Tibetan Royal Year of 2151 | Year of the Wood Dragon

ཉེ་སྔོན་བཞུགས་སྒར་དྷརྨ་ས་ལ་ནས་གནས་མཆོག་རྡོ་རྗེ་གདན་བར་བོད་དོན་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་བ་བོད་མི་འཇམ་དབྱངས་བསྟན་འཛིན་ལགས་སུ་བཅར་འདྲི།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

བོད་མི་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་འདི་ལོའི་ཟླ་ ༡༠ ཚེས་ ༡༢ ནས་ཟླ་ ༡༡ ཚེས་ ༡༡ བར་ང་ཚོས་བོད་ནམ་ཡང་མ་བརྗེད་ཅེས་པའི་འབོད་ཚིག་འོག་བཞུགས་སྒར་རྡ་རམ་ས་ལ་ནས་གནས་མཆོག་རྡོ་རྗེ་གདན་བར་ལམ་ཐག་སྤྱི་ལེ་ ༢༠༠༠ ལྷག་གི་རྐང་འཁོར་སྐོར་བསྐྱོད་ཀྱི་ཞི་བའི་ལས་འགུལ་སྤེལ་ཡོད་པ་རེད། ཁོང་གིས་ལས་འགུལ་དེ་སྤེལ་དགོས་པའི་དགོས་པ་རྒྱུ་མཚན་ནི་གནས་ཡུལ་རྒྱ་གར་ཡུལ་མིའི་ཁྲོད་དུ་བོད་དོན་དྲིལ་བསྒྲགས་བྱ་རྒྱུ་དང་། རྒྱལ་སྤྱིའི་དང་བོད་མིའི་སྤྱི་ཚོགས་ལ་བོད་མིའི་རང་དབང་འཐབ་རྩོད་དེ་ཁ་ཚ་དགོས་གཏུགས་དང་ཛ་དྲག་ཡིན་པའི་དྲན་སྐུལ། དེ་བཞིན་འཆར་ལོའི་ནང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་སྤྱི་དང་། བྱེ་བྲག་ཏུ་གྲོས་ཚོགས་ཚགས་ཚུད་ཡོང་བའི་སྨོན་འདུན་དང་། བོད་རིགས་གཞོན་སྐྱེས་ཚོར་བོད་དོན་ལས་འགུལ་སྤེལ་རྒྱུར་སེམས་ཤུགས་དང་སྐུལ་མ་སྦྱིན་རྒྱུ་བཅས་དོན་ཚན་བཞི་ལ་དམིགས་པ་ཞིག་ཡིན་པ་རེད།

གཞི་རྩའི་འཇམ་དབྱངས་བསྟན་འཛིན་ལགས་ལྟ་བུ་ཆ་མཚོན་ན། དྷེ་ར་དྷུན་གནས་སྡོད་བྱེད་མཁན་བོད་མི་ཞིག་ཡིན་པ་དང་འབྲེལ། ད་ལྟའི་ཆར་ཁོང་དགུང་ལོ་ ༦༣ ཡིན་པ་དང་། དུས་རྒྱུན་ནས་བོད་ཀྱི་གཞོན་ནུའི་ལས་འགུལ་སོགས་ཀྱི་ནང་མཉམ་ཞུགས་གནང་མཁན་ཞིག་ཡིན་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།