Tibetan Royal Year of 2151 | Year of the Wood Dragon

ལྡི་ལི་སྐུ་ཚབ་དོན་གཅོད་མཆོག་གིས་དེ་རིང་དངོས་སུ་ལས་འཁུར་གྱི་ཐུགས་འགན་བཞེས་འདུག།

Tibetan News Headlines

  • Tibetan monk detained for WeChat post, writer severely ill after forced labour in prison
  • Tibetan netizens express concerns over ban and removal of Tibetan language post on Douyin
  • “India should revise Tibet policy on China occupation, make stance clear on Dalai Lama’s succession”: Indian diplomat
  • Postcard book titled ‘108 Exile Tibetan Visual Artists’ launched in Dharamshala 

རེས་གཟའ་མིག་དམར། ༢༠༢༤།༠༧།༠༢

  • རྒྱ་ནག་གི་ཁྲིམས་ལུགས་ལ་སྐྱོན་བརྗོད་བྱས་པར་སྙད་འདོགས་ཏེ་དགེ་འདུན་པ་ཞིག་འཛིན་བཟུང་།
  • རྒྱ་ནག་གི་ཐད་གཏོང་མཉེན་ཆས་ Douyin ནང་བོད་ཡིག་བཀག་སྡོམ་བྱས་པར་བོད་མི་ཚོས་སེམས་འཚབ་བྱེད་བཞིན་པ།
  • རྒྱ་གར་གྱི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་དང་༸སྐུའི་ཡང་སྲིད་གནད་དོན་ཐོག་ལངས་ཕྱོགས་གསལ་པོ་བཟོ་དགོས།
  • ༸སྐུའི་ཡང་སྲིད་དེ་བཞིན་རང་དབང་ཡོད་སའི་ས་ཚིགས་ལས་རྒྱ་ནག་ལ་འཁྲུངས་ཀྱི་མེད་ཅེས་བཀའ་སྩལ་བ།
  • བཙན་བྱོལ་ནང་གི་རི་མོའི་སྒྱུ་རྩལ་བ་ ༡༠༨ གི་སྦྲག་ཡིག་ ༡༠༨ ཞེས་པའི་དཔེ་དེབ་གསར་པ་དབུ་འབྱེད།

བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་ནས་བསྐོ་བཞག་སྩལ་བ་བཞིན།   སྤྱི་ཟུར་འཇིགས་མེད་འབྱུང་གནས་ལགས་ཀྱིས་དེ་རིང་ནས་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་ལས་འཁུར་ཐུགས་འགན་དངོས་སུ་བཞེས་ཡོད་པ་རེད། 

Jigmey Jungney Delhi Bureau

གཞི་རྩའི་འཇིགས་མེད་འབྱུང་གནས་ལགས་ལོ་ངོ་  ༤༠ ཙམ་གྱི་རིང་སྤྱི་ཚོགས་ལས་དོན་དང་འབྲེལ་བའི་མཐོང་ཐོས་མྱོང་གསུམ་གྱི་ཉམས་མྱོང་ལྡན་པའི་མི་སྣ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་ཀྱང་།  ཁོང་དངོས་སུ་ཕྱི་འབྲེལ་སྲིད་བྱུས་ཀྱི་ལས་དོན་དང་འབྲེལ་བ་ཡོད་པའི་ལས་འཁུར་ནང་བཞུགས་པ་ད་རེས་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་སྟབས།  ངོ་བོ་མི་འདྲ་བའི་ལས་འཁུར་གསར་པ་དེའི་ཐོག་གདོང་ལེན་གནང་རྒྱུའི་ཆར་གཞི་དང་གྲ་སྒྲིག་ཇི་འདྲ་གནང་ཡོད་མེད་སྐོར་བཀའ་འདྲི་ཞུས་པ་གོང་གི་སྒྲ་སྒམ་ནས་གསན་ཐུབ།

