ཨ་རིའི་གློག་བརྙན་འཁྲབ་སྟོན་པ་ Michael Douglas ལགས་དང་ Robert Thurman བཟའ་ཚང་བཅས་ལ་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་ཕུལ་འདུག

Tibetan News Headlines

  • China Forum 2026 Highlights Challenges Facing Tibet’s Future, Including Succession and Repression
  • Dalai Lama Institute Hosts Third Annual Conference on Tibetan Studies
  • Tibet House US Honours Michael Douglas and the Thurmans with Art of Freedom Awards
  • Macao Ex-Lawmaker Receives 12.5 Year Prison Sentence in Unfair Trial
  • Taiwan-Malaysia Trade Talks Halted After Anwar Reaffirms ‘One China’ Policy
  • TIO Liaison Officer Addresses China’s Tibet Policy at Chinese Democracy Conference

ཪེས་གཟའ་མིག་དམར། ༢༠༢༦།༡༡།༡༠

  • རྒྱ་ནག་གི་གླེང་སྟེགས་ ༢༠༢༦ ཐོག་བོད་ཀྱི་མ་འོངས་གནས་བབ་དང་། སྐུའི་ཡང་སྲིད། རྒྱ་ནག་གི་དྲག་གནོན་སྐོར་དཔྱད་ཞིབ་བགྲོ་གླེང་གནང་འདུག
  • སྦེང་ལོར་ནང་ Stub Kaiser སེའི་ཌབཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་དབུ་འཛུགས།
  • ཨ་རིའི་གློག་བརྙན་ཁྲབ་སྟོན་པ་ Michael Douglas ལགས་དང་ Robert Thurman བཟའ་ཚང་ལ་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་ཐོབ་པ།
  • Macau མང་གཙོ་དོན་གཉེར་བ་ཞིག་ལ་ལོ་ ༡༢ དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
  • ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་པར་ཐེ་ཝན་གྱིས་མ་ལེ་ཤི་ཡ་དང་ཚོང་འབྲེལ་གྲོས་མོལ་མཚམས་འཇོག་བྱས་པ།
  • རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོར་རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་འདུག

ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་བོད་ཁང་གིས་ཕྱི་ལོ་ ༡༩༩༨ ནས་བཟུང་རྒྱལ་ཚོགས་ཀྱི་ཞི་བདེའི་ཕོ་ཉའི་ཐུགས་འགན་བཞེས་བཞིན་པའི་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ Michael Douglas ལགས་དང་། བོད་རིག་པའི་མཁས་པ་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་ཨ་རིའི་བོད་ཁང་ཐོག་མར་གསར་འཛུགས་གནང་མཁན་གྲས་སུ་ཡོད་པ་ Robert Tenzin Thurman དམ་པ་དེ་ཉིད་དང་ཁོང་གི་སྐུ་ཟླ་ Birgitte Nena Thurman ལགས་བཅས་མི་གསུམ་ལ་ལོ་འདིའི་ Art of Freedom  འམ་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་འབུལ་བཞེས་གནང་འདུག་པ་དང་། སྐུ་ཞབས་ Robert Thurman ལགས་དམ་པ་ཁོང་གི་གཟེངས་རྟགས་དེ་ Posthumously འམ་ཁོང་གི་སྐུ་ཚེ་མཐའ་འཁྱོངས་ཟིན་རྗེས་སུ་གནང་འདུག

རྩ་བའི་ Tibet House US འམ་ཨ་རིའི་བོད་ཁང་གི་ངོས་ནས་ཤེས་རབ་དང་སྙིང་རྗེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་དམིགས་ཏེ། ཕྱི་ལོ་ ༡༩༩༨ ལོར་ Art of Freedom གཟེངས་རྟགས་དེ་དབུ་འཛུགས་གནང་བའི་ཁྲོད། ལོ་ལྟར་འཛམ་གླིང་ཞི་བདེ་དང་བོད་དོན་ལ་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་དང་ཞབས་ཞུ། དེ་བཞིན་བོད་ཁང་གི་དམིགས་ཡུལ་གཞིར་བཟུང་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་གཏོང་མཁན་གྱི་གང་ཟག་ཁག་ཅིག་ལ་གཟེངས་རྟགས་དེ་འབུལ་ལམ་ཞུ་སྲོལ་ཡོད་པ་རེད།

ཨ་རིའི་བོད་ཁང་གི་དྲ་གནས་ཐོག་འདི་ལོའི་གཟེངས་རྟགས་ཐོབ་མཁན་མི་སྣ་གསུམ་ངོ་སྤྲོད་དང་སྦྲགས། སྐུ་ཞབས་ Robert Thurman ལགས་དང་ཁོང་གི་སྐུ་ཟླ་ Birgitte Nena Thurman ལགས་གཉིས་ནས་བོད་ཁང་གསར་འཛུགས་ཀྱི་ཐུགས་འགན་བཞེས་པ་དང་། བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་གྱི་ཐད་ལ་འབུར་དུ་ཐོན་པའི་ཚེ་གང་གི་ལས་དོན་དང་བྱས་རྗེས་ལ་གུས་བཀུར་ཞུ་བའི་ཆེད་དུ་གཟེངས་རྟགས་དེ་དབུལ་རྒྱུ་ཡིན་པ་དང་། གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་ Michael Douglas ལགས་ནས་ཕྱི་ལོ་ ༡༩༩༨ ནས་བཟུང་རྒྱལ་ཚོགས་ཀྱི་ཞི་བདེའི་ཕོ་ཉའི་ཚུལ་དུ་འགྲོ་བ་མིའི་རིགས་ལ་ཞབས་འདེགས་བསྒྲུབས་པ་དང་། ལྷག་པར་དུ་ཁོང་གི་ཞི་བདེ་དང་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་ཆོད་སེམས་བརྟན་པོའི་སྐུལ་འདེད་གནང་བའི་ལས་དོན་ལ་གུས་བཀུར་ཞུས་པ་དང་འབྲེལ་ནས་གཟེངས་རྟགས་དབུལ་རྒྱུ་ཡིན་པ་གསུངས་འདུག །

འབྲེལ་ཡོད་གསར་གནས།

Previous article

གསར་གནས།