Tibetan Royal Year of 2151 | Year of the Wood Dragon

བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་སྤྱི་མོས་རྒྱབ་སྐྱོར་ཐོབ་པ།

Tibetan News Headlines

  • Dalai Lama’s former envoy slams China’s remarks on Tibet talks, says authoritarian rule won’t last long
  • Blinken raises human rights abuses in Tibet and East Turkestan with China
  • Gyari Dorjee Youdon, a Tibetan who revolted against invading Chinese forces, cremated in Mindroling
  • China building new township in Lhokha amidst Tibet-border build-up

རེས་གཟའ་མིག་དམར། ༢༠༢༤།༠༤།༣༠

  • རྒྱ་ནག་གི་མཁྲེགས་འཛིན་སྲིད་བྱུས་རྒྱུན་རིང་པོར་གནས་ཐུབ་ཐབས་མེད་པ་གསུངས་འདུག
  • Blinken གྱིས་རྒྱ་གཞུང་དང་མཉམ་བོད་དང་ཤིན་ཅང་སྐོར་གླེང་སློང་གནང་ཡོད་པ་གསུངས་འདུག
  • བོད་ཀྱི་དཔའ་མོ་རྒྱ་རི་རྡོ་རྗེ་གཡུ་སྒྲོན་ལགས་ཀྱི་སྐུ་ཕུང་སྨིན་སྒྲོལ་གླིང་དགོན་པར་ཞུགས་འབུལ།
  • རྒྱ་ནག་གིས་འཕགས་བོད་མཐའ་མཚམས་ཉེ་འཁྲིས་ལྷོ་ཁའི་ནང་གྲོང་ཚོ་གསར་རྒྱག

འདི་ལོའི་ཕྱི་ཟླ་ ༢ པའི་ནང་ཨ་རིའི་གྲོས་ཚོགས་འོག་མ་ནས་ Promoting a Resolution to the Tibet-China Conflict Act ཞེས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་ཚད་མཐོའི་རྒྱབ་སྐྱོར་ཐོག་ནས་གཏན་འབེབས་གནང་ཟིན་པའི་རྗེས་སུ། ཁ་སང་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེར་སྤྱི་མོས་ཀྱིས་རྒྱབ་སྐྱོར་ཐོབ་པ་དང་འབྲེལ་གྲོས་ཚོགས་གོང་མའི་འགྲོ་གླེང་གི་ལས་རིམ་ནང་དུ་ཚུད་ཐུབ་པ་བྱུང་འདུག

US Tibet Resolution

དེའང་ཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་གནས་ཐོག་དེའི་སྐོར་གནས་ཚུལ་སྤེལ་བ་དང་སྦྲགས། ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས། ད་རེས་གྲོས་ཚོགས་གོང་མའི་ཚོགས་ཆུང་གིས་རྒྱབ་སྐྱོར་དེ་ནི་ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་གྲོས་མོལ་གྱི་ལམ་ནས་རྒྱ་ནག་གི་བོད་ལ་བཙན་བསྒྱུར་གྱི་དཀའ་རྙོག་སེལ་ཐབས་གནང་རྒྱུ་དེ་ལས་དོན་གལ་ཆེའི་གྲས་སུ་རྩིས་ཀྱི་ཡོད་པ་མངོན་གསལ་གནང་གི་ཡོད་སྐོར་གསུངས་བ་དང་འབྲེལ། ང་ཚོའི་ངོས་ནས་གྲོས་ཚོགས་གོང་མའི་ནང་དུ་ཁྲིམས་འཆར་དེ་གཏན་འབེབས་གནང་སྟེ་སྲིད་འཛིན་གྱི་མཚན་རྟགས་བཀོད་དེ་ཁྲིམས་གཞིར་འགྱུར་བར་ངང་འགུག་གནང་བཞིན་ཡོང་པ་གསུངས་འདུག