 Jigmey Jungney Delhi Bureau

ལྡི་ལི་དོན་གཅོད་གསར་པ་འཇིགས་མེད་འབྱུང་གནས་ལགས་ཀྱིས་སྐབས་ ༡༥ པའི་སྤྱི་འཐུས་གནང་ཡོད་པ་མ་ཟད།   ཕྱི་ལོ་ ༡༩༨༣ ལོར་གཞུང་ཞབས་སུ་བཞུགས་ཏེ་མཉམ་འབྲེལ་དྲུང་ཆེ་དང་།   ས་གནས་འགོ་འཛིན།    སྦེང་ལོར་དུ་ལྷོ་ཕྱོགས་ཀྱི་གཞིས་སྤྱི།   བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་དང་རྩིས་ཞིབ་ལས་ཁུངས་བཅས་ཀྱི་དྲུང་ཆེ་བཅས་གནང་མྱོང་ཡོད་པ་མ་ཟད།   ལྷག་པར་དུ་ཁོང་ནས་སྦེལ་ཀོབ་བདེ་སྐྱོད་སླར་གསོའི་གཞིས་ཆགས་ཀྱི་སྤྱི་མི་དང་།  ས་གནས་རང་བདེན་ཚོགས་ཆུང་དང་མཉམ་འབྲེལ་གྱི་འཐུས་མི།   ས་གནས་གཞོན་ནུའི་ཚོགས་གཙོ་ལ་སོགས་པའི་སྤྱི་ཚོགས་དང་ཐད་ཀར་འབྲེལ་བའི་ལས་དོན་སྣ་མང་ཞིག་གི་ནང་ཕྱག་ལས་གནང་མྱོང་ཡོད་པ་རེད།

 Jigmey Jungney Delhi Bureau

ཁོང་ལ་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་དགུ་པའི་ནང་གསེས་ ༡ པོའི་དགོངས་དོན་བཞིན།  ཕྱི་རྒྱལ་སྐུ་ཚབ་དོན་གཅོད་རྣམས་སྲིད་སྐྱོང་དང་བཀའ་བློན་ཚང་འཛོམས་ཞིབ་གྲོས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུ་ཞེས་གསལ་བ་ལྟར།  འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༩ ཉིན་ལྡི་ལི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་བསྩལ་ཡོད་ནའང་།   ད་བར་དངོས་སུ་ལས་བཅར་ཞུ་མ་ཐུབ་པ་དེ་ནི་ཕྱོགས་གཅིག་ནས་ཡིག་ཆའི་བཀའ་ངལ་དང་།   ཕྱོགས་གཞན་ནས་སྒེར་གྱི་ལས་དོན་ཁག་གཅིག་སྔ་ས་ནས་གྲ་སྒྲིག་ཡོད་པ་བཅས་ཀྱིས་ད་བར་ལས་འཁུར་དངོས་སུ་བཞེས་ཐུབ་མེད་པའི་འགྲེལ་བརྗོད་གནང་གི་འདུག། 

 Jigmey Jungney Delhi Bureau

གཞི་རྩའི་དེ་རིང་ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོར་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་ལས་འགན་རྩིས་སྤྲོད་རྩིས་ལེན་ལེགས་གྲུབ་རྗེས་སུ། ལྡི་ལིའི་ས་གནས་འགོ་འཛིན་གྱིས་གཙོས་བརྒྱ་དཔོན་འཐུས་མི་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་རྒྱུན་ལས་ཁག་གཅིག་ནས་ལྡི་ལིའི་སྐུ་ཚབ་དོན་གཅོད་གསར་པ་འཇིགས་མེད་འབྱུང་གནས་ལགས་སུ་ཕེབས་བསུའི་འཚམས་འདྲིའི་མཛད་སྒོ་སྟབས་བདེ་ཞིག་ཚོགས་གནང་འདུག་པ་དང་། རྩིས་ལེན་རྩིས་སྤྲོད་སྐབས་སྤྲོད་དཔང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཆེད་བཅར་གནང་འདུགལྡི་ལི་ས་གནས་འགོ་འཛིན་གྱི་དབུས་པའི་ལྡི་ལི་བོད་སྒར་བསམ་ཡས་གླིང་དང་ལ་དྭགས་རྡ་རམ་ཤ་ལ་བཅས་ཀྱི་འཐུས་མི་རྣམ་པ་དང་།   དོན་གཅོད་ཀྱི་ལས་བྱེད་པ་བཅས་ནས་ཁོང་ལ་འཚམས་འདྲི་ཞུས་ཡོད་པ་རེད།

Jigmey Jungney Delhi Bureau

འབྲེལ་ཡོད་གསར་གནས།

གསར་གནས།