ཨ་རིའི་ནིའུ་ཡོག་ཏུ་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་སྤུར་སྒམ་གདན་ཞུའི་གོམ་བགྲོད་ལས་འགུལ་སྤེལ་བ།

Tibetan News Headlines

  • Tibetans Welcome Centre’s Move to Allot Bungalow to Dalai Lama in Lutyens’ Delhi
  • China’s treatment of Tibet is a template for its ambitions worldwide: Sikyong Penpa Tsering
  • More Than 140 Tibet Support Groups Call for Investigation into Attack on South Africa Office of Tibet
  • Chinese Technology Company Huawei Found Guilty of Stealing US Trade Secrets
  • China’s Rising Star and Shanghai Party chief Chen Jining under investigation
  • The Fourth International Buddhist Conference Held at Sera Jey Monastery
  • CTA Reaffirms Zero Tolerance for Gender Based Violence and Discrimination

ཪེས་གཟའ་ལྷག་པ། ༢༠༢༦།༡༡།༢༥

  • རྒྱ་གར་གཞུང་གིས་༸གོང་ས་མཆོག་ལ་ལྡི་ལིར་བཞུགས་གནས་ཤིག་ཕུལ་བར་བོད་མིས་དགའ་བསུ་ཞུ་བཞིན་པ།
  • བོད་ནང་དུ་རྒྱ་གཞུང་གི་བྱེད་བབ་དེ་ནི་འཛམ་གླིང་ཡོངས་ལ་བཟུང་བའི་དམིགས་ཡུལ་གྱི་དཔེ་མཚོན་རེད་ཅེས་ཉེན་བརྡ་བཏང་འདུག
  • ལྷོ་ཨ་ཧྥི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་ཁང་ལ་སྣུམ་གྱི་མེ་སྲེག་བཏང་བའི་གནད་དོན་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པ་ ༡༤༠ ལྷག་གི་ཞིབ་འཇུག་བྱེད་དགོས་པའི་འབོད་སྐུལ།
  • རྒྱ་ནག་གི་འཕྲུལ་ལས་ཁང་ཧུ་ཧ་ཝེས་ཨ་རིའི་ཚོང་དོན་གསང་བ་རྐུ་ཁྱེར་བྱས་པར་ཁྲིམས་བཅད་བཏང་འདུག
  • རྒྱ་ནག་གིས་ཧྲང་ཧའི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཅཱེན་ཇི་ནིང་ལ་ཁྲིམས་འགལ་བྱ་སྤྱོད་ཀྱི་དོགས་གཞིའི་འོག་ཞིབ་བཤེར་བྱེད་བཞིན་འདུག
  • སེར་བྱེས་མཁས་སྙན་གྲྭ་ཚང་དུ་རྒྱལ་སྤྱིའི་ནང་ཆོས་བགྲོ་གླེང་ཚོགས་ཆེན་ཐེངས་ ༤ པ་འཚོགས་འདུག
  • བོད་མིའི་སྒྲིག་འཛུགས་ནས་ཕོ་མོ་དབྱེ་འབྱེད་ཀྱི་རྩུབ་སྤྱོད་རིགས་ལ་བཟོད་སྲན་རྩ་བ་ནས་མེད་ཅེས་བསྐྱར་ནན་གནང་འདུག

ཨ་རིའི་ནང་གི་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོར་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་མཆོག་གི་བདུན་ཚིགས་གཉིས་པ་དང་བསྟུན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ནས་རྒྱ་ནག་གཞུང་ཚབ་ཁང་བར་དམ་པ་ཁོང་གི་སྤུར་སྒམ་གདན་ཞུའི་གོམ་བགྲོད་ལས་འགུལ་སྤེལ་བ་མ་ཟད། ས་གནས་གཞོན་ནུའི་ཚོགས་མི་དྲུག་ནས་རྒྱ་ནག་གཞུང་ཚབ་ཁང་ནང་བསྐྱོད་ཐབས་ཀྱིས་བོད་དོན་ཞུ་ཡིག་སྤྲད་ཐུབ་པ་བྱུང་འདུག  

Tibetans in New York Hold Peace March, Deliver Demand Letter to Chinese Consulate Ahead of Pawo Lobga Rangzen's Remains Arrival
པར་དབང་། NYNJ RTYC

དེ་ཡང་ཨ་རིའི་ནང་གི་སྔ་དྲོ་ཕྱག་ཚོད་ ༩ པའི་ཐོག་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྣེ་ཁྲིད་འོག བོད་མི་རྣམས་ནས་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་མཆོག་གི་སྤུར་སྒམ་བསྣམས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱ་ནག་གཞུང་ཚབ་ཁང་བར་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བ་དང་ཆབས་ཅིག ས་གནས་གཞོན་ནུའི་ཚོགས་མི་དྲུག་ནས་རྒྱ་ནག་གཞུང་ཚབ་ལ་བོད་རང་བཙན་གཙང་མ་ཡིན་པ་དང་བོད་ཐོག་འཛིན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་མཚམས་འཇོག་དགོས་པའི་དགོས་འདུན་ཡི་གེ་སྤྲོད་རྒྱུའི་ཐབས་ཤེས་བྱེད་སྐབས་བོད་མི་གཞན་ཁག་གཅིག་ཀྱང་ཚོར་ཤུགས་ཆེན་པོས་རྒྱ་ནག་གཞུང་ཚབ་ཁང་ནང་བསྐྱོད་ཐབས་ཀྱིས་ངོ་རྒོལ་གནང་པར་རྒྱ་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོས་ལྕག་སྒོ་བརྒྱབ་ཏེ་ཉེན་རྟོག་པ་སྐད་གཏང་རྩིས་བྱེད་འདུག དེའི་སྐོར་ནིའུ་ཡོག་ནིའུ་ཇར་སི་ས་གནས་གཞོན་ནུའི་ཚོགས་གཙོ་འཇམ་དཔལ་ཆོས་བཟང་ལགས་སུ་དེ་རིང་སྔ་དྲོ་བཀའ་འདྲི་ཞུས་ཡོད།

