Tibetan Royal Year of 2151 | Year of the Wood Dragon

ཨ་རིར་བོད་མི་གཞིས་སྤོས་ཀྱི་ལས་གཞིར་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ Barney Frank ལགས་ལ་ཆེ་བསྟོད་ཞུས་པ།

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

ཨ་རིའི་ Massachusetts ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་ལོ་གསར་ཚེས་གཅིག་ཉིན་གྱི་དགའ་སྟོན་འདུ་འཛོམས་ཐོག་དེ་སྔ་ཕྱི་ལོ་ ༡༩༩༢ ལོར་ཨ་རིར་བོད་མི་གཞིས་སྤོས་ཀྱི་ལས་གཞི་ཐད་རོགས་རམ་དང་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ Barney Frank ལགས་དང་འབྲེལ་ཡོད་ཁག་ཅིག་ལ་ཆེ་བསྟོད་ཞུས་གནང་འདུག


ལོ་གསར་པའི་རྟེན་འབྲེལ་དང་ཨ་རིར་བོད་མི་གཞིས་སྤོས་ཀྱི་ལས་གཞི་ཁྲོད་ Massachusetts མངའ་ཁུལ་དུ་བོད་མི་ཐོག་མར་འབྱོར་ནས་ལོ་ངོ་ ༣༡ འཁོར་བའི་དུས་སྐབས་དང་བསྟུན་ Massachusetts ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་སྐུ་ཞབས་ Barney Frank ལགས་ལ་ཆེ་བསྟོད་ཞུས་འདུག་པ་དང་། སྐབས་དེར་ཚོགས་གཙོ་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་གསུང་བཤད་ཁྲོད་སྐུ་ཞབས་ Frank ལགས་ཀྱིས་གཙོས་འབྲེལ་ཡོད་རྣམས་ནས་ཨ་རིར་བོད་མི་གཞིས་སྤོས་ཀྱི་ལས་གཞིར་ཐོག་མ་ཉིད་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་པར་བཀའ་དྲིན་ཆེ་ཞེས་གསུངས་འདུག


མ་ཟད་ས་གནས་དེར་གནས་བཞུགས་བོད་མི་མང་སྤྱི་འཐུས་དོན་གྲུབ་ཚེ་རིང་ལགས་ཀྱིས་སྐུ་ཞབས་ Barney Frank ལགས་དེ་སྔ་གྲོས་ཚོགས་འཐུས་མི་ཡིན་པའི་སྐབས་གྲོས་ཚོགས་སུ་བོད་མི་གཞིས་སྤོས་ཀྱི་ཁྲིམས་འཆར་ཆེད་འདོན་གནང་ཡོད་ཅིང་། ལས་གཞི་དེའི་བརྒྱུད་རིམ་སྤྱི་ལ་རོགས་རམ་ཤུགས་ཆེ་གནང་པ། དེ་བཞིན་ Edward Bednar ལགས་ཀྱིས་སྣེ་ཁྲིད་པའི་ས་གནས་དང་བླངས་རུ་ཁག་དང་སྒེར་སོགས་ནས་བོད་མི་རྣམས་ས་གནས་དེར་ཐོག་མར་འབྱོར་སྐབས་ནས་བཟུང་དགོས་ངེས་རོགས་སྐྱོར་གང་ཡོང་གནང་པར་ཐུགས་རྗེ་ཆེ་ཞེས་གསུངས་ཏེ། ལས་གཞི་དེས་ད་བར་ས་གནས་བོད་མི་ཚོས་བོད་མིའི་སྐུ་ཚབ་མཚོན་པའི་ཐོག་བོད་ཀྱི་རིག་གཞུང་སྲུང་སྐྱོབ་སོགས་ལ་ནུས་པ་གང་ལེགས་ཆེད་འདོན་གནང་ཐུབ་ཡོད་པ་གསུངས་འདུག


རྩ་བའི་སྐུ་ཞབས་ Barney Frank ལགས་ནི་ཕྱི་ལོ་ ༡༩༩༢ ལོའི་ཨ་རིར་བོད་མི་གཞིས་སྤོས་ཀྱི་ལས་གཞི་དང་འབྲེལ་བའི་ཁྲིམས་འཆར་ཨ་རིའི་གྲོས་ཚོགས་ནང་ཆེད་འདོན་གནང་མཁན་དང་ལས་གཞི་དེར་རྒྱབ་སྐྱོར་གནང་མཁན་གཙོ་བོ་ཞིག་ཡིན་པ་རེད།


ད་རེས་ལོ་གསར་གྱི་རྟེན་འབྲེལ་མཛད་སྒོའི་ཐོག་ས་གནས་བོད་མི་རྣམས་ནས་ཁོང་དང་འབྲེལ་ཡོད་ཚོར་ཆེ་བསྟོད་ཞུས་པར་ཐུགས་རྗེ་ཆེ་ཞུ་དང་སྦྲགས། ཨ་རི་ནང་བོད་མི་གཞིས་གནས་ཐུབ་པ་དེས་བོད་མི་ཚོར་ཕན་ཐོགས་ཙམ་མ་ཡིན་པར་ཨ་རིའི་རྒྱལ་ཁབ་ནང་མི་རིགས་དང་རིག་གཞུང་གསར་པ་ཞིག་འཛུགས་ཐུབ་པ་སོགས་ཀྱི་དགེ་མཚན་ཆེན་པོ་བྱུང་ཡོད་ཅེས་གསུངས་པ་མ་ཟད། མི་རིགས་དང་རིག་གཞུང་སྣ་འཛོམས་མཉམ་གནས་ཐུབ་རྒྱུ་ནི་ཨ་རིའི་རྒྱལ་ཁབ་ཀྱི་སྒལ་ཚིགས་ལྟ་བུ་ཆགས་ཡོད་ཅེས་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།