Tibetan Royal Year of 2151 | Year of the Wood Dragon

གཞོན་ལྷན་དབུས་རྒྱུན་ཟུར་པ་ཚོས་ཁྲིམས་ཞིབ་པ་རྣམས་བསྐྱར་གསོ་དགོས་པའི་འབོད་སྐུལ།

Tibetan News Headlines

  • CTA calls for immediate access to Panchen Lama, urges Chinese Panchen not to become a political tool
  • Tibetans commemorate Panchen Lama’s 35th birthday with fervor and heartfelt remembrance
  • New Amnesty report highlights severe human rights abuses in Tibet
  • We have back channel with China since one year but have no immediate expectation: Sikyong
  • Blinken kicks off direct engagement with China ahead of tough talks
  • Residents of Sakya Puruwala settlement offers ‘Gyaton Tenshug’ to Sakya Gongma Trichen Rinpoche

རེས་གཟའ་ཕུར་བུ། ༢༠༢༤།༠༤།༢༥

  • ༸པཎ་ཆེན་སྐུ་ཕྲེང་ ༡༡ མཆོག་དགུང་གྲངས་ ༣༥ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི།
  • ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་རྣམ་པ་འདྲ་མིན་སྒོ་ནས་སྲུང་བརྩི།
  • བོད་ནང་གི་བོད་མི་རྣམས་མུ་མཐུད་དྲག་གནོན་འོག་ཡོད་པ།
  • རྒྱ་ནག་དང་ལྷན་བརྒྱུད་ལམ་གཞན་ཐོག་འབྲེལ་ལམ་འགོ་འཛུགས་བྱས་ཀྱང་ལམ་སེང་དོན་འབྲས་སོན་པའི་རེ་བ་མེད་ཅེས་གསུངས་འདུག
  • ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་འཚམས་གཟིགས་ཁྲོད་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་ངེས་ཡིན་པ་གསུངས་འདུག
  • སྤུར་ཝ་ལ་གཞིས་འབངས་ཡོངས་ནས་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་ལ་གྱ་སྟོན་གྱི་བརྟན་བཞུགས་བསྟར་འབུལ།

