Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གིས་བོད་ཀྱི་རི་གྲོང་གི་དགོན་སྡེ་ཁག་ལ་ཆབ་སྲིད་དྲིལ་བསྒྲགས་བྱེད་མུས།

Tibetan News Headlines

  • 14th General body meeting of TWA concludes with Tsering Dolma as the new President
  • Abbot of Tashi Lhunpo urges active support on Panchen Lama issue ahead of rinpoche’s35th birthday
  • Dalai Lama grants audience to members of Indian journalist fraternity
  • Long time president of SOS Children’s village Helmut Kutin passes away at 82
  • US Senate passes bill to force sale of TikTok, sending it to Biden
  • Launch of Shivdham Kailash Mansarovar Tibet freedom association marks global initiative for religious freedom

རེས་གཟའ་ལྷག་པ། ༢༠༢༤།༠༤།༢༤

  • བུད་མེད་ལྷན་ཚོགས་སྐབས་ ༡༤ པའི་དབུས་སྤྱི་ཁྱབ་རྒྱུན་ལས་གསར་བསྐོ་དང་འབྲེལ་ཚོགས་ཆེན་ཐེངས་ ༡༤ པ་མཇུག་སྒྲིལ།
  • ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་མི་མང་ནས་གོ་རྟོགས་ཀྱི་ལས་འགུལ་སྤེལ་གནང་ཡོང་བའི་སྐུལ་འདེབས།
  • འཛམ་གླིང་གི་ཡང་དག་པའི་བསམ་བློ་བ་ཕལ་མོ་ཆེས་སྐུའི་ཡང་སྲིད་ཀྱི་སྐུ་དབང་༸གོང་ས་མཆོག་༸གང་ཉིད་ལ་ཡོད་པ་ངོས་འཛིན་གནང་འདུག
  • རྒྱལ་སྤྱིའི་ SOS བུ་ཕྲུག་ཁྱིམ་སྡེའི་ཚོགས་གཙོ་ཟུར་པ་ Helmut Kutin མཆོག་འདས་གྲོངས་སུ་གྱུར་འདུག
  • རྒྱ་ནག་གི་ཊིག་ཊོག་མཉེན་ཆས་བཀག་སྡོམ་དང་འབྲེལ་བའི་ཁྲིམས་འཆར་ལ་གྲོས་ཚོགས་གོང་མའི་རྒྱབ་སྐྱོར་ཐོབ་འདུག
  • གངས་རིན་པོ་ཆེའི་གནས་མཆོག་དེ་ཉིད་རྒྱའི་དབང་སྒྱུར་ནས་བཅིངས་གྲོལ་ཐུབ་ཆེད་ཚོགས་པ་གསར་འཛུགས།

རྒྱ་ནག་གིས་བོད་ཀྱི་དགོན་སྡེ་ཁག་ལ་ཆེད་དམིགས་ཀྱིས་རྒྱ་རིགས་ལས་བྱེད་བསྐོ་བཞག་གིས་རྒྱ་ནག་གི་ཁྲིམས་ལུགས་དང་དམར་ཤོག་སྲིད་གཞུང་སྐོར་ལ་སློབ་སྦྱོང་བྱེད་དགོས་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་མ་ཟད། བོད་བརྒྱུད་ནང་བསྟན་དེ་ཡང་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་མཐུན་པ་ཞིག་ཏུ་བཟོ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་ལྟར། ཉེ་ཆར་བོད་ཀྱི་མཁན་པ་ལུང་དགོནཔར་རྒྱ་ནག་གི་ལས་བྱེད་ཀྱིས་དངོས་སུ་དྲིལ་བསྒྲགས་ཀྱི་རིགས་ལ་སློབ་ཁྲིད་བྱས་ཡོད་འདུགདེ་ཡང་འདི་གའི་རླུང་འཕྲིན་ཁང་གི་རྒྱ་ཡིག་སྡེ་ཚན་ལ་མིང་བརྗོད་འདོད་མེད་མཁན་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པའི་ནང་དུ། ཉེ་ཆར་རྒྱ་ནག་གི་ཆེད་བསྐོས་ལས་བྱེད་མི་སྣས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཆ་བགོས་བྱས་བའི་ཁམས་ཆབ་མདོ་ས་ཁུལ་སྨར་ཁམས་རྫོང་ནང་ཡོད་པའི་མཁན་པ་ལུ་དགོན་པའི་ནང་དུ། ཆབ་སྲིད་དྲིལ་བསྒྲགས་ཀྱི་ལས་དོན་སྤེལ་ཏེ།  ཚད་གཞི་བཞི་བརྩི་སྲུང་ལག་བསྟར་དང་ཁ་སྣོན་མི་བྱེད་པ་གསུམདམ་སྲུང་ནན་མོ་བྱེད་དགོས་བར་ནན་སྐུལ་བྱས་ཡོད་པ་རེད་འདུག

