Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

རྒྱ་ནག་གིས་སྤང་གོང་མཚོ་ཐོག་ཏུ་ཟམ་ཆེན་འཛུགས་སྐྲུན་གྱི་ལས་གཞི་ཇེ་མྱུར་དུ་གཏོང་བཞིན་པ་ཕྱིར་མངོན།

རྒྱ་ནག་གིས་སྤང་གོང་མཚོ་ཐོག་ཏུ་ཟམ་ཆེན་གཉིས་པ་རྒྱག་བཞིན་པར་མངོན་གསལ།

རྒྱ་ནག་གིས་ཉེ་ཆར་སྤང་གོང་མཚོ་ཐོག་ཏུ་ཟམ་པ་གཅིག་གསར་རྒྱག་ཟིན་རྗེས་ད་ཆ་སླར་ལྗིད་ཚད་ཆེ་བའི་རླངས་འཁོར་རིགས་འགྱོག་ཐུབ་པའི་ཟམ་ཆེན་གཉིས་པ་ཞིག་རྒྱག་བྱེད་བཞིན་འདུག དབྱེ་ཞིབ་པས་ཟུང་སྐར་བརྒྱུད་ནས་རགས་པའི་པར་རིས་ལ་རྟོག་ཞིབ་ཀྱིས་རྒྱ་ནག་གིས་ཟམ་ཆེན་གཉིས་པ་དེ་ཟླ་བ་སྔོན་མའི་ནང་གྲུབ་ཟིན་པའི་ཟམ་པ་དང་པོའི་ཁ་ཕྱོགས་སུ་རྒྱག་བཞིན་པ་དང་ཟམ་པ་དང་པོ་དེ་ཟམ་པ་གཉིས་པའི་ཆེད་དུ་ Crane འམ་ལྗིད་འདེགས་འཕྲུལ་འཁོར་ལ་སོགས་པ་འོར་འདྲེན་ཆེད་བེད་སྤྱོད་བྱེད་བཞིན་ཡོད་པ་དང་། ཟམ་པ་གཉིས་པ་དེ་ཟམ་པ་དང་པོ་ལས་རྒྱ་ཆེ་བ་ཡོད་པར་བཀོད་འདུག དབྱེ་ཞིབ་པ་ Damien Symon ཡིས་ཟམ་པ་གཉིས་པ་དེ་རྒྱ་ཁྱོན་ལ་བལྟས་ཚེ་ཟམ་ཆེན་གཉིས་པ་དེ་ཞེང་ཁ་མི་ཊར་བཅུ་ཙམ་དང་རིང་ཚད་མི་ཊར་ ༤༥༠ ཡོད་པ་དང་། ཟམ་པ་དེས་རླངས་འཁོར་ཆེ་བ་དང་ལྗིད་ཚད་ཆེ་བ་རིགས་འགྱོག་ཐུབ་པ་འདུག་ཅེས་གསུངས་འདུགབརྒྱུད་ལམ་ཁག་གིས་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། ད་ལྟའི་ཆར་རྒྱ་ནག་གིས་ཟམ་པ་གཉིས་པ་དེ་རྒྱག་བཞིན་པའི་ཐད་རྒྱ་གར་གཞུང་གི་འབྲེལ་ཡོད་ལས་བྱེད་དང་དམག་མིའི་མགྲིན་ཚབ་པའི་ངོས་ནས་གང་ཡང་གསུངས་མི་འདུག  སྤྱིར་རྒྱ་ནག་གིས་སྤང་གོང་མཚོ་ཐོག་ཏུ་འདི་ལོའི་ཟླ་བ་ ༤ པའི་ནང་ཟམ་པ་དང་པོ་དེ་གསར་རྒྱག་གྲུབ་རྗེས་ཟམ་པ་དེ་བོད་མངའ་རི་ཁུལ་གྱི་རུ་ཐོག་རྫོང་བར་མཐུད་ཆེད་གཞུང་ལམ་ཞིག་ཀྱང་གསར་རྒྱག་བྱེད་བཞིན་པར་མངོན་གསལ་གནང་བ་དང་། གཞུང་ལམ་གསར་རྒྱག་གི་ལས་གཞི་དེའང་རྒྱ་ནག་གི་དམག་མི་རྣམས་ཀྱི་འགྲུལ་བཞུད་སྟབས་བདེ་བཟོ་ཆེད་ཡིན་པར་བརྗོད་ཡོད།   སྤང་གོང་མཚོ་ཐོག་གི་ཟམ་པ་གཉིས་པོས་སྤང་གོང་མཚོའི་བྱང་ངོས་སུ་ཡོད་པའི་རྒྱ་ནག་བཅིངས་གྲོལ་དམག་དཔུང་སྡོད་ས་ནས་རུ་ཐོག་ཏུ་ཡོད་པའི་དམག་དཔུང་སྡོད་ས་བར་སྤྱི་ལེ་ ༡༥༠ ཙམ་གྱི་འགྲོ་སྐྱོད་ཐག་ཉེ་རུ་གཏང་གི་ཡོད་པ་རེད། གཞི་རྩའི་རྒྱ་དཀར་ནག་གཉིས་དབར་ཕྱི་ལོ་ ༢༠༢༠ ལོར་འཕགས་བོད་ཀྱི་མཐའ་མཚམས་སུ་རྩོད་རྙོག་བྱུང་ཏེ་ད་ཆ་ལོ་གཉིས་ལྷག་འགྲོ་བཞིན་ཡོད་ཀྱང་། ཆེས་མཐོའི་དཔོན་རིགས་ཀྱི་གྲོས་མོལ་ཐེངས་ ༡༤...