ཉེ་ལམ་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པའི་སྟེང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བས་དབུས་པའི་ཁྲིམས་ཞིབ་པ་གཞན་གཉིས་བཅས་སྡེབ་གཅིག་ཏུ་འཕོ་འགྱུར་གནང་བའི་གནད་དོན་དང་འབྲེལ། བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་གྲས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་ཁག་ཅིག་ཐུན་མོང་གིས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་དབུས་པའི་སྤྱི་འཐུས་ལྷན་རྒྱས་ཀྱི་མཚན་ཐོག་ཏུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་འཕོ་འགྱུར་བཏང་བའི་གྲོས་ཆོད་དེ་ཕྱིར་འཐེན་གནང་སྐྱོང་ཡོང་བའི་ཞུ་སྙན་ཕུལ་འདུགཉེ་ཆར་ཕྱི་ཚེས་ ༡༦ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་ ༤༧ ཐུན་མོང་ནས་གྲོས་ཚོགས་ཀྱི་ཚོགས་གཞོན་མཆོག་དབུས་སྤྱི་འཐུས་རྣམ་པར་ཕུལ་བའི་ཞུ་སྐུལ་ནང་དུ་ཉེ་དུས་སྐབས་ ༡༦ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་པའི་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་དུས་གཅིག་ལ་འཕོ་འགྱུར་བཏང་བའི་གནད་དོན་དེ་བཅའ་ཁྲིམས་དང་གཞི་རིམ་མང་གཙོའི་ལྟ་གྲུབ་དང་འགལ་བ། ལྷག་པར་དུ་ཐག་གཅོད་དེའི་རྐྱེན་གྱིས་བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གཅིག་མེད་པར་གྱུར་ཏེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བརྡབ་གསིག་དང་བློ་ཕམ་སྐྱེས་གཞི་གྱུར་བ་མ་ཟད། མ་འོངས་བོད་ཀྱི་མང་གཙོའི་གནས་སྟངས་ཇི་ཆགས་ལ་བློ་འཚབ་བྱེད་མཁན་ཡང་མང་པོ་བྱུང་ཡོད་པ་བཀོད་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འདས་པའི་ལོ་ངོ་ལྔ་བཅུ་ལྷག་གི་རིང་བཙན་བྱོལ་བོད་མིའི་མང་གཙོ་གོང་འཕེལ་གྱི་ལས་འགུལ་སྣ་མང་སྤེལ་ཡོད་པ་མ་ཟད། རང་རེའི་མང་གཙོ་དེ་ཚད་དང་ལྡན་པ་ཞིག་ཡོང་ཐབས་དགེ་སྐྱོན་ཡོ་བསྲང་གི་བསམ་འཆར་འབུལ་རྒྱུ་མཚོན་ཞབས་ཞུ་མི་དམན་པ་ཞུས་ཡོད་སྐོར་སོགས་ལུང་འདྲེན་དང་ཆབས་ཅིག ད་ལམ་གྱི་གནས་ཚུལ་དེར་བློ་ཕམ་དང་མ་འོངས་བོད་ཀྱི་མང་གཙོའི་མདུན་ལམ་གང་དུ་བསྐྱོད་མིན་ལའང་རང་བཞིན་གྱི་བློ་འཚབ་ཆེན་པོ་ཡོང་བཞིན་ཡོད་སྟབས། ཉེ་ཆར་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བཅུ་པ་འཚོགས་བཞིན་པའི་དུས་སྐབས་ཏེ། ཕྱི་ཟླ་ ༣ ཕྱི་ཚེས་ ༢༥ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམས་དུས་གཅིག་ལ་འཕོ་འགྱུར་བཏང་བའི་གྲོས་ཆོད་བཞག་པ་དེ་ཕྱིར་འཐེན་གནང་སྟེ་ཁྲིམས་ཞིབ་པ་རྣམས་རང་གནས་སུ་བསྐྱར་གསོ་གནང་སྐྱོང་ཡོང་བ་ཞུ་བཅས་འབོད་སྐུལ་ནན་པོ་ཞུས་འདུགགཞི་རྩའི་གྲོས་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་དུས་གཅིག་ལ་འཕོ་འགྱུར་བཏང་བའི་གནད་དོན་དང་འབྲེལ་མང་ཚོགས་ཁྲོད་ཚོར་ཤུགས་ཆེན་པོས་གླེང་སློང་གནང་བཞིན་པ་དང་། འདས་པའི་ཉིན་ཤས་ཁྲོད་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་ཁྲིམས་པ་ཟུར་པ་བཅུ་གཅིག་ཐུན་མོང་དང་། དེ་བཞིན་གཞུང་ཞབས་ཟུར་པ་ ༡༦༥ ཐུན་མོང་བཅས་ནས་གྲོས་ཚོགས་ཀྱིས་ཁྲིམས་ཞིབ་པ་རྣམས་འཕོ་འགྱུར་བཏང་བའི་གྲོས་ཆོད་དེ་ཕྱར་འཐེན་གནང་དགོས་པའི་ཞུ་སྐུལ་ཕུལ་ཡོད་པ་མ་ཟད། བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཆོལ་ཁ་ཁག་གི་སྤྱི་ཁྱབ་རྒྱུན་ལས་ཁང་དང་། བོད་མི་གནས་ཡུལ་ས་གནས་ཁག་ཅིག་གི་ཚོགས་སྐྱིད་སོགས་ནས་ཀྱང་ད་རེས་ཀྱི་དཀའ་རྙོག་དེ་སེལ་ཐབས་སུ་གྲོས་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་འཕོ་འགྱུར་བཏང་བའི་གྲོས་ཆོད་དེ་ཕྱིར་ཐེན་གནང་དགོས་པའི་ཞུ་སྐུལ་བསྐྱར་ནན་གནང་ཡོད།

