Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཚོགས་ཀྱི་བེུད་ལ་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་གི་ཚོགས་འདུར་བོད་ནང་གི་བེུད་རྣམས་ཀྱི་གནས་སྟངས་སྐོར་སྙན་ཐོ་ཁག་གཉིས་ཕུལ་འདུག

Tibetan News Headlines

  • HHDL gives audience to devotees of Dipankara Buddhist Centre
  • Taiwan’s new president takes office, calls on China to cease hostile actions
  • Tibetan delegation attends Lai Ching-te’s swearing-in ceremony, meets newly re-established parliamentary group for Tibet
  • US urges China to immediately account for Panchen Rinpoche’s whereabouts and well-being
  • Is the Panchen Lama alive or dead? Tashi Lhunpo’s Deputy Abbot speaks at FCCC

རེས་གཟའ་ཟླ་བ། ༢༠༢༤།༠༥།༢༠

  • སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ནི་སྟོན་པའི་བསླབ་བྱ་གཙོ་བོ་དེ་ཡིན་པ་བཀའ་བསྩལ་འདུག
  • ཐེ་ཝན་མི་མང་གི་རང་ཐག་རང་གཅོད་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་དང་རྒྱ་གཞུང་ལ་དྲག་པོའི་འཇིགས་སྐུལ་མཚམས་འཇོག་དགོས་པའི་སྐུལ་འདེབས།
  • ཐེ་ཝན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ལྷན་ཞུགས།
  • ཨ་རི་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང་སྐུ་ཁམས་བདེ་ཐང་ཡིན་མིན་གསལ་བཏོན་དགོས་པའི་ཞུ་སྐུལ།
  • ༸པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་པ་སོགས་དོན་ཚན་ལྔ་ཅན་གྱི་རེ་འབོད།

དེ་རིང་ཡོ་རོབ་རྒྱལ་ཁབ་སུད་སིའི་ཇི་ནི་ཝ་གྲོང་ཁྱེར་དུ་རྒྱལ་ཚོགས་ཀྱི་བེུད་ལ་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་གི་ལྷན་ཚོགས་ཐེངས་ ༨༥ པ་དབུ་འཛུགས་གནང་བ་དང་བསྟུན་སུད་སི་བོད་ཀྱི་སྐུ་ཚབ་དོན་ཁང་དང་བོད་ཀྱི་བེུད་ལྷན་ཚོགས་གཉིས་ཀྱིས་ཚོགས་འདུའི་ཐོག་བོད་ནང་གི་བེུད་རྣམས་ཀྱི་གནས་སྟངས་སྐོར་སྙན་ཐོ་ཁག་གཉིས་ཕུལ་འདུག

གསར་འགོད་པས་ཚོགས་འདུ་དེའི་ཆེད་དུ་ཇི་ནི་ཝར་ཆེད་བཅར་ཞུས་པའི་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་བེུད་ལྷན་ཚོགས་ཀྱི་ངོས་ནས་སྙན་ཐོ་དེ་གློག་འཕྲིན་བརྒྱུད་རྒྱལ་ཚོགས་ཀྱི་ཚོགས་ཆུང་ལ་ཕུལ་ཟིན་པ་དང་། སྙན་ཐོ་ནང་གཙོ་བོ་བོད་ནང་གི་བེུད་རྣམས་ལ་ཤེས་ཡོན་དང་རིག་གཞུང་། ལས་ཀ་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་བའི་ངལ་བ་མྱོང་བཞིན་པའི་གནས་སྟངས་རྣམས་ཞིབ་རྒྱས་སུ་ངོ་སྤྲོད་ཞུས་པ་དང་སྦྲགས། རྒྱ་ནག་གཞུང་ལ་དོན་ཚན་བཅུ་ཅན་གྱི་འདྲི་རྩད་གནང་ཡོད་པ་ལྟར་ཚོགས་འདུ་ཐོག་སྐར་མ་གཉིས་ཀྱི་རིང་བཀའ་མོལ་ཞུ་རྒྱུ་བྱུང་ཞེས་གསུངས་ཡོད།

ཐེངས་འདིའི་རྒྱལ་ཚོགས་ཀྱི་བེུད་ལ་དབྱེ་འབྱེད་འགོག་ཐབས་ཀྱི་ཚོགས་ཆུང་གི་ལྷན་ཚོགས་དེ་དེ་རིང་ཚེས་ ༨ ནས་དབུ་འཛུགས་ཀྱིས་ཚེས་ ༢༦ བར་ཚོགས་གནང་གི་ཡོད་པ་དང་། བོད་ཀྱི་བེུད་ལྷན་ཚོགས་དང་སུད་སི་བོད་ཀྱི་སྐུ་ཚབ་དོན་ཁང་གིས་སྙན་ཐོ་ཞིག་ཕུལ་ཡོད་པ་ལྟར། བོད་ནང་གི་བེུད་རྣམས་ཀྱི་ཡ་ང་བའི་གནས་སྟངས་དང་བློ་འཚབ་ཆེས་ཆེར་གནང་དགོས་པའི་གནད་དོན་ཁག་ཅིག་མངོན་གསལ་དང་ཆབས་ཅིག རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་འོག་བོད་མི་ཡོངས་དང་ལྷག་པར་བེུད་རྣམས་ལ་ངལ་བ་ཆེས་ཆེར་འཕྲད་བཞིན་ཡོད་སྐོར་མངོན་གསལ་གནང་འདུག རྒྱ་ནག་གཞུང་ལ་བོད་ནང་གི་བེུད་རྣམས་ལ་སྐྱེས་པ་ཚོ་དང་དེ་བཞིན་རྒྱ་རིགས་བེུད་ཚོ་དང་ཐོབ་ཐང་དང་གོ་སྐབས་འདྲ་མཉམ་ཕུལ་དགོས་པར་མ་ཟད། བེུད་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ། བོད་མི་རྣམས་དང་བེུད་རྣམས་ཀྱི་རིགས་རྫས་བསྡུ་ལེན་མཚམས་འཇོག་བྱེད་དགོས་པ་སོགས་དོན་ཚན་དྲུག་ཅན་གྱི་དགོས་འདུན་མངོན་གསལ་གནང་འདུག པར་བདག་དབང་སྤྱི་ཚོགས་དྲ་རྒྱ།

འབྲེལ་ཡོད་གསར་གནས།

གསར་གནས།