Tibetan Royal Year of 2151 | Year of the Wood Dragon

ཤོག་བུ་དཀར་པོའི་ལས་འགུལ་སྐབས་འཛིན་བཟུང་བྱས་པ་གཙོས་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས།

Tibetan News Headlines

  • Dalai Lama honored with PV Narasimha Rao Memorial Award
  • Xi Jinping appoints senior diplomat Xu Feihong as China’s new envoy to India
  • US revokes licences for supply of chips to China’s Huawei
  • China’s Xi Arrives in Serbia to Bolster Ties With Europe’s East
  • Kyirong Jowo welcomed into the Main Temple in Dharamshala for public viewing and worship

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༨

  • ༸གོང་ས་མཆོག་ལ་ Narasimha Rao རྗེས་དྲན་གྱི་ཞེ་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ།
  • Xu Feihong རྒྱ་གར་བཅའ་སྡོད་རྒྱ་ནག་གཞུང་ཚབ་པ་གསར་པར་བསྐོ་གཞག
  • ཨ་རིས་རྒྱ་ནག་ཧྭའོ་ཝེ་བཟོ་ལས་ཁང་ལ་ཁ་པར་བཟོ་སྐྲུན་སོགས་ཀྱི་ནང་བཀོལ་སྤྱོད་བྱེད་པའི་ Chip མཁོ་སྤྲོད་ཀྱི་ཆོག་མཆན་ཕྱིར་
  • ཞི་ཅིན་ཕིང་གི་ཡོ་རོབ་སྐོར་བསྐྱོད་ཁྲོད་རྒྱ་ནག་དང་མཐུན་ཕྱོགས་རྒྱལ་ཁབ་ Serbia ནང་དུ་འབྱོར་བ།
  • སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོའི་རྟེན་ངོ་སྤྲོད།

དེ་རིང་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་དུ་ཉེ་ཆར་རྒྱ་ནག་ནང་ཤོག་བུ་དཀར་པོའི་ལས་འགུལ་སྤེལ་བའི་ཁྲོད་འཛིན་བཟུང་བྱས་པའི་མི་སྣ་དང་སྤྱིར་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་གཞུང་གིས་བཙོན་འཇུག་འོག་ཡོད་པའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པའི་ལས་འགུལ་ཞིག་སྤེལ་ཡོད།དེ་རིང་ཐེ་ཝན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་གོ་སྒྲིགས་འོག་སྔ་དྲོ་ཕྱག་ཚོད་ ༡༠་༣༠ ཐོག་ཐེ་ཝན་གྱི་རྒྱལ་ས་ཐེ་པེར་གསར་་འགོད་ལྷན་ཚོགས་ གནང་སྟེ་བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་གཙོས་ཐེ་ཝན་ནང་གི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་བཅས་མཉམ་ཞུགས་གནང་འདུག་པ་དང་། སྐབས་དེར་ཉེ་ཆར་རྒྱ་ནག་ཏུ་མང་ཚོགས་ཀྱིས་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ལ་ངོ་རྒོལ་གནང་སྟེ་ཤོག་བུ་དཀར་པོའི་ལས་འགུལ་སྤེལ་བའི་ཁྲོད་འཛིན་བཟུང་བྱས་པའི་མི་སྣ་དང་སྤྱིར་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་གཞུང་གིས་བཙོན་འཇུག་འོག་ཡོད་པའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པའི་གཏམ་བཤད་དང་གོ་རྟོགས་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།

བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་གསར་འཛུགས་གནང་མཁན་དང་ཚོགས་གཙོ་གཞོན་པ་བཀྲིས་ཚེ་རིང་ལགས་ཀྱིས་གསར་འགོད་ལྷན་ཚོགས་ཐོག་བོད་མི་རྣམས་ཀྱིས་ལོ་ངོ་ ༦༠ ལྷག་གི་རིང་བོད་ཕྱི་ནང་གཉིས་སུ་བོད་ཀྱི་རྩ་དོན་སླད་སྙིང་སྟོབས་ཞུམ་པ་མེད་པར་མུ་མཐུད་ནས་ ལས་འགུལ་སྤེལ་བཞིན་ཡོད་པ་དང་། དེ་བཞིན་ཡུ་གུར་དང་ཧོང་ཀོང་མང་ཚོགས་ཚོས་ཀྱང་དེ་ལྟར་གནང་བཞིན་ཡོད་སྐོར་གསུངས་པ་དང་ཆབས་ཅིག རྒྱ་ནག་ནང་མང་གཙོའི་བཅོས་བསྒྱུར་ཡོང་བར་ཚང་མར་འགན་གཅིག་མཚུངས་ཡོད་ཅེས་གཏམ་བཤད་གནང་འདུགའདས་ལོར་རྒྱ་ནག་ཏུ་ཏོག་དབྱིབས་གཉན་རིམས་ ༡༩ པའི་གཉན་སྲིན་གསར་པ་ཁྱབ་གདལ་འོག སྲིད་གཞུང་གིས་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་རྐྱེན་གྱིས་མང་ཚོགས་རྣམས་ལ་གཉན་རིམས་ལས་ཆེས་ངལ་བ་འཕྲད་པའི་ཁྲོད་ཕྱི་ཟླ་ ༡༡ ཚེས་ ༢༤ ཉིན་ཤིན་ཅང་གི་རྒྱལ་ས་ Urumqi ནང་ཁང་རྩིག་ཞིག་ལ་མེ་སྐྱོན་ཕོག་པའི་དབང་གིས་མི་མང་པོའི་ཚེ་སྲོག་ཤོར་བ་དང་འབྲེལ་ཏེ་ཤིན་ཅང་ནས་ཐོག་མར་དབུ་འཛུགས་ཀྱིས་རིམ་བཞིན་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་འདྲ་མིན་ནང་མང་ཚོགས་ཀྱིས་གཞུང་གི་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ལ་ངོ་རྒོལ་གྱི་ལས་འགུལ་མང་དག་ཅིག་སྤེལ་ཡོད་པ་ལྟར་རྒྱ་ནག་དམར་པོའི་སྲིད་གཞུང་འོག་མང་ཚོགས་ལ་སྨྲ་བརྗོད་དང་བསམ་བློའི་རང་དབང་ལ་དམ་བསྒྲགས་གང་བྱས་མངོན་གསལ་དང་སྦྲགས་ནས་ཤོག་བུ་དཀར་པོའི་ལས་འགུལ་སྤེལ་ཡོད་པ་རེད། ཕྱི་ཟླ་ ༡༢ ཚེས་ ༨ ནས་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ཡོངས་རྫོགས་ཕྱིར་བསྡུ་བྱས་ཡོད་པ་དེ་ལྟར་ཡང་། ལས་འགུལ་སྤེལ་སྐབས་སུ་མང་ཚོགས་མང་དག་ཅིག་འཛིན་བཟུང་བྱས་ཡོད་པར་མ་ཟད་དུས་ད་ལྟའང་ལས་འགུལ་དེར་མཉམ་ཞུགས་གནང་མཁན་དང་འབྲེལ་བ་ཡོད་མཁན་རྣམས་ལ་འདྲི་རྩད་ཀྱིས་དམ་བསྒྲགས་བྱེད་མུས་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།