རྒྱ་ནག་གིས་སྤང་གོང་མཚོ་ཐོག་ཏུ་ཟམ་ཆེན་འཛུགས་སྐྲུན་གྱི་ལས་གཞི་ཇེ་མྱུར་དུ་གཏོང་བཞིན་པ་ཕྱིར་མངོན།

རྒྱ་ནག་གིས་སྤང་གོང་མཚོ་ཐོག་ཏུ་ཟམ་ཆེན་འཛུགས་སྐྲུན་གྱི་ལས་གཞི་མྱུར་དུ་གཏོང་བཞིན་པ་ཕྱིར་མངོན། རྒྱ་ནག་གིས་འཕགས་བོད་མཐའ་མཚམས་སུ་ཁེལ་བའི་རྒྱ་དཀར་ནག་གི་བར་གྱི་རྩོད་རྙོག་ཆེ་ཤོས་ཁུལ་གྱི་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་སྤང་གོང་མཚོ་ཐོག་ཏུ་རིང་ཚད་ལ་མི་ཊར་༤༠༠ ཅན་གྱི་ཟམ་ཆེན་ཞིག་གསར་རྒྱག་བྱེད་བཞིན་པ་ལྟར། ཉེ་ལམ་ཟུང་སྐར་པར་ལེན་བརྒྱུད་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གིས་ལས་གཞི་དེ་ཇེ་མགྱོགས་བཏང་སྟེ་ད་ཆ་ཟམ་ཆེན་མཇུག་བསྒྲིལ་ལ་རན་པ་དང་། ཟམ་ཆེན་དེ་ནི་རྒྱ་དཀར་ནག་གི་མཐའ་དམག་གི་གདོང་ཐུག་སྐབས་སུ་གོ་མཚོན་དང་དམག་མི་བསྡུ་སྐོང་གི་འཐབ་བྱུས་རང་བཞིན་གྱི་འཛུགས་སྐྲུན་ལས་གཞི་གལ་ཆེན་ཞིག་ཆགས་ཡོད་པ་མངོན་གསལ་གནང་འདུག རྒྱ་གར་གྱི་གསར་ལམ་ཁག་ཏུ་བཀོད་པར་གཞིགས་ན། རྒྱ་ནག་གི་འཛུགས་སྐྲུན་ལས་གཞི་དེ་ལེགས་འགྲུབ་བྱུང་བ་ཡིན་ན། བྱང་ཁུལ་གྱི་མཐའ་དམག་གི་ས་ཚུགས་སུ་སྤྱི་ལེ་༢༠༠ ལྷག་ཡོད་པའི་འགྲུལ་ལམ་ཇེ་ཉེར་བཏང་སྟེ། སྤྱི་ལེ་ ༡༥༠ ལྷག་གི་འགྲུལ་ལམ་གི་བགྲོད་ལམ་ཐག་ཉེར་བསྒྱུར་ཐུབ་པར་མངོན་གསལ་གནང་འདུག རྒྱ་གར་གྱི་དམག་དོན་དཔྱད་བརྗོད་པ་ Sim Tack ལགས་ཀྱིས་ཐེངས་འདིར་སྤང་གོང་མཚོ་ཐོག་ཏུ་ཟམ་ཆེན་ཞིག་འཛུགས་སྐྲུན་བྱས་པ་དེ་ཡིས་མ་འོངས་བར་ཡང་རྒྱ་ནག་གིས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་དཀའ་རྙོག་ཆེ་བའི་མཐའ་མཚམས་བརྒལ་ནས་འཛུགས་སྐྲུན་ལས་གཞི་གཉེར་རྒྱུ་ཡིན་པར་མངོན་གསལ་གྱིས། ཟམ་ཆེན་གྱི་ལས་གཞི་དེ་བརྒྱུད་ནས་རྒྱ་དཀར་ནག་བར་གྱི་དཀའ་རྙོག་ཆེ་རུ་འགྲོ་རྒྱུ་