ད་ལྟའི་ཆར་ཁྲིམས་ཞིབ་པ་རྣམ་པ་འཕོ་འགྱུར་བཏང་སྟེ་ཉིན་གྲངས་ ༢༦ ཙམ་འགྲོ་བཞིན་ཡོད་པ་དང་དུས་ཡུན་དེའི་ཁྲོད་ཁྲིམས་པ་འཕོ་འགྱུར་གྱི་གྲོས་ཆོད་གྲོས་ཚོགས་སུ་བསྣམས་ཕེབས་མཁན་ཁོངས་སུ་ཡོད་པ་སྤྱི་འཐུས་རྒྱུན་ལས་བློ་བཟང་ཆོས་འབྱོར་ལགས་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གཉིས་སྐབས་ ༡༦ པའི་སྤྱི་འཐུས་དང་ཚོགས་གཙོའི་ལས་གནས་ནས་དགོངས་པ་ཞུས་ཟིན་པ་མ་ཟད། དབུས་འོས་བསྡུ་ལས་ཁང་ནས་ཀྱང་ཁོང་རྣམ་གཉིས་ཀྱི་ཚབ་ཏུ་མདོ་སྨད་དང་དབུས་ཚང་ཆོལ་ཁའི་སྤྱི་འཐུས་ཀྱི་སྒུག་ཐོ་དང་པོ་གཉིས་བོད་མི་མང་སྤྱི་འཐུས་སུ་བསྐོ་གཞག་དམ་འབུལ་གནང་ཟིན་ཡོད།འོན་ཀྱང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམ་པ་རིང་མིན་ཕྱི་ཟླ་ལྔ་པའི་ཟླ་མཇུག་ཙམ་ནས་ལས་ཡུན་ཚང་གི་ཡོད་པ་དང་། ད་ལྟའི་ཆར་ཁྲིམས་ཞིབ་པ་རྣམ་པ་འཕོ་འགྱུར་ལས་འཕྲོས་པའི་བཅར་ཁྲིམས་བསྐྱར་བཅོས་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་བསྐོ་གཞག་གནང་རྒྱུ་སོགས་ཀྱི་ལས་དོན་ཁག་ཅིག་ལྷག་ཡོད་པ་མ་ཟད། ལས་རིམ་དེ་དག་དང་འབྲེལ་ཕྱི་ཟླ་ལྔ་པའི་ནང་ཚོགས་འཆར་ཡོད་པའི་གྲོས་ཚོགས་ཀྱི་ཚོགས་དུས་འཕར་མའི་ཐོག་གྲོས་ཚོགས་ཀྱི་ཚོགས་གཙོ་གསར་པའང་བསྐོ་གཞག་གནང་དགོས་པའི་གནས་སྟངས་ཆགས་ཡོད་པ་དང་། ཕྱོགས་གཅིག་ནས་ད་ཆར་རྒྱ་གར་ནང་དུ་ཏོག་དབྱིབས་རིམས་ནད་ཕོག་མཁན་གྱི་གྲངས་འབོར་དེ་སྔར་ལྷག་འཕར་བཞིན་པ་མ་ཟད། རྒྱལ་ས་ལྡི་ལིས་གཙོས་པའི་མངའ་སྡེ་ཁག་ཅིག་ཏུ་སླར་ཡང་ཐེམ་སྤང་བཀའ་རྒྱ་བཏང་བར་གཞིགས་ན་གྲོས་ཚོགས་ཀྱི་ཚོགས་དུས་འཕར་མ་དེ་འཚོགས་ཐུབ་རྒྱུ་དཀའ་བའི་གནས་ལས་མ་འདས་པ་གྱུར་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།