Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བྱང་ཨ་རིའི་ཁུལ་དུ་གཞུང་འབྲེལ་སྐོར་བསྐྱོད་གནང་བཞིན་པ།

Tibetan News Headlines

  • HHDL gives audience to devotees of Dipankara Buddhist Centre
  • Taiwan’s new president takes office, calls on China to cease hostile actions
  • Tibetan delegation attends Lai Ching-te’s swearing-in ceremony, meets newly re-established parliamentary group for Tibet
  • US urges China to immediately account for Panchen Rinpoche’s whereabouts and well-being
  • Is the Panchen Lama alive or dead? Tashi Lhunpo’s Deputy Abbot speaks at FCCC

རེས་གཟའ་ཟླ་བ། ༢༠༢༤།༠༥།༢༠

  • སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ནི་སྟོན་པའི་བསླབ་བྱ་གཙོ་བོ་དེ་ཡིན་པ་བཀའ་བསྩལ་འདུག
  • ཐེ་ཝན་མི་མང་གི་རང་ཐག་རང་གཅོད་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་དང་རྒྱ་གཞུང་ལ་དྲག་པོའི་འཇིགས་སྐུལ་མཚམས་འཇོག་དགོས་པའི་སྐུལ་འདེབས།
  • ཐེ་ཝན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ལྷན་ཞུགས།
  • ཨ་རི་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང་སྐུ་ཁམས་བདེ་ཐང་ཡིན་མིན་གསལ་བཏོན་དགོས་པའི་ཞུ་སྐུལ།
  • ༸པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་པ་སོགས་དོན་ཚན་ལྔ་ཅན་གྱི་རེ་འབོད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་བ་འདིའི་ཚེས་ ༤ ནས་ ༢༡ བར་ཁེ་ན་ཌ་དང་ཨ་མི་རི་ཀའི་ནང་དུ་གཞུང་འབྲེལ་ཕྱོགས་བསྐྱོད་སླད་ཆེད་ཕེབས་གནང་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྲིད་སྐྱོང་མཆོག་ཁེ་ན་ཌ་དང་ཨ་རི་ནང་དུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ་དང་། ཐེངས་འདིའི་ཕྱོགས་བསྐྱོད་ཐོག་སྲིད་སྐྱོང་མཆོག་ནས་ས་ཁུལ་དེ་དག་གི་གྲོས་ཚོགས་འཐུས་མི་དང་གཞུང་འབྲེལ་མི་སྣ་གཙོས་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་རྒྱུ་དང་། ས་གནས་དེ་དག་གི་བོད་པའི་སྤྱི་ཚོགས་དང་ལྷན་དུ་མཇལ་མོལ་གནང་རྒྱུ་མ་ཟད། ཞིབ་འཇུག་ལྟེ་གནས་ཁང་ཁག་གི་ལྷན་ཚོགས་ཤིག་གི་ཐོག་ལ་ཡང་མཉམ་ཞུགས་གནང་རྒྱུ་རེད་འདུག

མཛད་རིམ་ལྟར་ན་ཐེངས་འདིའི་སྐོར་བསྐྱོད་ཁྲོད་སྲིད་སྐྱོང་མཆོག་ནས་ཚེས་ ༥ ནས་ ༡༡ བར་ཁེ་ན་ཌའི་ Ontario མངའ་སྡེའི་རྒྱལ་ས་ Toronto དང་ Quebec མངའ་སྡེའི་ Montreal གྲོང་ཁྱེར་གཉིས་ནང་འཚམས་གཟིགས་གནང་རྗེས་ཚེས་ ༡༢ ནས་ ༡༩ བར་ཨ་རིའི་ Vermont དང་ Boston དེ་རྗེས་རྒྱལ་ས་ Washington DC ནང་དུ་སྐོར་བསྐྱོད་གནང་རྒྱུ་རེད་འདུག

ཁ་སང་ Toronto གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་གཙོ་བསོད་ནམས་ལྷག་དཀར་ལགས་ཀྱིས་སྤྱི་ཚོགས་དྲ་ལམ་ཐོག་བརྙན་ཐུང་ཞིག་འདོན་སྤེལ་བརྒྱུད་སྲིད་སྐྱོང་མཆོག་དེ་རིང་ཁེ་ན་ཌར་ཕེབས་འབྱོར་གནང་རྗེས་སང་ཉིན་རེས་གཟའ་སྤེན་པའི་ཉིན་རྒྱབ་གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་ཁང་དུ་ས་གནས་བོད་མི་མང་ཚོགས་དང་མཇལ་འཕྲད་གསུངས་བཤད་དང་། དྲི་བ་དྲི་ལན་སོགས་གནང་གྲུབ་རྗེས་ཕྱི་དྲོར་གསོལ་ཚིགས་དང་སྒོར་གཞས་སོགས་ཀྱི་ལས་རིམ་ཐོག་མཉམ་ཞུགས་གནང་རྒྱུ་དང་། དེ་རྗེས་རེས་གཟའ་ཉི་མའི་ཉིན་གངས་ལྗོངས་ཆོས་ལྡན་གླིང་གི་གཟའ་མཇུག་སློབ་གྲྭར་གཟིགས་སྐོར་དང་ཁུལ་དེའི་བོད་རིགས་གཞོན་སྐྱེས་ལྷན་དུ་མཇལ་མོལ་ཀྱི་ལས་རིམ་བསྐྱངས་རྗེས་ཁུལ་དེའི་ཆོས་ཚོགས་ཁག་གི་འགན་འཛིན་རྣམ་པའི་ལྷན་དུ་མཇལ་འཕྲད་གནང་གཏན་ཁེལ་ཡོད་པ་གསུངས་འདུག

གཞི་རྩའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཉེ་ཆར་ཚེས་ ༢ མམ་བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཉིན་བཞུགས་སྒར་དུ་བོད་སོག་གི་འབྲེལ་ལམ་སླར་གསོ་དང་འབྲེལ་བའི་ཚོགས་འདུའི་མཇུག་བསྡོམས་མཛད་སྒོའི་ཐོག་ལྷན་བཞུགས་སྐབས་ཀྱི་གསུང་བཤད་ཁྲོད། བོད་མིའི་སྒྲིག་འཛུགས་ནས་དབུ་མའི་ལམ་གྱི་སྲིད་བྱུས་འོག་ཤར་བསྐྱོད་གནང་བའི་ཐོག་ནས་བོད་དེ་ལོ་རྒྱུས་ཐོག་རང་བཙན་རྒྱལ་ཁབ་ཡིན་པ་གསལ་སྟོན་གནང་སྟེ་རྒྱ་ནག་གི་ལོ་རྒྱུས་འཁྱོག་བཤད་ལ་ཁ་གཏད་འཇོག་རྒྱུའི་ཐབས་བྱུས་ཀྱི་འགྱུར་བའི་སྐོར་དང་། དེ་དོན་སྔ་ལོ་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་བོད་དེ་ལོ་རྒྱུས་ཐོག་རང་བཙན་རྒྱལ་ཁབ་ཅིག་ཡིན་ཞིང་ད་ལྟའི་ཆར་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་དགོས་སྐོར་སོགས་འཁོད་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱིས་རྒྱབ་སྐྱོར་ཐོག་གཏན་འབེབས་གནང་ཟིན་པའི་རྗེས་སུ། གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་དེར་རྒྱབ་སྐྱོར་ཐོབ་ཐབས་སླད་ད་ལན་ཨ་རིའི་ནང་དུ་བསྐྱོད་རྒྱུ་ཡིན་སྐོར་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།