣམས་ལ་ཕན་ཐོགས་ཆེན་པོ་ཡོད་པ་གསུངས་སོང་།

Ganden Phodrang Book Launch

དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་ཕྱི་དྲིལ་བཀའ་བློན་གཙོས་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་དང་། རྩོམ་སྒྲིག་པ་ན་ག་སངས་རྒྱས་བསྟན་དར་ལགས། དེ་བཞིན་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་བྱེད་ཁག་གཅིག་བཅས་ལྷན་ཞུགས་གནང་ཡོད།

རྩ་བའི་དཔེ་དེབ་དེ་ནི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་སྔ་ལོའི་ཕྱི་ཟླ་ ༩ ཚེས་ ༡༤ དང་ ༡༥ བཅས་ཉིན་གྲངས་གཉིས་རིང་བསྐོང་ཚོགས་གནང་བའི་དགའ་ལྡན་ཕོ་བྲང་གཞུང་གི་སྐབས་བོད་ཀྱི་ལོ་རྒྱུས་ལ་བསྐྱར་ཞིབ་ཅེས་པའི་བརྗོད་གཞིའི་ཐོག་ས་རཱ་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ནས། སྡེ་པ་གཞུང་གི་ལོ་རྒྱུས་ཉིན་བྱེད་སྣང་བ་ལས་འཕྲོས་ཏེ་དགའ་ལྡན་ཕོ་བྲང་དང་ཧོ་ཤོད་རྒྱལ་ཁང་ཟེར་བའི་གནས་བབ་སྐོར་དང་། ས་རཱ་མཐོ་རིམ་སློབ་གཉེར་ཁང་གི་སློབ་དཔོན་བསོད་ནམས་རྒྱལ་མཚན་ནས་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་ཐེངས་གཉིས་ཉེན་ཡོལ་དུ་ཕེབས་པའི་བརྒྱུད་རིམ་སྐོར། དེ་བཞིན་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་དཔོན་འབུམ་རམས་པ་གཉན་ཐར་ལགས་ནས་གཞུང་ས་དགའ་ལྡན་ཕོ་བྲང་གི་དུས་ཀྱི་དགེ་ལུགས་པའི་དགོན་སྡེའི་མ་ལག་གྲུབ་ཚུལ་གྱི་འགྱུར་ལྡོག་སྐོར་བཅས་དམིགས་བསལ་འཆད་ཁྲིད་ཡིག་ཐོག་ཏུ་ཕབ་པའི་དཔྱད་རྩོམ་ཁག་གསུམ་ལས་གྲུབ་པ་ཞིག་ཆགས་ཀྱི་འདུག

Ganden Phodrang Book Launch

དབུ་འབྱེད་མཛད་སྒོའི་ཐོག་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས། དེང་སྐབས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དང་། ལྷག་པར་ཕྱི་རྒྱལ་མཁས་པ་ཁག་དང་ཉམས་ཞིབ་པ་རྣམས་ཀྱི་ཉམས་ཞིབ་ཐབས་ལམ་འགྱུར་བ་གཏོང་ཐབས་བྱེད་བཞིན་ཡོད་པར་བརྟེན། དེ་ལྟ་བུའི་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་དེ་ཟུར་གནས་མཁས་པ་དང་ཉམས་ཞིབ་པ་རྣམས་ལ་གནས་ཚུལ་ཕུལ་ཐུབ་པར་ཕན་ཐོགས་ཆེན་པོ་ཡོད་པ་གསུངས་སོང་། དེ་བཞིན་མ་འོངས་བོད་རིགས་གཞོན་སྐྱེས་ཚོར་བོད་ཀྱི་ལོ་རྒྱུས་ཐོག་དཔྱད་ཞིབ་བྱ་རྒྱུའི་ཡིག་ཆ་བཅས་ཀྱི་ཆ་ནས་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་པ་མ་ཟད། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཁྲོད་ བོད་དེ་རང་བཙན་གཙང་མ་ཡིན་པར་འགྲེལ་བརྗོད་སྐབས། དགའ་ལྡན་ཕོ་བྲང་གི་གཞུང་དེ་ཕྱིས་ཤོས་དང་དེང་རབས་ཀྱི་རྒྱལ་ཁབ་ལྷན་དུ་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས། གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་སོགས་གསུངས་སོང་།

Ganden Phodrang Book Launch

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། ད་ལྟ་ང་ཚོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་། མདུན་ལམ་དེ་དག་ལོ་རྒྱུས་ལ་གཞི་བཅོལ་དགོས་གལ་ཡིན་པ་དང་། རྒྱ་ནག་གཞུང་གིས་པར་སྐྲུན་ཞུས་པའི་ལོ་རྒྱུས་ཀྱི་དེབ་དེ་དག་ཆབ་སྲིད་ཀྱི་དམིགས་ཡུལ་ངེས་ཅན་ཞིག་བཟུང་ནས་འབྲི་ཆོག་པ་དང་མི་ཆོག་པ་བཅས་ཡོད་པ་འགྲེལ་བརྗོད་དང་འབྲེལ། ཉེ་ལམ་རྒྱ་ནག་ནང་གི་སློབ་དཔོན་ཆེན་མོ་ཁག་གཅིག་གིས། རྒྱ་ནག་ནང་དམ་བསྒྲགས་ཤུགས་ཆེ་རྐྱེན་པས་རྩོམ་སོགས་འབྲི་རྒྱུའི་གོ་སྐབས་མི་འདུག་སོགས་གསུངས་ཀྱི་ཡོད་པ་ངོ་སྤྲོད་གནང་སོང་། ལྷག་པར་དཔེ་དེབ་དེ་དག་གི་བརྒྱུད་ནས་བོད་ཀྱི་འཐབ་རྩོད་ལ་ཕན་ཐོགས་ཐུབ་པའི་དམིགས་ཡུལ་ཡིན་སྟབས། བོད་མི་རྣམས་ནས་ངེས་པར་ཀློག་དགོས་གལ་དང་ཕན་ཐོགས་ཡོང་བའི་རེ་བ་ཡོད་པ་མ་ཟད། མ་འོངས་པར་བོད་པའི་སྤྱི་ཚོགས་ནང་ལོ་རྒྱུས་སོགས་ལ་ཞིབ་འཇུག་བྱ་འདོད་ཡོད་ཚེ་སྲིད་བྱུས་ཉམས་ཞིབ་ཁང་ནས་མཐུན་འགྱུར་གནང་རྒྱུ་ཡིན་པ་གསུངས་སོང་།

མཛད་སྒོ་གྲུབ་མཚམས་འདི་ག་གསར་འགོད་པས་དཔྱད་རྩོམ་ཕྱོགས་བསྒྲིགས་དེའི་རྩོམ་སྒྲིག་པ་ན་ག་སངས་རྒྱས་བསྟན་དར་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། དཔྱད་རྩོམ་དེ་དག་གི་ནང་། སྐབས་དེ་དང་དེའི་དུས་ཀྱི་ཡིག་ཆ་ཁག་ལ་ཁུངས་གཏུགས་ཡོད་པར་ལོ་རྒྱུས་རིག་པའི་ཐབས་ལམ་དང་འབྲེལ་ནས་ཡོད་པར་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྐོར་སོགས་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།