Tibetan Royal Year of 2151 | Year of the Wood Dragon

རྒྱ་དཀར་ནག་གིས་འཕགས་བོད་ས་མཚམས་ཀྱི་རྙོག་གླེང་ལ་གྲོས་མོལ་བྱེད་བཞིན་པ།

Tibetan News Headlines

  • Tibetan delegation embark on an official visit to Taiwan
  • Sikyong Penpa Tsering begins final leg of his Europe visit to France
  • Chinese undercover agent breaks silence on espionage operations, including information gathering on Tibetans
  • UK Religious Freedom Envoy hears testimonies about threat to freedom of religion and belief from Tibetans and other minorities
  • Tibetan student topper dedicates accomplishment to the Dalai Lama as he reaches 90
  • 29th Gyalyum Chenmo in begins in Hunsur with the host beating Odisha Phuntsokling 2-0

རེས་གཟའ་ཕུར་བུ། ༢༠༢༤།༠༥།༡༦

  • བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།
  • སྲིད་སྐྱོང་མཆོག་ཧྥ་རན་སིར་ཉིན་གསུམ་རིང་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་རིགས་སོ་མྱུལ་བ་ཞིག་གིས་རྒྱ་ནག་གཞུང་གིས་ཨོ་གླིང་གཙོས་རྒྱལ་སྤྱིའི་ཁྲོད་སྤེལ་བཞིན་པའི་བྱ་སྤྱོད་ཐེར་འདོན།
  • དབྱིན་ཡུལ་ནང་དུ་ཆོས་དད་རང་དབང་ཐོག་གྲོས་བསྡུར་ལས་རིམ་ཞིག་འཚོགས་གནང་འདུག
  • རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བདག་གིས་བཞེས་པར་ཕྱག་རྟགས་ཡིན།
  • རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་རྕེད་འགྲན་ཐེངས་ ༢༩  དབུ་འཛུགས།

རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་སྔ་དྲོ་ཕྱག་ཚོད་ ༩་དང་༣༠ ཕྱེད་ཀའི་སྟེང་། རྒྱ་དཀར་ནག་གི་ཆེས་མཐོའི་དཔོན་རིགས་དང་དམག་སྤྱིའི་བར་དུ་འཕགས་བོད་ས་མཚམས་ཀྱི་རྙོག་གླེང་དང་འབྲེལ་བའི་གྲས་མོལ་ཐེངས་བརྒྱད་པ་དེ་བྱེད་བཞིན་ཡོད་པ་དང་འབྲེལ་ནས། སྔོན་དཔག་གི་དགོངས་ཚུལ་འདྲ་མིན་སྤེལ་མཁན་བྱུང་བཞིན་པའི་ཁྲོད།    མང་དག་ཅིག་གིས་ཕྱོགས་གཉིས་ཀྱིས་རྒྱ་གར་བྱང་ཕྱོགས་ལ་དྭགས་ཀྱི་ས་མཚམས་ཀྱི་དམག་མི་ཕྱིར་བསྡུ་བྱེད་མི་སྲིད་པ་མ་ཟད།  ད་དུང་དགུན་དུས་དང་འབྲེལ་ནས་གྱོན་གོས་དང་བཟའ་འབྲུ་རིགས་མང་དུ་འབོར་འདྲེན་བྱེད་བཞིན་ཡོད་སྐོར་གསུངས་འདུག  རྒྱ་གར་གྱི་དབྱེ་ཞིབ་མི་སྣས་ཚོད་དཔག་བྱས་པ་ལྟར་ན།  ད་ལྟའི་ཕྱོགས་གཉིས་ཀྱི་རྩོད་རྙོག་གི་གནས་བབ་དེ་ནི་འདས་བའི་ལོ་བཅུ་ཕྲག་ཁ་ཤས་རིང་ལ་མཐོང་དཀོན་པའི་ཛ་དྲག་གི་དུས་བབ་ཅིག་ཏུ་བསྒྱུར་ཡོད་སྟབས།  ཐེངས་འདིའི་གྲོས་མོལ་བརྒྱུད་ནས་ཕྱོགས་གཉིས་ཀྱི་བློ་ཁ་ཚིམས་པའི་གྲུབ་འབྲས་ཤིག་བྱུང་རྒྱུར་རེ་བ་མེད་པར་འཁོད་འདུག

ལྡི་ལིའི་ནེ་རོ་གཙུག་ལག་སློབ་ཆེན་གྱི་ནང་དུ་ཕྱག་ལས་གནང་བཞིན་པའི་རྒྱ་ནག་གི་ཆེད་མཁས་བ་སྐུ་ཞབས་ Srikanth Kondapalli ལགས་ཀྱིས།  གཞི་རྩའི་ད་ལྟའི་ཕྱོགས་གཉིས་ཀྱི་གནས་བབ་དེ་ཛ་དྲག་རང་བཞིན་གྱི་ངོ་བོར་གནས་ཡོད་སྟབས་རྒྱལ་ཁབ་ཕྱོགས་གཉིས་ཀྱིས་ཕན་ཚུལ་ལ་བསམ་ཤེས་བྱེད་དགོས་བའི་དུས་ལ་བབ་ཡོད་ནའང་། ཕྱོགས་གཉིས་ཀྱིས་ས་མཚམས་ཀྱི་དམག་མི་ཕྱིར་འཐེན་བྱེད་ཀྱི་མེད་པར་རང་སོར་གནས་ཡོད་པ་མ་ཟད། རྒྱ་གར་གྱིས་ཨ་རི་དང་ཨུ་རུ་སུ་ནས་མཐའ་མཚམས་ཁག་གི་དམག་མིར་དགུན་དུས་ཀྱི་གྱོན་ཆས་གྲྭ་སྒྲིག་བྱེད་ཀྱི་ཡོད་པ་ལུང་འདྲེན་གནང་སྟེ། ཐེངས་འདིའི་གྲས་མོལ་ལས་དམག་མི་ཕྱིར་འཐེན་བྱེད་རྒྱུའི་ཐག་གཅོད་གང་ཡང་ཡོང་མི་སྲིད་པའི་རྣམ་འགྱུར་བསྟན་འདུག

