Tibetan Royal Year of 2151 | Year of the Wood Dragon

རྡ་རྨ་ས་ལ་རྒྱ་གར་དབུས་གཞུང་ནས་དེང་དུས་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་ལས་གཞི་ཁོངས་སུ་འདེམས་པ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

རྡ་རམ་ས་ལ་དེ་བཞིན་རྒྱ་གར་དབུས་གཞུང་ནས་དེང་དུས་ཅན་གྱི་གྲོང་ཁྱེར་ (Smart City) འཛུགས་སྐྲུན་བྱ་རྒྱུའི་ལས་གཞི་ཁོངས་སུ་འདེམས་ཐོན་བྱུང་ཡོད་པ་རེད། ཟླ་ ༨ ཕྱི་ཚེས་ ༢༧ ཉིན་རྒྱ་གར་དབུས་གཞུང་གི་གྲོང་ཁྱེར་ཡར་རྒྱས་ལས་ཁང་བློན་ཆེན་ Venkaiah Naidu ལགས་ཀྱིས་རྒྱ་གར་རྒྱལ་ཡོངས་ཀྱི་མངའ་སྡེ་ཁག་ནང་ནས་ Smart City དེང་དུས་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་སྤེལ་ཡུལ་ས་གནས་ཁག་ ༡༠༠ མིང་ཡོངས་གྲགས་བྱས་འདུག ཐོ་གཞུང་དེའི་ནང་ཧི་མཱ་ཅལ་མངའ་ཁོངས་ནས་དྷ་རྨ་ས་ལ་ས་གནས་གཅིག་བུ་འདེམས་ཐོན་བྱུང་འདུག ད་རེས་རྒྱ་གར་དབུས་གཞུང་གི་དེང་དུས་ཅན་གྱི་གྲོང་ཁྱེར་ཞེས་པའི་འཛུགས་སྐྲུན་ཀྱི་ལས་གཞི་དེའི་དགོས་དམིགས་གཙོ་བོ་ནིMcLeod_Ganj། རྡ་རམ་ས་ལ་དེ་བཞིན་དེང་དུས་དང་མཐུན་པའི་གྲོང་ཁྱེར་ཞིག་ཏུ་བསྐྲུན་རྒྱུའི་ལས་འཆར་ཞིག་རེད་འདུག ལས་གཞི་དེ་བརྒྱུད་ནས་ས་གནས་མང་ཚོགས་ཀྱི་འཐུང་ཆུ་ཡར་རྒྱས་དང། དྲ་ཐོག་བརྒྱུད་ལམ་ཁག་ཡར་རྒྱས་དང། མོ་ཊ་འཇོག་སའི་ས་མཁྱོན་རྒྱ་ཆེ་རུ་གཏོང་རྒྱུ་དང། དེ་བཞིན་གཞུང་ལམ་རྒྱ་སྐྱེད་གཏོང་རྒྱུ་སོགས་ལས་གཞི་མང་པོ་ཞིག་ཡོད་པར་བརྟེན་ད་ལན་དྷ་རྨ་ས་ལའི་འཛུགས་སྐྲུན་ལས་གཞིའི་དེའི་ཆེད་རྒྱ་གར་དབུས་གཞུང་ནས་ཧིན་སྒོར་ཐེར་འབུམ་ལྔ་གནང་རྒྱུ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།