Tibetan Royal Year of 2151 | Year of the Wood Dragon

ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་བློན་ཆེན་མཆོག་ལ་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཐོག་བོད་དོན་གླེང་དགོས་པའི་ཞུ་སྐུལ།

Tibetan News Headlines

  • HHDL gives audience to devotees of Dipankara Buddhist Centre
  • Taiwan’s new president takes office, calls on China to cease hostile actions
  • Tibetan delegation attends Lai Ching-te’s swearing-in ceremony, meets newly re-established parliamentary group for Tibet
  • US urges China to immediately account for Panchen Rinpoche’s whereabouts and well-being
  • Is the Panchen Lama alive or dead? Tashi Lhunpo’s Deputy Abbot speaks at FCCC

རེས་གཟའ་ཟླ་བ། ༢༠༢༤།༠༥།༢༠

  • སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ནི་སྟོན་པའི་བསླབ་བྱ་གཙོ་བོ་དེ་ཡིན་པ་བཀའ་བསྩལ་འདུག
  • ཐེ་ཝན་མི་མང་གི་རང་ཐག་རང་གཅོད་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་དང་རྒྱ་གཞུང་ལ་དྲག་པོའི་འཇིགས་སྐུལ་མཚམས་འཇོག་དགོས་པའི་སྐུལ་འདེབས།
  • ཐེ་ཝན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ལྷན་ཞུགས།
  • ཨ་རི་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང་སྐུ་ཁམས་བདེ་ཐང་ཡིན་མིན་གསལ་བཏོན་དགོས་པའི་ཞུ་སྐུལ།
  • ༸པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་པ་སོགས་དོན་ཚན་ལྔ་ཅན་གྱི་རེ་འབོད།

རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་གནང་ཉེ་དང་བསྟུན་ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་བློན་ཆེན་མཆོག་ལ་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཐོག་བོད་དོན་ངེས་པར་དུ་གླེང་གནང་དགོས་པའི་ཞུ་སྐུལ་གནང་འདུག

ཟླ་ ༡༡ ཚེས་ ༡༦ ཉིན་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་གྲོས་ཚོགས་འཐུས་མི་ Dean Smith ལགས་དང་ Susan Templeman ལགས། དེ་བཞིན་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ Janet Elizabeth Rice ལགས་བཅས་ལས་གྲུབ་པའི་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་ཕྱི་སྲིད་བློན་ཆེན་ལྕམ་སྐུ་ Penny Wong མཆོག་གི་མཚན་ཐོག་ཏུ་ཕྱག་བྲིས་ཕུལ་བའི་ནང་ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༡ ནང་སུད་སི་ཇི་ནི་ཝ་གྲོང་ཁྱེར་དུ་རྒྱལ་ཚོགས་ཀྱིས་རྒྱ་ནག་ཐོག་དུས་བཀག་བསྐྱར་ཞིབ་གནང་གཏན་ཁེལ་བར་བརྟེན་བོད་རྒྱའི་དཀའ་རྙོག་དང་ལྷག་དོན་རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་སློང་གནང་དགོས་པའི་རེ་སྐུལ་ཞུས་པར་མ་ཟད། ཕྱི་སྲིད་བློན་ཆེན་མཆོག་གིས་ཀྱང་དུས་བཀག་བསྐྱར་ཞིབ་ཐོག་བོད་དང་བོད་མི་ཞེས་པའི་ཐ་སྙད་སྤྱོད་ནས་དངོས་སུ་བོད་དོན་གླེང་སློང་བ་ལས་རྒྱ་གཞུང་གིས་སྤྱོད་པའི་ཐ་སྙད་གྲངས་ཉུང་མི་རིགས་ལྟ་བུ་བཀོལ་སྤྱོད་མ་རོགས་ཞེས་འབོད་སྐུལ་ཞུས་འདུག

ཞུ་ཡིག་དེའི་ནང་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རྒྱ་གཞུང་ནས་མི་སེར་སྤེར་ཡུལ་གཏན་འཇགས་སློབ་གྲྭ་ཁག་བརྒྱུད་བོད་ཀྱི་རིག་གཞུང་དང་ངོ་བོ་རྩ་བརླག་གཏོང་ཐབས་བྱེད་བཞིན་པ་དང་ལག་ཤེས་སྦྱོང་བརྡར་ལ་བསྙད་དེ་བོད་མི་རྣམས་བཙན་ཤེད་འོག་ནས་ལས་དོན་གཉེར་བཅུག་པའི་གནས་སྟངས་ལ་ཐུགས་འཚབ་དང་ལྷག་དོན་རྒྱ་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་གནང་སྒོར་ཐེ་བྱུས་བྱེད་བཞིན་པར་ཨོ་སི་ཊོ་ལི་ཡ་གཞུང་ནས་རྒྱ་གཞུང་ལ་དེ་ལྟར་མཚམས་འཇོག་ཡོང་བའི་འབོད་སྐུལ་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་འདུག

དེ་བཞིན་ཨོ་སི་ཊོ་ལི་ཡ་སྲིད་གཞུང་གི་ངོས་ནས་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ལ་བརྩི་སྲུང་དང་བོད་མིའི་དཀའ་སྡུག་གི་ངོ་ཚབ་གནང་སྟེ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཁས་ལེན་ཁག་བསྒྲུབ་དགོས་པ་དང་། རྒྱལ་ཁབ་དེས་རྒྱ་ནག་དང་མཉམ་དུ་ཚོང་འབྲེལ་བསྐྱར་འཛུགས་སླད་ཁས་ལེན་དེ་དག་སྣང་མེད་དུ་གཏོང་རྒྱུ་མེད་པའི་རེ་བ་ཡོད་ཅེས་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།