Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་གྱི་སྲིད་བློན་ཟུར་པ་མན་མོ་ཧན་སིངྒ་མཆོག་ལ་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་ཐུགས་སྨོན་མཛད་པ།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ Manmohan Singh མཆོག་ལ་ཏོག་དབྱིབས་གཉན་རིམས་ཀྱི་ནད་རྟགས་ཐོན་པར་ཐུགས་ཕམ་དང་བཅས་ཏེ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་འདུགཁ་སང་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ Manmohan Singh མཆོག་ལ་ཏོག་དབྱིབས་གཉན་རིམས་ཕོག་པའི་རྐྱེན་གྱིས་སྨན་ཁང་དུ་བཞུགས་དགོས་བྱུང་བའི་གནས་ཚུལ་ཐོན་པར་བརྟེན། དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་འཛིན་ཟུར་པ་མཆོག་ལ་གདུང་སེམས་མཉམ་བསྐྱེད་དང་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་ཏེ་ཁོང་ཉིད་གང་མགྱོགས་དྲག་སྐྱེད་བྱུང་ནས་གཟིམ་ཤག་ཏུ་ཕྱིར་ཕེབས་ཐུབ་པར་ཐུགས་སྨོན་མཛད་པ་མ་ཟད། ད་ལྟའི་ཆར་གཉན་རིམས་རྐྱེན་གྱིས་གོ་ལ་ཁྱོན་ཡོངས་ལ་ངལ་བ་བཟོས་གླགས་མེད་པ་ཞིག་འཕྲད་བཞིན་པ་དེའང་མགྱོགས་མྱུར་ཞི་བའི་ཐུགས་རེ་མཛད་མུས་ཡིན་སྐོར་བཀའ་སྩལ་འདུག་པ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་གིས་སྐུ་ཞབས་ཁོང་ལ་གུས་བརྩི་ཧ་ཅང་ཆེན་པོ་ཡོད་པ་དང་མཛའ་གྲོགས་རྙིང་གྲས་ཤིག་ལ་ངོས་བཞེས་མཛད་བཞིན་ཡོད་ཅེས་བཀའ་སྩལ་འདུགགནས་ཚུལ་ཐོན་ཁག་ལ་གཞིགས་ན། སྐུ་ཞབས་ Manmohan Singh མཆོག་ལ་གཉན་རིམས་དེ་ཕོག་ཡོད་པ་ཤེས་རྟོགས་བྱུང་རྗེས་ཁ་སང་ཁོང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ AIIMS སྨན་ཁང་དུ་བཞུགས་དགོས་བྱུང་འདུག་ཀྱང་། ད་ལྟའི་ཆར་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་ལ་ཛ་དྲག་གང་ཡང་མེད་པར་བརྗོད་འདུག

སྐུ་ཞབས་ཁོང་ལ་སྙུང་གཞི་བཞེས་པའི་གནས་ཚུལ་ཕྱིར་ཐོན་འཕྲལ་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ Narendra Modi མཆོག་དང་རྒྱ་གར་གྱི་འཕྲོད་བསྟེན་བློན་ཆེན་སྐུ་ཞབས་ Harsh Vardhan མཆོག དེ་བཞིན་རྒྱ་གར་གྱི་ Congress

ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ལྕམ་ Prinyanka Gandhi ལགས་སོགས་ཀྱིས་གཙོས་པའི་ཆབ་སྲིད་ཀྱི་དབུ་ཁྲིད་མང་དག་ཅིག་ནས་སྐུ་ཞབས་ཁོང་ལ་གདུང་སེམས་མཉམ་བསྐྱེད་དང་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།