Macau མང་གཙོ་དོན་གཉེར་བ་ཞིག་ལ་ལོ་ ༡༢ དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

Tibetan News Headlines

  • China Forum 2026 Highlights Challenges Facing Tibet’s Future, Including Succession and Repression
  • Dalai Lama Institute Hosts Third Annual Conference on Tibetan Studies
  • Tibet House US Honours Michael Douglas and the Thurmans with Art of Freedom Awards
  • Macao Ex-Lawmaker Receives 12.5 Year Prison Sentence in Unfair Trial
  • Taiwan-Malaysia Trade Talks Halted After Anwar Reaffirms ‘One China’ Policy
  • TIO Liaison Officer Addresses China’s Tibet Policy at Chinese Democracy Conference

ཪེས་གཟའ་མིག་དམར། ༢༠༢༦།༡༡།༡༠

  • རྒྱ་ནག་གི་གླེང་སྟེགས་ ༢༠༢༦ ཐོག་བོད་ཀྱི་མ་འོངས་གནས་བབ་དང་། སྐུའི་ཡང་སྲིད། རྒྱ་ནག་གི་དྲག་གནོན་སྐོར་དཔྱད་ཞིབ་བགྲོ་གླེང་གནང་འདུག
  • སྦེང་ལོར་ནང་ Stub Kaiser སེའི་ཌབཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་དབུ་འཛུགས།
  • ཨ་རིའི་གློག་བརྙན་ཁྲབ་སྟོན་པ་ Michael Douglas ལགས་དང་ Robert Thurman བཟའ་ཚང་ལ་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་ཐོབ་པ།
  • Macau མང་གཙོ་དོན་གཉེར་བ་ཞིག་ལ་ལོ་ ༡༢ དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
  • ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་པར་ཐེ་ཝན་གྱིས་མ་ལེ་ཤི་ཡ་དང་ཚོང་འབྲེལ་གྲོས་མོལ་མཚམས་འཇོག་བྱས་པ།
  • རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོར་རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་འདུག

Macao ཁྲིམས་ཁང་ཞིག་གིས་འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༦ ཉིན་ཡུལ་དེའི་གྲོས་ཚོགས་འཐུས་མི་རྒན་གྲས་དང་མང་གཙོ་དོན་གཉེར་བ་གྲགས་ཅན་སྐུ་ཞབས་ Au Kam San ལགས་ལ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་ཉེས་འཛུགས་ཀྱིས་ལོ་ ༡༢ དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་པར། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཁྲིམས་བཅད་དེ་ཕྱིར་བསྡུ་བྱེད་དགོས་པ་དང་། ཁོང་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་རེ་འདུན་བཏོན་འདུག

མང་གཙོ་དོན་གཉེར་བ་གྲགས་ཅན་སྐུ་ཞབས་ Au Kam San

དེ་ཡང་ Human Rights Watch ཞེས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་ལོ་ ༢༠༢༣ ལོར་ Macau རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་གསར་པ་ཟེར་བ་ལག་བསྟར་བྱེད་འགོ་བཙུགས་པ་ནས་བཟུང་ཁོང་ལྟ་བུ་ནི་ཁྲིམས་གཞི་འདིའི་འོག་ཁྲིམས་བཅད་ལག་བསྟར་བྱེད་པ་ཐེངས་པ་དང་པོ་དེ་ཡིན་ཞིང་། ཁོང་ལ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་དང་། ཕྱི་ཕྱོགས་སྟོབས་ཤུགས་དང་འབྲེལ་བ་བཙུགས་ཏེ་རྒྱལ་ཁབ་བདེ་འཇགས་ལ་ཉེན་ཁ་བཟོས་པ། གསང་བའི་གནས་ཚུལ་ལ་དོ་ཕོག་གཏོང་བ་སོགས་ཀྱི་ཉེན་འཛུགས་བྱས་ཡོད་པ་རེད་འདུག

