Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གིས་སྤང་གོང་མཚོ་ཐོག་ཏུ་ཟམ་ཆེན་གཉིས་པ་རྒྱག་བཞིན་པར་མངོན་གསལ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

རྒྱ་ནག་གིས་ཉེ་ཆར་སྤང་གོང་མཚོ་ཐོག་ཏུ་ཟམ་པ་གཅིག་གསར་རྒྱག་ཟིན་རྗེས་ད་ཆ་སླར་ལྗིད་ཚད་ཆེ་བའི་རླངས་འཁོར་རིགས་འགྱོག་ཐུབ་པའི་ཟམ་ཆེན་གཉིས་པ་ཞིག་རྒྱག་བྱེད་བཞིན་འདུག དབྱེ་ཞིབ་པས་ཟུང་སྐར་བརྒྱུད་ནས་རགས་པའི་པར་རིས་ལ་རྟོག་ཞིབ་ཀྱིས་རྒྱ་ནག་གིས་ཟམ་ཆེན་གཉིས་པ་དེ་ཟླ་བ་སྔོན་མའི་ནང་གྲུབ་ཟིན་པའི་ཟམ་པ་དང་པོའི་ཁ་ཕྱོགས་སུ་རྒྱག་བཞིན་པ་དང་ཟམ་པ་དང་པོ་དེ་ཟམ་པ་གཉིས་པའི་ཆེད་དུ་ Crane འམ་ལྗིད་འདེགས་འཕྲུལ་འཁོར་ལ་སོགས་པ་འོར་འདྲེན་ཆེད་བེད་སྤྱོད་བྱེད་བཞིན་ཡོད་པ་དང་། ཟམ་པ་གཉིས་པ་དེ་ཟམ་པ་དང་པོ་ལས་རྒྱ་ཆེ་བ་ཡོད་པར་བཀོད་འདུག

དབྱེ་ཞིབ་པ་ Damien Symon ཡིས་ཟམ་པ་གཉིས་པ་དེ་རྒྱ་ཁྱོན་ལ་བལྟས་ཚེ་ཟམ་ཆེན་གཉིས་པ་དེ་ཞེང་ཁ་མི་ཊར་བཅུ་ཙམ་དང་རིང་ཚད་མི་ཊར་ ༤༥༠ ཡོད་པ་དང་། ཟམ་པ་དེས་རླངས་འཁོར་ཆེ་བ་དང་ལྗིད་ཚད་ཆེ་བ་རིགས་འགྱོག་ཐུབ་པ་འདུག་ཅེས་གསུངས་འདུགབརྒྱུད་ལམ་ཁག་གིས་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། ད་ལྟའི་ཆར་རྒྱ་ནག་གིས་ཟམ་པ་གཉིས་པ་དེ་རྒྱག་བཞིན་པའི་ཐད་རྒྱ་གར་གཞུང་གི་འབྲེལ་ཡོད་ལས་བྱེད་དང་དམག་མིའི་མགྲིན་ཚབ་པའི་ངོས་ནས་གང་ཡང་གསུངས་མི་འདུག  སྤྱིར་རྒྱ་ནག་གིས་སྤང་གོང་མཚོ་ཐོག་ཏུ་འདི་ལོའི་ཟླ་བ་ ༤ པའི་ནང་ཟམ་པ་དང་པོ་དེ་གསར་རྒྱག་གྲུབ་རྗེས་ཟམ་པ་དེ་བོད་མངའ་རི་ཁུལ་གྱི་རུ་ཐོག་རྫོང་བར་མཐུད་ཆེད་གཞུང་ལམ་ཞིག་ཀྱང་གསར་རྒྱག་བྱེད་བཞིན་པར་མངོན་གསལ་གནང་བ་དང་། གཞུང་ལམ་གསར་རྒྱག་གི་ལས་གཞི་དེའང་རྒྱ་ནག་གི་དམག་མི་རྣམས་ཀྱི་འགྲུལ་བཞུད་སྟབས་བདེ་བཟོ་ཆེད་ཡིན་པར་བརྗོད་ཡོད།   སྤང་གོང་མཚོ་ཐོག་གི་ཟམ་པ་གཉིས་པོས་སྤང་གོང་མཚོའི་བྱང་ངོས་སུ་ཡོད་པའི་རྒྱ་ནག་བཅིངས་གྲོལ་དམག་དཔུང་སྡོད་ས་ནས་རུ་ཐོག་ཏུ་ཡོད་པའི་དམག་དཔུང་སྡོད་ས་བར་སྤྱི་ལེ་ ༡༥༠ ཙམ་གྱི་འགྲོ་སྐྱོད་ཐག་ཉེ་རུ་གཏང་གི་ཡོད་པ་རེད། གཞི་རྩའི་རྒྱ་དཀར་ནག་གཉིས་དབར་ཕྱི་ལོ་ ༢༠༢༠ ལོར་འཕགས་བོད་ཀྱི་མཐའ་མཚམས་སུ་རྩོད་རྙོག་བྱུང་ཏེ་ད་ཆ་ལོ་གཉིས་ལྷག་འགྲོ་བཞིན་ཡོད་ཀྱང་། ཆེས་མཐོའི་དཔོན་རིགས་ཀྱི་གྲོས་མོལ་ཐེངས་ ༡༤ ཙམ་བྱུང་བར་ལྟོས་མེད་ད་ཆ་གྲུབ་འབྲས་གང་ཡང་ཐོན་མེད་པ་རེད། ཉེ་བའི་ཆར་རྒྱ་གར་གཞུང་གིས་རྒྱ་ནག་ལ་གདོང་ལེན་སླད་ལ་དྭགས་ནས་བྱང་ཤར་དབར་འཕགས་བོད་མཚམས་སུ་དམག་སྡེ་དྲུག་འགྲེམས་འཇོག་བྱས་པའི་གནས་ཚུལ་ཐོན་ཡོད། པར་ཁག་ཅིག་གི་བདག་དབང་། @detresfa_

འབྲེལ་ཡོད་གསར་གནས།

གསར་གནས།