གནས་ཚུལ་མཁོ་སྤྲོད་པས་རྒྱུས་ལོན་གནང་བ་ལྟར་ན།  རྒྱ་ནག་དམར་ཤོག་སྲིད་གཞུང་གིས་དེང་སྐབས་བོད་རང་སྐྱོང་ལྗོངས་ཟེར་བའི་ཆོས་དོན་ལས་ཁུངས་ཀྱིས་ལྗོངས་ཡོངས་ཀྱི་མངའ་ཁོངས་སུ་གཏོགས་པའི་བོད་ལུགས་ཀྱི་དགོན་སྡེ་སོ་སོར་བརྡ་ཐོ་བཏང་ནས་ཚད་གཞི་བཞི་ལ་བརྩི་སྲུང་དང་ཁ་སྣོན་མི་བྱེད་པ་གསུམ་ལ་དམ་སྲུང་ནན་མོ་བྱེད་དགོས་བའིི་སློབ་ཁྲིད་བྱེད་བཞིན་པ་མ་ཟད། དེ་ནི་རྒྱ་ན་གི་ལོ་ལྔ་ཚན་བཅུ་བཞི་བའི་ལས་འཆར་ནང་དུ་གསལ་བའི་བོད་ཁུལ་གྱི་སྲིད་བྱུས་དང་འབྲེལ་བའི་བོད་བརྒྱུད་ནང་བསྟན་རྒྱ་བསྒྱུར་བྱེད་རྒྱུའི་ལས་གཞི་དངོས་སུ་འགོ་འཛུགས་ཞུས་པ་ཞིག་ཡིན་པ་དང་། དེའི་ནང་གསལ་བའི་ཁ་སྣོན་མི་བྱེད་པ་གསུམ་ཟེར་བའི་ནང་དུ། བོད་ཀྱི་དགོན་སྡེ་སོ་སོར་གྲྭ་བཙུན་གྱི་གྲངས་ཀ་ཁ་སྣོན་བྱས་མི་ཆོག་པར་འཁོད་ཡོད་པ་མངོན་གསལ་གནང་འདུག

དེ་བཞིན་ཁ་སྣོན་མི་བྱེད་པ་གསུམ་ནི།   རྒྱ་ནག་དམར་ཤོག་གཞུང་གི་ལོ་ལྔ་ཚན་བཅུ་བཞིན་བའི་ནང་གི་ལས་འཆར་ནང་གི།  བོད་བརྒྱུད་ནང་བསྟན་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་བའི་སྲིད་ཇུས་འོག་ལག་བསྟར་བྱེད་འགོ་ཚུགས་པ་ཞིག་ཡིན་པ་དང། དེ་དག་ནི་དགོན་པའི་གྲངས་འབོར་ཁ་སྣོན་མི་བྱེད་པ་དང་། གྲྭ་བཙུན་གྱི་གྲངས་འབོར་ཁ་སྣོན་མི་བྱེད་པ། ཆོས་ལུགས་བྱེད་སྒོ་དང་དུས་ཆེན་ཁག་ཁ་སྣོན་མི་བྱེད་པ་བཅས་སོགས་ལ་བརྗོད་ཀྱི་ཡོད་འདུག

གཞི་རྩའི་བོད་ཁུལ་དུ་ས་གནས་བྱེ་བྲག་པ་རེ་རེའི་ཁུལ་དུ་རང་གི་ཡུལ་ལུང་གི་དབང་དུ་བྱས་པའི་ལྷ་སྡེ་ཡུལ་སྡེ་དགོན་པ་ཆེ་འབྲིང་ཆུང་གསུམ་མང་པོ་ཡོད་པ་ལྟར། སྔོན་ཆད་མི་ཚང་ཕལ་མོ་ཆེ་ནས་ནང་མི་རེ་རེ་གྲྭ་སར་ཞུགས་སྲོལ་ཡོད་ཀྱང་། ཉེ་བའི་ལོ་འགའི་རིང་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཆབ་ཆ་ཁུལ་དང་། དེ་བཞིན་བྲག་དཀར་རྫོང་ཁོངས་སོགས་སུ་བྱིས་པ་ལོ་ཆུང་རྣམས་གྲྭ་སར་ཞུགས་མི་ཆོག་པའི་ས་གནས་ཀྱི་སྲིད་བྱུས་ལག་བསྟར་བྱས་ཡོད་པ་མ་ཟད།       བྱིས་པ་སུ་ཞིག་རྒྱ་ནག་གིས་དྲིལ་བསྒྲགས་བྱེད་བཞིན་པའི་ལོ་དགུའི་འོས་འགན་སློབ་གསོ་མཐར་མ་ཕྱིན་གྱི་བར་དུ་དགོན་པར་ཞུགས་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་མ་ཟད།    ལོ་ཆུང་བྱིས་པ་རྣམས་གྲྭ་སར་ཞུགས་སུ་བཅུག་ན་ཕ་མས་ངོས་ནས་ཁྲིམས་འགལ་བྱས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག    དེ་ལྟ་བུའི་གནས་སྟངས་ཀྱི་འོག་ཏུ།  ད་ཆ་བོད་ཁུལ་དུ་ཆུང་དུས་ནས་གྲྭ་སར་ཞུགས་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་ཡོད་རེདདེ་བཞིན་སྔར་ལོ་ནས་མཚོ་སྔོན་གྱི་ཁུལ་གྱི་དགོན་པ་མང་པོ་ཞིག་རྒྱ་ནག་གིས་གནའ་ཤུལ་དུ་ངོས་འཛིན་གྱིས། བསྐྱར་གསོ་བྱེད་པ་དང་འཛུགས་སྐྲུན་གྱི་ལས་གཞི་རྒྱ་བསྐྱེད་བྱེད་མི་ཆོག་པའི་གསར་འགྱུར་ཡང་ཕྱི་ལ་ཐོན་ཡོད་པ་ལྟར།  མདོར་དེད་ན། ད་ཆ་རྒྱ་ནག་གིས་བོད་ཁུལ་གྱི་དགོན་པ་རྒྱ་བསྐྱེད་ཀྱི་འཛུགས་སྐྲུན་གྱི་ལས་གཞི་ནས་བཟུང་སྟེ། གྲྭ་བཙུན་གྱི་གྲངས་ཐོ་ཚུན་ཆད་ལ་ཚོད་འཛིན་གྱིས། རྒྱ་ནག་གིས་དངོས་སུ་བརྗོད་བཞིན་པའི་བོད་བརྒྱུད་ནང་བསྟན་རྒྱ་བསྒྱུར་གྱི་སྲིད་བྱུས་དེ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།