Tibetan Royal Year of 2151 | Year of the Wood Dragon

Belleville གྲོང་སྡེ་ནང་ལོ་གསར་དང་བསྟུན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ལ་རྒྱ་ནག་གིས་འགོག་རྒོལ།

Tibetan News Headlines

  • EU-China relations and significance of Xi Jinping’s Europe visit: Discussion

རེས་གཟའ་པ་སངས། ༢༠༢༤།༠༥།༡༡

  • ཞི་ཅིན་ཕིང་གི་ཐེངས་འདིའི་ཡོ་རོབ་སྐོར་བསྐྱོད་ཀྱི་གནད་འགག་དང་། རྒྱ་ནག་དང་ཡོ་རོབ་དབར་གྱི་འབྲེལ་ལམ་སྐོར་གླེང་མོལ་གྱི་ལས་རིམ།

ཨ་རིའི་ New Jersey ཁྱབ་ཁོངས་ Belleville གྲོང་སྡེ་སྤྱི་ཁྱབ་དབུ་བཞུགས་ཐོག་ཟླ་བ་འདིའི་ཕྱི་ཚེས་ ༩ སྟེ། བོད་ཀྱི་ལོ་གསར་གྱི་སྔ་ནུབ་ཏུ་གྲོང་སྡེ་ཚོགས་ཁང་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བརྒྱུད་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་ཡོད་པ་དང་འབྲེལ། ཨ་རིའི་ནིའུ་ཡོག་ནང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་འབྲེལ་སྐུ་ཚབ་པས་དེར་འགོག་རྒོལ་བྱས་འདུག

དེ་ཡང་ Belleville གྲོང་སྡེ་སྤྱི་ཁྱབ་པ་ Michael Melham ལགས་དབུ་བཞུགས་ཐོག་ཁུལ་དེའི་གྲོང་སྡེའི་ཚོགས་ཁང་ནང་ཉིན་དེར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་མ་བྱས་པའི་སྔོན་དུ་ཨ་རིའི་ནིའུ་ཡོག་ནང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་གི་སྐུ་ཚབ་ Huang Ping ཟེར་བས་གྲོང་སྡེའི་སྤྱི་ཁྱབ་པ་ལ་ཡི་གེ་བཏང་སྟེ་བོད་ཀྱི་རྒྱལ་དར་དེའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་མཚོན་གྱི་ཡོད་པ་དང་། སྒྲིག་འཛུགས་དེ་ནི་ཁྲིམས་འགལ་ཅན་གྱི་ཁ་བྲལ་རིང་ལུགས་པའི་ཚོགས་པ་ཞིག་ཡིན་པར་འཛམ་གླིང་རྒྱལ་ཁབ་སུས་ཀྱང་ངོས་ལེན་མེད་པ་ཞིག་ཡིན་ཞིང་། བོད་འདི་གནའ་རབས་ནས་རྒྱ་ནག་གི་ཆ་ཤས་ཡིན་པ་མ་ཟད། གནད་དོན་དེ་ནི་རྒྱ་ནག་རྒྱལ་ནང་གི་གནད་དོན་ཡིན་ལུགས་བཤད་འདུག

ལྷག་པར་ཨ་རིའི་ངོས་ནས་བོད་འདི་རྒྱ་ནག་གི་ཆ་ཤས་སུ་ཁས་ལེན་བྱེད་ཀྱི་ཡོད་པ་དང་། བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་སྟབས། རྒྱལ་དར་སྒྲེང་འཛུགས་ཀྱི་ལས་གཞི་དེར་ཡང་བསྐྱར་བསམ་ཞིབ་བྱ་དགོས་ཤིང་། ཨ་རི་དང་རྒྱ་ནག་གི་འབྲེལ་བ་ལའང་དགོངས་བཞེས་གནང་དགོས་ལུགས་བཤད་འདུག

Belleville གྲོང་སྡེ་སྤྱི་ཁྱབ་པ་ Michael Melham ལགས་ཀྱིས་ཁོང་རང་ཉིད་ཀྱི་སྤྱི་ཚོགས་དྲ་ལམ་ཐོག་ནིའུ་ཡོག་ནང་ཏུ་རྟེན་གཞི་བྱས་པའི་རྒྱ་གཞུང་སྐུ་ཚབ་ཀྱིས་ཁུལ་དེར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་གཞི་འགོ་འཛུགས་མ་ཞུས་གོང་ལས་གཞི་དེ་འགོག་ཐབས་བྱས་ཡོད་པར་འགྲེལ་བརྗོད་དང་འབྲེལ། ཁོང་གིས་ལས་གཞི་དེ་ནི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་། ལྷག་པར་གྲོང་སྡེའི་ཁྱབ་ཁོངས་དེ་འབྲེལ་མི་མང་ལ་ཆེ་བསྟོད་མཚོན་ཆེད་དུ་ཡིན་ཞེས་གསུངས་འདུག

མ་ཟད་ཁོང་གིས་ཐག་གཅོད་དེ་ནི་ཆབ་སྲིད་དང་འབྲེལ་བ་མེད་ཅེས་གསུངས་ཤིང་། དེ་འབྲེལ་རྒྱ་གཞུང་སྐུ་ཚབ་ལ་ཕར་ཡིག་ལན་ཞིག་གནང་བ་དེའི་ནང་རྒྱལ་དར་སྒྲེང་འཛུགས་ལེགས་གྲུབ་བྱུང་སོང་ཞེས་དང་། ལྷག་པར་ཁོང་གི་གྲོང་སྡེ་ནང་གི་འབོད་སྒྲ་ཚང་མར་གུས་བརྩི་ཞུ་གི་ཡོད་ཅེས་གསུངས་འདུག

སྐབས་དེར་རང་ལོ་ ༧༤ ལ་སོན་པའི་དབྱངས་ཅན་ལགས་ཀྱིས་ CBS གསར་ཁང་ལ་འགྲེལ་བརྗོད་གནང་དོན་དུ་ཁོང་རང་ཉིད་དེ་སྔོན་ཕྱི་ལོ་ ༡༩༦༠ སྐབས་བོད་ནས་བལ་ཡུལ། དེ་ནས་རྒྱ་གར་ནང་དུ་བཙན་བྱོལ་དུ་ཕེབས་པའི་དཀའ་སྡུག་གི་མྱོང་བ་ཁག་གཅིག་འགྲེལ་བརྗོད་དང་འབྲེལ། ཐེངས་འདིར་གྲོང་སྡེའི་སྤྱི་ཁྱབ་པས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་བར་སྙིང་དབུས་ནས་བཀའ་དྲིན་ཆེ་ཞེས་སོགས་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།