ཡིན་པར་བརྗོད་འདུགདེ་བཞིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་མཐའ་མཚམས་ཀྱི་འཛུགས་སྐྲུན་ལས་གཞིར་ལྟ་རྟོག་བྱེད་མཁན་གྱིས། རྒྱ་ནག་གིས་ཐེངས་འདིར་ཟམ་ཆེན་འཛུགས་སྐྲུན་བྱེད་ས་དེ་ནི་འདས་བའི་ལོ་ངོ་༦༠ ལྷག་ལ་རྒྱ་ནག་གིས་ཁྲིམས་འགལ་གྱི་ཐོག་ནས་བཙན་བཟུང་བྱས་པའི་ས་ཁུལ་དུ་ཁེལ་ཡོད་པ་ཞིག་ཡིན་པར་བསྒྲགས་ཏེ། རྒྱ་གར་གྱི་ངོས་ནས་རྒྱ་ནག་གི་ཁྲིམས་འགལ་གྱི་བྱ་སྤྱོད་དེ་དག་ནམ་ཡང་ངོས་ལེན་བྱེད་ཐབས་བྲལ་བར་གསུངས་འདུག ཐེངས་འདིའི་གནད་དོན་དང་འབྲེལ་རྒྱ་གར་ཕྱོགས་འགལ་ཚོགས་པའི་ངོས་ནས་དབུས་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་པ་དང། རྒྱ་གར་གྱི་སྲིད་བློན་མོ་རྡི་མཆོག་གི་གནང་དོན་དེའི་ཐོག་ཁ་ཁུ་སིམ་པོར་གནས་དགོས་དོན་ཇི་ཡིན་འདྲི་རྩད་གནང་འདུག སྤྱིར་རྒྱ་གར་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱིས་བརྗོད་པ་ལྟར་ན། ད་ཆ་རྒྱ་གར་གྱི་ངོས་ནས་སྔར་བྱུང་མྱོང་མེད་པའི་མ་དངུལ་ཆེད་གཏོང་གིས་འཕགས་བོད་མཐའ་མཚམས་ཁུལ་དུ་འགྲུལ་ལམ་དང་ཟམ་པ་སོགས་ཀྱི་མཚོན་པའི་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེར་སྤེལ་བཞིན་པ་དང་། རྒྱ་ནག་གིས་ཐེངས་འདིར་སྤང་གོང་མཚོ་ཐོག་ཏུ་ཟམ་པ་འཛུགས་སྐྲུན་བྱེད་བཞིན་པ་དེ་ཡང་རྒྱ་གར་གྱི་དམག་ཤུགས་ཀྱིས་མཐའ་མཚམས་ཁུལ་དུ་དཔུང་འཇུག་བྱས་ཏེ་སྤོང་གོ་མཚོའི་ལྷོ་རྒྱུད་བཙན་བཟུང་བྱེད་ཐབས་བྱས་པར་བརྡ་ལན་སྤྲོད་བཞིན་པ་ཞིག་ཡིན་པར་གསུང་འདུག ཡང་དེ་རིང་གསར་ལམ་ཁག་ཏུ་འབྲེལ་ཡོད་གནས་ཚུལ་གཞན་ཞིག་ཐོན་པ་ལྟར་ན། རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་གྱི་འཕགས་བོད་མཐའ་མཚམས་ཁུལ་དུ། ཁ་ཉིན་ཚེས་...

Latest news

- Advertisement -spot_img