Tibetans in New York Hold Peace March, Deliver Demand Letter to Chinese Consulate Ahead of Pawo Lobga Rangzen's Remains Arrival
པར་དབང་། NYNJ RTYC

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དེ་རིང་རྒྱ་ནག་གཞུང་ཚབ་ལ་སྤྲད་པའི་དགོས་འདུན་ཡི་གེ་དེའི་ནང་། བོད་མི་ཚོས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཟེར་བར་བོད་ལ་ཁྲིམས་འགལ་གྱི་བཙན་བཟུང་མཚམས་འཇོག་བྱས་ནས་བོད་མི་རྣམས་ཀྱི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས་པ་དང་། བོད་མིའི་ཁྲིམས་མཐུན་གྱི་རེ་འདུན་ངོས་འཛིན་བྱས་ཏེ་བོད་ཀྱི་རང་བཙན་སླར་གསོ་བྱེད་དགོས་པ་མ་ཟད། མཐར་ཐུག་གི་ཞི་བདེ་དང་བརྟན་ལྷིང་ནི་གཉའ་གནོན་དང་དྲག་ཤུགས་ཀྱི་ཐོག་ནས་སྒྲུབ་ཐབས་མེད་པར་དེའི་ཚབ་ཏུ་བོད་མིའི་མངོན་འདོད་ལ་བརྩི་འཇོག་བྱས་ཏེ། བཙན་འཛུལ་མཚམས་འཇོག་བྱས་པའི་བརྒྱུད་ནས་མ་གཏོགས་ཡོང་མི་ཐུབ་པར་གསུངས་ཏེ། ཁོང་ཚོས་རྒྱ་ནག་ལ་གནོན་ཤུགས་ལས་དྲང་བདེན་དང་། དབང་སྒྱུར་ལས་རང་དབང་། དེ་བཞིན་མུ་མཐུད་འཐབ་རྩོད་ལས་ཞི་བདེ་འདེམས་དགོས་པར་སྐུལ་མ་བྱེད་ཀྱི་ཡོད་ཅེས་བཀོད་འདུག མ་ཟད་ཁ་སང་ཉིན་རྒྱབ་ཕྱག་ཚོད་ ༤ ནས་ ༦ བར་ནིའུ་ཡོག་ནིའུ་ཇར་སི་ས་གནས་བོད་མི་མང་ཚོགས་ཀྱིས་མུ་མཐུད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་འདུག

Tibetans in New York Hold Peace March, Deliver Demand Letter to Chinese Consulate Ahead of Pawo Lobga Rangzen's Remains Arrival
པར་དབང་། NYNJ RTYC

སྤྱིར་དབྱིན་ཡུལ་རྒྱལ་ས་ལོན་ཌོན་ནང་དུའང་དེ་སྔོན་ས་གནས་བོད་མི་ཚོས་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་མདུན་དུ། རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་དོན་དུ་སྐུ་ལུས་མེར་བསྲེགས་བཏང་པར་ཞི་བའི་ངོ་རྒོལ་ལས་འགུལ་ཞིག་སྤེལ་ཡོད་པ་དང་སྐབས་དེར་རྒྱ་ནག་གཞུང་ཚབ་ཁང་གི་བདེ་སྲུང་མི་སྣ་ཚོས་གློག་རྒྱུག་མཚོན་ཆ་བེད་སྤྱོད་བཏང་སྟེ་ཞི་རྒོལ་བ་ཚོར་དྲག་པོའི་འཇིགས་སྐུལ་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད།

ཁ་སང་བརྒྱུད་ལམ་ཁག་ཏུ་དོན་རྐྱེན་དེ་དང་འབྲེལ་བའི་གནས་ཚུལ་གསར་དུ་ཐོན་པ་ལྟར་ན། ལོན་ཌོན་ཉེན་རྟོག་པས་གོང་ཞུས་དོན་རྐྱེན་དེའི་བརྙན་པར་ལ་ཞིབ་འཇུག་བྱེད་བཞིན་འདུག་ལ། བོད་མི་ཞི་རྒོལ་བ་ཚོས་བརྙན་པར་དེའི་ནང་རྒྱ་ནག་གི་བདེ་སྲུང་ལས་བྱེད་པས་གློག་རྒྱུག་མཚོན་ཆ་བེད་སྤྱོད་བྱེད་བཞིན་པ་མཚོན་གྱི་ཡོད་ཅེས་འགྲེལ་བརྗོད་གནང་སྟབས། མཚོན་ཆ་འདི་དག་དབྱིན་ཡུལ་ནང་ཁྲིམས་འགལ་ཡིན་ཞིང་། ཁྲིམས་ལུགས་གང་ཞིག་ལ་འགལ་འཛོལ་བྱུང་མིན་ཐད་ཉེན་རྟོག་པས་ཞིབ་འཇུག་བྱེད་མུས་རེད་འདུག

UK China Embassy Threat
པར་དབང་། Free Tibet UK

འབྲེལ་ཡོད་གསར་གནས།

Previous article
Next article

གསར་གནས།