རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོར་རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་འདུག

Tibetan News Headlines

  • China Forum 2026 Highlights Challenges Facing Tibet’s Future, Including Succession and Repression
  • Dalai Lama Institute Hosts Third Annual Conference on Tibetan Studies
  • Tibet House US Honours Michael Douglas and the Thurmans with Art of Freedom Awards
  • Macao Ex-Lawmaker Receives 12.5 Year Prison Sentence in Unfair Trial
  • Taiwan-Malaysia Trade Talks Halted After Anwar Reaffirms ‘One China’ Policy
  • TIO Liaison Officer Addresses China’s Tibet Policy at Chinese Democracy Conference

ཪེས་གཟའ་མིག་དམར། ༢༠༢༦།༡༡།༡༠

  • རྒྱ་ནག་གི་གླེང་སྟེགས་ ༢༠༢༦ ཐོག་བོད་ཀྱི་མ་འོངས་གནས་བབ་དང་། སྐུའི་ཡང་སྲིད། རྒྱ་ནག་གི་དྲག་གནོན་སྐོར་དཔྱད་ཞིབ་བགྲོ་གླེང་གནང་འདུག
  • སྦེང་ལོར་ནང་ Stub Kaiser སེའི་ཌབཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་དབུ་འཛུགས།
  • ཨ་རིའི་གློག་བརྙན་ཁྲབ་སྟོན་པ་ Michael Douglas ལགས་དང་ Robert Thurman བཟའ་ཚང་ལ་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་ཐོབ་པ།
  • Macau མང་གཙོ་དོན་གཉེར་བ་ཞིག་ལ་ལོ་ ༡༢ དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
  • ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་པར་ཐེ་ཝན་གྱིས་མ་ལེ་ཤི་ཡ་དང་ཚོང་འབྲེལ་གྲོས་མོལ་མཚམས་འཇོག་བྱས་པ།
  • རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོར་རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་འདུག

ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་འདི་ཚེས་ ༧ ཉིན་སིཌ་ནིར་རྒྱ་ནག་མང་གཙོ་ལྷན་ཚོགས་དང་། རྒྱ་ནག་མང་གཙོ་མཐུན་ཚོགས་ནས་རྒྱ་ནག་མང་གཙོ་ཅན་དུ་འགྱུར་བ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་བརྗོད་གཞིའི་ཐོག་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད་ཅིང་། སྐབས་དེར་ཨོ་གླིང་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས་དང་། རྒྱ་ནག་གི་ཆབ་སྲིད་བཙོན་ཟུར་ཁྲེང་ལེ་ Cheng Lei ལགས། ཉི་འོང་གི་རྒྱ་ནག་མང་གཙོ་དོན་གཉེར་བ་ཝང་ཏའི་ Wang Dai ལགས། ནིའུ་ཛི་ལེཎྜ་གྱི་རྒྱ་ནག་མང་གཙོ་དོན་གཉེར་བ་ཝེ་ཅན་ཅེན་ Weijian Chen ལགས། འབུམ་རམས་པ་ཅིན་ཅང་ཀྲུང་ Dr Jinjiang Zhong ལགས། སློབ་དཔོན་ཆེན་མོ་ཁྲུང་དབྱི་ཕེང་ Chongyi Feng ལགས། དེ་བཞིན་རྒྱ་རིགས་ཤེས་ཡོན་ཅན་དང་། རྩོམ་པ་པོ། མང་གཙོ་དོན་གཉེར་བ་བཅས་མཉམ་ཞུགས་གནང་འདུག