ཁོང་གིས་ད་དུང་ཁྲིམས་འཆར་དེའི་བརྒྱུད་རྒྱ་ནག་ལ་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་ཆབ་སྲིད་ཀྱི་གནོན་ཤུགས་ཆེན་པོ་སྤྲོད་རྒྱུ་ཡིན་སྟབས། རྒྱ་ནག་གཞུང་གིས་ངོས་ནས་ངེས་པར་དུ་བོད་མིའི་འགོ་ཁྲིད་དང་ལྷན་དུ་གྲོས་མོལ་སླར་གསོ་གནང་དགོས་པ་གསུངས་འདུག

US Tibet Resolution

རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཁྲིམས་འཆར་དེར་རྒྱབ་སྐྱོར་ཐོབ་ཐབས་དང་འབྲེལ་ཆེད་མངགས་ཨ་རིར་ཕྱོགས་བསྐྱོད་ཀྱིས་ཁྲིམས་འཆར་ཆེད་འདོན་གནང་མཁན་གཙོས་པའི་གྲོས་ཚོགས་འཐུས་མི་ཁག་གཅིག་མཇལ་འཕྲད་གནང་བ་མ་ཟད། ཁ་སང་སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་སའི་ནང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ Richard Gere ལགས་དང་ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས་གཉིས་ཀྱིས་ལྷན་དུ་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་འདུའི་ཐོག་ལྷན་བཅར་ཞུས་འདུག དེ་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་ Benjamin Cardin ལགས་ཀྱིས་དེ་གའི་གཞུང་འབྲེལ་ Twitter དྲ་ལམ་བརྒྱུད། སྲིད་སྐྱོང་མཆོག་གི་དབུས་པའི་བོད་མིའི་སྐུ་ཚབ་ཚོ་ཁག་དང་ལྷན་དུ་བོད་དོན་ཁྲིམས་འཆར་སྐོར་དང་འགྲོ་བ་མིའི་ཐོབ་ཐང་གཙོ་བཟུང་གི་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་འཛིན་ཕྱོགས་སྐོར་གླེང་མོལ་གནང་ཡོད་པ་གསུངས་འདུག

US Tibet Resolution

གཞི་རྩའི་ཁྲིམས་འཆར་དེའི་ནང་རྒྱལ་སྤྱིའི་ཁྲིམས་ཐོག་ནས་བོད་ཀྱི་གནད་དོན་འདི་དུས་ད་ལྟའང་ཐག་གཅོད་མ་ཟིན་པའི་གནད་དོན་ཞིག་ཡིན་ཞིང་། བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པར་ངོས་འཛིན་དགོས་པ། དེ་བཞིན་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་མ་གནང་བ་དེ་རྒྱ་ནག་གི་ནོར་འཁྲུལ་ཞིག་ཡིན་པ། རྒྱ་ནག་གི་ལོ་རྒྱུས་ཁྲོད་བོད་ཐོག་བདག་དབང་ཡོད་སྐོར་བརྗོད་བཞིན་པ་དེ་འཁྱོག་བཤད་འབའ་ཞིག་ཡིན་པ། བོད་རྒྱའི་དཀའ་རྙོག་འདི་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་གྲོས་མོལ་གྱི་ལམ་ནས་སེལ་དགོས་པ་སོགས་ཀྱི་འབྲུ་དོན་འཁོད་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ད་རེས་བོད་དོན་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་བ་དང་འབྲེལ་གྲོས་ཚོགས་གོང་མའི་ནང་དུ་ཁྲིམས་འཆར་དེ་བསྣམས་ཕེབས་མཁན་གྲོས་ཚོགས་འཐུས་མི་ Jeff Merkley ལགས་ཀྱིས། འཛམ་གླིང་ཡོངས་ཀྱི་མང་ཚོགས་ལ་རང་དབང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་བཞིན་ཨ་རིའི་ངོས་ནས་རིན་ཐང་དེ་དག་གཙོ་བཟུང་ཐོག་རྒྱལ་སྤྱིའི་འབྲེལ་ལམ་ལག་བསྟར་བྱས་དགོས་སྐོར་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་བོད་མིའི་གཞི་རྩའི་རང་དབང་དེ་དག་རྩིས་མེད་རྡོག་རོལ་བཏང་བཞིན་པ་དེ་ནི་ངོས་ལེན་བྱ་ཐབས་མེད་པ་ཞིག་ཡིན་པ་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེས་རྒྱ་ནག་གཞུང་ལ་བོད་དང་བོད་ཀྱི་ལོ་རྒྱུས་ཐོག་འཁྱོག་བཤད་དྲིལ་བསྒྲགས་བྱེད་བཞིན་པ་དག་མཚམས་འཇོག་དགོས་པར། ཆོད་སེམས་བརྟན་པོའི་ཐོག་ནས་བོད་རྒྱ་གྲོས་མོལ་ནང་བཞུགས་དགོས་པའི་བརྡ་ལན་གཙང་མ་ཞིག་སྤྲོད་ཀྱི་ཡོད་སྐོར་གསུངས་པ་དང་ཆབས་གཅིག  བོད་མི་རྣམས་ལ་རང་གི་ལས་དབང་ཐག་གཅོད་བྱེད་རྒྱུའི་ཐོབ་ཐང་ཡོད་པ་ལྟར། ང་ཚོའི་ངོས་ནས་ཁྲིམས་འཆར་དེ་ངེས་པར་དུ་གཏན་འབེབས་གནང་དགོས་པ་གསུངས་འདུག