Macao ཁྲིམས་ཁང་གིས་ཐག་གཅོད་དེའི་ནང་། ཁྲིམས་བཤེར་གྱི་བརྒྱུད་རིམ་ཆ་ཚང་ཁ་གསལ་མེད་པར་ཐག་གཅོད་ཀྱི་སྙིང་དོན་ཙམ་ལས་ཕྱིར་བསྒྲགས་བྱས་མེད་པ་གསུངས་ཏེ། སྐུ་ཞབས་ Au Kam San ལགས་ཀྱིས་ཕྱི་ཕྱོགས་ཀྱིས་དྲག་པོའི་ཚོགས་པ་མང་དག་ཅིག་དང་ལྷན་དུ་ངན་པ་ལག་སྦྲེལ་གྱིས། ཡུལ་དེའི་ནང་གི་ཕྱི་ལོ་ ༢༠༢༤ ལོའི་འོས་བསྡུའི་བརྒྱུད་རིམ་ལ་གནོན་ཤུགས་སྤྲད་པ་མ་ཟད། རྒྱ་ནག་གཞུང་ལ་ངོ་རྒོལ་དང་སྡང་སེམས་བསྐྲུན་ཐབས་བྱེད་པའི་ཉེས་འཛུགས་བྱས་ཡོད་པ་གསལ་སྟོན་གནང་འདུག

གནད་དོན་དེ་འབྲེལ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་གཞོན་པ་ལྕམ་ Maya Wang ལགས་ཀྱིས། མའོ་ཀོའི་དབང་འཛིན་པས་གྲོས་ཚོགས་འཐུས་མི་ཟུར་པ་ཨའུ་ཀམ་སན་ལ་ཁྲིམས་གཏུགས་དེ་ལྟར་བྱས་པ་དེས་པེ་ཅིང་གི་མངའ་ཁོངས་ཡོངས་སུ་བཙན་གནོན་འཕེལ་རྒྱས་འགྲོ་བཞིན་པ་དེ་མཚོན་གྱི་ཡོད། དམངས་གཙོ་དོན་གཉེར་ཅན་ཁོང་ལོ་ ༨༠ བརྒལ་བར་བཙོན་འཇུག་བྱ་རྒྱུའི་ཐག་གཅོད་དེ་ཁོང་ཁྲོ་སློང་གཞི་དང་གདུག་རྩུབ་ཅན་ཞིག་ཡིན་པ་གསུངས་འདུག

སྤྱིར་འདི་ལོའི་ཕྱི་ཟླ་ ༧ པའི་ནང་སྐུ་ཞབས་ཁོང་གིས་ནང་མིས་གསར་འགོད་པ་རྣམས་ལ་བརྗོད་དོན་ལྟར་ན། དབང་འཛིན་པ་ཚོས་ཁོང་མི་གཞན་དང་ལྷག་པར་དུ་ནང་མིས་ཁོང་གི་ཆེད་དུ་བཞག་པའི་ཁྲིམས་རྩོད་པ་དང་འབྲེལ་བ་བྱས་པར་བཀག་འགོག་བྱས་ཡོད་པ་དང་། ཁྲིམས་ཁང་གི་གསལ་བསྒྲགས་ནང་། ནང་མིས་གླ་གཡར་བྱས་པའི་ཁྲིམས་རྩོད་པའི་ཚབ་ཏུ་ཁྲིམས་ཁང་གིས་བཀོད་སྒྲིག་བྱེད་པའི་ཁྲིམས་རྩོད་པ་བཞག་ཡོད་པ་འགྲེལ་བརྗོད་བྱས་འདུག Macao གཞུང་གི་གཞི་རྩའི་རྩ་ཁྲིམས་དོན་ཚན་ ༣༦ ནང་། ས་གནས་དེར་སྡོད་མཁན་རྣམས་ལ་རང་ཉིད་ཀྱི་ཁྲིམས་མཐུན་གྱི་དབང་ཆ་དང་ཁེ་ཕན་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཁྲིམས་རྩོད་པ་བསྟེན་ཆོག་པའི་ཐོབ་ཐང་ཡོད་པ་མངོན་གསལ་གནང་འདུག

དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ Macau མང་གཙོ་དོན་གཉེར་བ་གྲགས་ཅན་  Au Kam San ལགས་ཀྱི་ཁྲིམས་གཏུག་དེ་འདི་ལོའི་ཕྱི་ཟླ་ ༩ པའི་ཚེས་ ༡༦ ནས་ ༡༨ བར་ཉིན་གསུམ་རིང་གསང་བའི་སྒོ་ནས་ཁྲིམས་རྩོད་བྱས་ཡོད་ཅིང་། དེ་ཡང་རྒྱལ་ཁབ་བདེ་འཇགས་ཞེས་པའི་འོག་ཁྲིམས་རྩོད་དེ་མི་མང་གིས་ལྟ་ཉན་བྱེད་མི་ཆོག་པའི་ཁྲིམས་རྩོད་ཅིག་ཡིན་སྐོར་གསལ་སྟོན་གནང་འདུག

རྩ་བའི་སྐུ་ཞབས་ Au Kam San ལགས་ནི་ Portuguese དང་ཡོ་རོབ་མཐུན་ཚོགས་ཀྱི་མི་སེར་ཞིག་ཡིན་པ་དང་། དེ་སྔོན་སློབ་ཆུང་གི་དགེ་རྒན་གནང་མྱོང་མཁན་ཞིག་ཡིན་ཞིང་། ཁོང་ནི་མཱ་ཀའོ་ཡི་མང་གཙོ་དོན་གཉེར་བའི་གྲོས་ཚོགས་འཐུས་མི་དུས་ཡུན་རིང་ཤོས་དང་། ཁོང་ནི་དམངས་གཙོའི་བཅོས་སྒྱུར་དང་། གཞུང་གི་འགན་འཁུར། སྤྱི་ཚོགས་ཀྱི་ལས་དོན་བཅས་ཀྱི་ཐད་རྒྱུན་དུ་སྐད་ཆ་ཤོད་མཁན་གྱི་འཐུས་མི་ཉུང་ཤས་དེའི་ནང་གི་གཅིག་ཡིན་པ་རེད་འདུག

གཞི་རྩའི་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་ Macau ས་ཁུལ་ནང་ Macau རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཡིག་ཟེར་བ་ལག་བསྟར་བྱས་པ་ནས་བཟུང་ཡུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་།  ལྷག་པར་ཕྱི་ལོ་ ༢༠༢༣ ལོར་ Macau རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཡིག་གསར་པ་ཟེར་བ་ལག་བསྟར་བྱེད་འགོ་བཙུགས་པ་ནས་བཟུང་ཡུལ་དེའི་ནང་སྔར་དང་མི་འདྲ་བ་མང་གཙོ་དོན་གཉེར་བ་དང་རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་ཚོར་སྲིད་གཞུང་གིས་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་ཡོད་པའི་ཁྲོད་འདིར། སྔ་ལོའི་ ༧ པའི་ཚེས་ ༢༡ ཉིན་ Macau ཉེན་རྟོག་པས་སྐུ་ཞབས་ Au Kam San ལགས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་ཆེད་ཕྱི་ཕྱོགས་དང་གསང་འབྲེལ་བྱས་པ་བརྒྱུད། རྒྱལ་སྤྱིའི་ཁྲོད་གནས་ཚུལ་རྫུན་མ་ཁྱབ་སྤེལ་གྱིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་འགོག་ཐབས་བྱེད་བཞིན་ཡོད་པ་མ་ཟད། ཡུལ་དེའི་རྒྱལ་ཡོངས་འོས་བསྡུར་ཐེ་བྱུས་བྱས་ཡོད་ཚུལ་བརྗོད་དེ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།