དེ་བཞིན་ཉེ་སྔོན་རྒྱ་གར་གྱི་ཕྱི་སྲིད་ཀྱི་དྲུང་ཆེ་སྐུ་ཞབས། Harsh Vardhan Shringla ལགས་དབྱིན་ཡུལ་དུ་སྐྱོད་སྐབས་འཕགས་བོད་ས་མཚམས་ཀྱི་རྩོད་རྙོག་དང་འབྲེལ་ནས་གསུངས་བཤད་གནང་སྟེ།  དཀའ་རྙོག་ཐམས་ཅད་གྲོས་མོལ་བྱས་ནས་སེལ་ཐུབ་པ་ཞིག་ཡིད་སྐོར་འགྲེལ་བརྗོད་ཀྱིས། རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་རྩོད་རྙོག་དང་འབྲེལ་ནས་རྒྱ་ནག་ལ་དམག་རྒྱག་མི་སྲིད་ནའང་། རྒྱ་གར་གྱིས་རང་རྒྱལ་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་བྱེད་རྒྱུར་བློ་བརྟན་འགྱུར་མེད་ངང་གནས་ཡོད་སྟབས་ཕྱིར་འཐེན་མི་བྱེད་ཅེས་གསུངས་ཡོད་པ་རེད།

གསར་ལམ་ཁ་ཤས་སུ་གནས་ཚུལ་སྤེལ་བའི་ནང་། ཐེངས་འདིའི་གྲོལ་མོལ་བརྒྱུད་ནས་རྒྱ་གར་གྱི་ཕྱོགས་ནས་ས་མཚམས་ཀྱི་རྙོག་གླེང་ཆེ་བའི་ས་ཚུགས་ནས་དམག་མི་ཕྱིར་འཐེན་བྱེད་རྒྱུར་འབད་བཞིན་ཡོད་སྐོར་འཁོད་ཡོད་ནའང་། ཕྱོགས་གཞན་ཞིག་ནས་ད་དུང་ཡང་ས་མཚམས་སུ་དམག་མིར་ཟས་གོས་བགོ་འགྲེམས་བྱེད་ཤུགས་ཆེ་རུ་གཏོང་བཞིན་པ་ཡང་འཁོད་ཡོད་སྟབས། དེ་རིང་གི་གྲོས་མོལ་གྱི་གྲུབ་འབྲས་ཕྱིར་མ་ཐོན་བར་དུ་གནས་ཚུལ་གསལ་བོར་ཤེས་རྟོག་བྱེད་ཐབས་མི་འདུག

རྒྱ་གར་གྱི་བདེ་སྲུང་གི་དམག་སྤྱི་ཆེན་མོ། སྐུ་ཞབས་ Bipin Rawat  ལགས་ཀྱིས་གསར་ལམ་ཁག་ཏུ་བརྗོད་པ་ལྟར་ན། དེང་སྐབས་རྡུལ་ཕྲན་མཚོན་ཆ་ལྡན་པའི་ཁྱིམ་མཚེས་ པ་ཀི་སི་ཐན་དང་རྒྱ་ནག་གཉིས་ཀྱི་་ཐུན་མོང་གི་འཇིགས་སྐུལ་ཀྱིས་རྒྱ་གར་ལ་ཕྱི་ཕྱོགས་བདེ་འཇགས་ཀྱི་འགྲན་སློང་གྲངས་མེད་བཟོ་བཞིན་ཡོད་ནའང་། རྒྱ་གར་གྱི་LACཞེས་པའི་ས་མཚམས་ཀྱི་གཞུང་ཐིག་དང་འབྲེལ་བའི་འགྱུར་བ་ཕྲ་མོ་ཙམ་ཡང་ངོས་ལེན་བྱེད་རྒྱུ་མིན་ཞེས་བསྒྲགས་འདུག

གཞི་རྩའི་འདི་ལོའི་ཟླ་བ་ལྔ་བའི་ནང་རྒྱ་གར་བྱང་ཕྱོགས་ཁུལ་གྱི་འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་གི་ས་མཚམས་དམག་མིའི་བར་ལག་འཛིང་ཤོར་ཏེ་ཕྱོགས་གཉིས་ཀྱི་དམག་མིར་ཤི་རྨས་ཐེབས་པ་ནས་བཟུང་། འདས་བའི་ཟླ་བ་དྲུག་གི་རིང་དུ་ས་མཚམས་ཁག་ཏུ་ཕྱོགས་གཉིས་ནས་དམག་མི་འབོར་ཆེན་འགྲེམས་འཇོག་དང་མཚོན་ཆ་འབོར་འདྲེན་བྱེད་ཀྱིན་ཡོད་པར་བརྟེན།  མཐོ་རིམ་དཔོན་རིགས་བར་ས་མཚམས་ཞི་འགྲིག་གི་ཚོགས་འདུ་རིམ་པ་ཚོགས་ཡོད་ནའང་གྲུབ་འབྲས་གང་ཡང་སྨིན་མེད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།