Tibetan Royal Year of 2151 | Year of the Wood Dragon

རྡོ་རྗེ་ཚེ་རིང་ལགས་ཀྱི་སྐུ་པུར་རྡ་སར་གདན་ཞུ་གནང་འཆར་འདུག

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

ཟླ་སྔོན་མའི་ཕྱི་ཚེས་ ༢༩ ཉིན་རྒྱ་གར་བྱང་ཕྱོགས་ཨུ་ཏར་ཁནྜ་མངའ་སྡེ་ཧར་བར་པུར་བོད་མིའི་གཞིས་སྒར་འདོད་རྒུ་གཡུ་རྒྱལ་གླིང་རྒས་གསོ་ཁང་དུ་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་པ་རྡོ་རྗེ་ཚེ་རིང་ལགས་ཁ་སང་ཚེས་ ༣ ཉིན་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

གཞི་རྩའི་རྡོ་རྗེ་ཚེ་རིང་ལགས་ཀྱིས་ཧར་བར་པུར་དུ་ཟླ་ ༢ ཚེས་ ༢༩ ཉིན་གྱི་སྔ་དྲོ་ཚོུད་ ༩།༠༠ ཙམ་ལ་རང་ལུས་མེར་བསྲེགས་གནང་པས་ཁོང་གི་ལུས་པོ་བརྒྱ་ཆ་ ༩༥ མེར་བསྲེགས་ཟིན་ཡོད་པ་རེད།nima1 ཁོང་གི་སྤུན་མཆེད་གཙོས་པའི་གཞིས་སྒར་བོད་མི་ཚོས་ཁོང་ཐོག་མར་ཧར་བར་པུར་ཉེ་འཁོར་གྱི་སྨན་ཁང་ཞིག་དང་། དེ་རྗེས་རྡེ་ར་ལྡུན་གྱི་སྨན་ཁང་ཞིག་ཏུ་ཁྲིད་ཡོད་ནའང་སྨན་པས་མེར་བསྲེག་དང་འབྲེལ་བའི་ཛ་དྲག་གྱི་སྨན་བཅོས་མཐུན་རྐྱེན་ལེགས་ཤོས་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Safdarjung སྨན་ཁང་ཡིན་པ་སློབ་སྟོན་གནང་དོན་ལྟར། ཕ་མ་གཉིས་ཀྱིས་ཁོང་ལྡི་ལིར་རྟེན་གཞི་བྱས་པའི་ Safdarjung སྨན་ཁང་དུ་ཁྲིད་ནས་ཛ་དྲག་ལྟ་སྐྱོང་ཁང་དུ་སྨན་པས་མྱུར་སྐྱོབ་ཞུས་ཀྱང་། ཁ་སང་ཕྱི་ཚེས་ ༣ ཉིན་གྱི་དགོང་དྲོ་ཚོུད་ ༨།༣༠ ཙམ་ལ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག        རྡོ་རྗེ་ཚེ་རིང་ལགས་དམ་པnima2་དེ་ཉིད་ཀྱི་སྐུ་པུར་ལྡི་ལི་ Safdarjung Hospital སྨན་ཁང་ནས་ལྡི་ལི་བོད་མིའི་གཞིས་སྒར་བསམ་ཡས་གླིང་དུ་གདན་ཞུ་གནང་རྒྱུ་ཡིན་པ་དང། ཅི་སྟེ་རྒྱ་གར་གྱི་སྐོར་སྲུང་བ་ཚོས་ཆོག་མཆན་འཐོབ་ཚེ་བཞུགས་སྒར་རྡ་སར་གདན་ཞུ་བྱ་རྒྱུ་རེད་འདུག

རྡོ་རྗེ་ཚེ་རིང་ལགས་མ་གྲོངས་པའི་སྔ་རོལ་ཏུ་སྨན་ཁང་ནས་ཁོང་གིས་”ཆུང་དུས་ནས་ང་བོད་ཀྱི་ཆེད་དུ་སེམས་ཤུགས་ཆེན་པོ་ཡོད་ཅེས་གསུངས་པ་མ་ཟད། བོད་པའི་སློབ་ཕྲུག་ཚོར་༸གོང་ས་མཆོག་གི་བཀའ་དགོངས་ལྟར་སློབ་སྦྱོང་ཡག་པོ་བྱ་རྒྱུ་དང་། དེ་མཚུངས་སུ་བོད་དེ་རྒྱའི་ལག་ནས་བླང་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་སོགས་གསུངས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།