པར་དབང་། བོད་མིའི་སྒྲིག་འཛུགས།

ཚོགས་འདུའི་ཐོག་རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས་ཀྱིས། ཉེ་ཆར་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ཡིག་གཙོ་འདོན་གྱིས། ཕྱི་ལོ་ ༢༠༠༨ ལོར་བོད་དང་ཤར་ཏུར་ཀིས་ཏན་དུ་ངོ་རྒོལ་གྱི་ལས་འགུལ་རྗེས། རྒྱ་ནག་ཤེས་ཡོན་ཅན་བར་ཆབ་སྲིད་ཀྱི་བགྲོ་གླེང་ཞིག་བྱུང་བའི་སྐོར་དང་འབྲེལ་ནས། དེ་སྔོན་གྲངས་ཉུང་མི་རིགས་ཐོག་ཆབ་སྲིད་ཀྱི་གནོན་ཤུགས་དང་དམ་དྲག་བརྒྱུད་ལག་བསྟར་བྱས་པའི་སྲིད་བྱུས་རྣམས་ད་ལྟའི་ཆར་ཁྲིམས་སུ་གཏན་འབེབས་བྱེད་བཞིན་པའི་སྐོར་གསལ་སྟོན་གནང་འདུག

དེ་བཞིན་འདི་ལོའི་ཟླ་བ་ ༣ ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་ཡིག་དེར་ཐུགས་འཚབ་དང་སྦྲགས། གྲོས་ཆོད་གཏན་འབེབས་གནང་བའི་སྐོར་འགྲེལ་བརྗོད་ཀྱིས། གྲོས་ཆོད་དེས་བོད་མི་རྣམས་ཀྱི་སོ་སོའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག དེ་བཞིན་ངོ་བོ་བཅས་པ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་བྱེད་རྒྱུ་དང་། དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་ཞི་བའི་གྲོས་མོལ་དང་ཕན་ཚུན་གཉིས་མོས་ཀྱི་ཐག་གཅོད་བརྒྱུད་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་ལ་ཆོད་སེམས་བརྟན་པོ་ཡོད་པ་བསྐྱར་ནན་གནང་ཡོད་པ་འགྲེལ་བརྗོད་གནང་འདུག

ཕྱོགས་མཚུངས་ཟླ་བ་བཟང་མོ་ལགས་ཀྱིས་ཚོགས་འདུའི་ཐོག་ཕེབས་པའི་མང་གཙོ་དོན་གཉེར་བ་རྣམས་ནས་རང་ཉིད་ཀྱི་སྡིངས་ཆ་བརྒྱུད་རྩོམ་ཡིག་འགྲེམས་སྤེལ་དང་། གནས་ཚུལ་མཉམ་སྤྱོད་རྒྱུན་མཐུད་གནང་དགོས་པའི་སྐུལ་འདེད་དང་། རྩོམ་ཡིག་དེ་དག་གི་བརྒྱུད་ནས་རྒྱ་ནག་ནང་གི་རྒྱ་རིགས་མི་མང་ནང་ཁུལ་བོད་དོན་གོ་རྟོགས་ཤུགས་ཆེ་སྤེལ་བར་ཕན་ཐོགས་ཆེན་པོ་ཡོད་པ་ནན་བརྗོད་གནང་འདུག

ཐེངས་འདིའི་ཚོགས་འདུའི་ཐོག་བོད་མིའི་ཕྱོགས་ཀྱི་ལྟ་ཚུལ་མཉམ་སྤྱོད་དང་། ཚོགས་བཅར་བ་རྒྱ་རིགས་མང་གཙོ་དོན་གཉེར་བ་རྣམས་དང་ལྷན་ཐུན་མོང་གི་སེམས་འཁུར་བྱེད་སའི་གནད་དོན་ཐོག་བགྲོ་གླེང་དང་འབྲེལ་ལམ་སྲ་བརྟན་གཏོང་རྒྱུའི་གོ་སྐབས་བྱུང་ཡོད་པ་རེད།