US Tibet Resolution

དེ་བཞིན་ཁྲིམས་འཆར་དེ་འདོན་སྤེལ་གནང་མཁན་ཁོངས་སུ་ཡོད་པའི་གྲོས་ཚོགས་གོང་མའི་འཐུས་མི་ Todd Young ལགས་ཀྱིས་ཀྱང་། གྲོས་ཚོགས་གོང་མའི་ཚོགས་ཆུང་གི་ཐག་གཅོད་ལ་དགའ་བསུ་ཞུས་པ་དང་འབྲེལ། གྲོས་ཚོགས་གོང་མའི་འཐུས་མི་ཡོངས་ནས་ཨ་རིའི་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱི་རྒྱབ་སྐྱོར་ཡོད་པའི་བོད་དོན་ཁྲིམས་འཆར་དེ་གཏན་འབེབས་གནང་སྟེ། རྒྱ་ནག་གཞུང་གི་བོད་གཙོས་པའི་གནད་དོན་གཞན་ཐོག་འཛིན་པའི་སྲིད་བྱུས་ལ་ངོས་ལེན་བྱ་ཐབས་མེད་པའི་རྣམ་འགྱུར་མངོན་གསལ་གནང་དགོས་པ་གསུངས་འདུག

ཕྱོགས་མཚུངས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཕྱོགས་སྒྲུབ་ལགས་ཀྱིས། ད་རེས་གྲོས་ཚོགས་གོང་མའི་ཚོགས་ཆུང་གིས་བོད་དོན་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་བས་བརྒྱུད། ཨ་རི་དེ་བཞིན་བོད་ཀྱི་བདེན་པའི་ཐབས་རྩོད་ལ་རྒྱབ་སྐྱོར་ཐད་རྒྱལ་སྤྱིའི་སྣེ་འཁྲིད་རྒྱལ་ཁབ་ཡིན་པ་མངོན་གསལ་གནང་ཡོད་སྐོར་དང་འབྲེལ། བོད་མིའི་ངོས་ནས་ཨ་རིའི་གཞུང་དམངས་གཉིས་ཀྱི་རྒྱབ་སྐྱོར་ལ་དུས་རྟག་ཏུ་བཀའ་དྲིན་ཆེན་པོ་བསམ་བཞིན་ཡོད་པ་དང་། ད་ལན་གྲོས་ཚོགས་གོང་མའི་ཚོགས་ཆུང་གི་རྒྱབ་སྐྱོར་ལ་ཡང་ཐུགས་རྗེ་ཆེ་ཞུ་དང་སྦྲགས། གྲོས་ཚོགས་གོང་མའི་ངོས་ནས་མགྱོགས་མྱུར་ཁྲིམས་འཆར་དེ་གཏན་འབེབས་གནང་སྐྱོང་ཡོང་བའི་འབོད་སྐུལ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།