ཕྱོགས་མཚུངས་ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སུད་སི་བོད་ཀྱི་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་ཉིན་གཉིས་ཀྱི་རིང་མང་གཙོ་ཆེད་མཉམ་ལས་ཞེས་པའི་བརྗོད་གཞི་ཐོག་སུད་སིའི་ཇི་ནི་ཝ་སློབ་གྲྭ་ཆེར་མོར་ཚོགས་འདུ་ཚོགས་ཡོད་པ་དང་། རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་རྒྱལ་ཁབ་ཁག་ནས་བོད་རིགས་སུམ་ཅུ་ལྷག་དང་རྒྱ་རིགས། ཡུ་གུར་མི་རིགས། ཧོང་ཀོང་བ་བཅས་མཉམ་ཞུགས་གནང་ཡོད་ཅིང་། ཚོགས་འདུའི་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་སུད་སིར་རྟེན་གཞི་བྱས་པའི་ཐའེ་ཝན་སྐུ་ཚབ་དོན་གཅོད་སྐུ་ཞབས་ Steven Wang ལགས་བཅས་གཉིས་ཀྱིས་གཏམ་བཤད་དང་སྦྲགས། འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཡོ་རོབ་ནང་གི་རྒྱ་རིགས་སྤྱི་ཚོགས་དང་འབྲེལ་བ་བྱེད་རྒྱུའི་གལ་གནད་དང་། སྐུ་ཚབ་དོན་ཁང་གི་ལས་འགན་དང་ཕྱག་ལས་གནང་ཕྱོགས་སོགས་ཀྱི་ཐོག་ངོ་སྤྲོད་གནང་བ་མ་ཟད། སྐུ་ཞབས་ Steven Wang ལགས་ཀྱིས་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་གནས་སྟངས། མང་གཙོ་དོན་གཉེར་བ་རྣམས་ལ་གཉའ་གནོན་བྱེད་བཞིན་པའི་གནས་སྟངས་བཅས་ཀྱི་ཐོག་གཏམ་བཤད་གནང་འདུག

མ་ཟད་ཐེངས་འདིའི་ཚོགས་འདུའི་ཐོག་ནེ་དར་ལནྡ་དང་ཧྥ་རན་སི་གཉིས་ཀྱི་ནང་རྒྱ་རིགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཐུབ་པ་བྱུང་ཡོད་པ་དང་འབྲེལ། སུད་སི་བོད་ཀྱི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་ངོ་སྤྲོད་དང་འབྲེལ། ཚོགས་འདུ་མཉམ་ཞུགས་པ་དང་དེ་སྔ་བཞུགས་སྒར་དུ་རྒྱ་ནག་གི་མང་གཙོ་དང་བོད་ཀྱི་མ་འོངས་གླེང་སྟེགས་ཞེས་པའི་ཚོགས་འདུར་བཅར་མྱོང་མཁན་རྒྱ་རིགས་ཤིག་གིས་ཁོང་རང་ཉིད་བཞུགས་སྒར་རྡ་རམ་ས་ལར་ཕྱིན་པའི་མྱོང་ཚོར་དང་། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ལྟ་སྐོར་དུ་ཕྱིན་པའི་མྱོང་ཚོར་སོགས་ཀྱི་ཐོག་གཏམ་བཤད་གནང་འདུག

མདོར་ན་ཉིན་གཉིས་ཀྱི་ཚོགས་འདུའི་ཐོག་རྒྱ་ནག་གི་གནད་དོན་སྤྱི་དང་། བྱེ་བྲག་ཏུ་རྒྱ་ནག་གིས་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་བྱུས། མང་གཙོ། དེ་བཞིན་བོད་ཀྱི་གནད་དོན་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སོགས་ཀྱི་ཐོག་གོ་བསྡུར་དང་། ཐབས་བྱུས་འགྲོ་གླེང་། དེ་བཞིན་ཕྱི་ལོ་ ༢༠༢༧ ལོའི་གསུམ་བཅུའི་དུས་དྲན་གྱི་གྲ་སྒྲིག་གནང་ཕྱོགས་སོགས་ཀྱི་ཐོག་བསྡུར་སྦྱང་བཤད་གནང་བ་མ་ཟད། ཚོགས་འདུའི་ཐོག་དོན་ཚན་ ༨ ཅན་གྱི་བསྒྲགས་གཏམ་ཞིག་སྤེལ་གནང་ཡོད་པ་རེད་འདུག །

འབྲེལ་ཡོད་གསར་གནས།

གསར་གནས།